རྩིས་འཁོར་ཚན་རིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩིས་འཁོར་ཚན་རིག
རྩིས་འཁོར་ཚན་རིག(computer science)མིང་གི་ནང་དུ་རྩིས་འཁོར་ཞེས་པའི་མིང་འདི་འདུས་ཡོད་མོད་དོན་དངོས་སྟེང་རྩིས་འཁོར་ཚན་རིག་གི་གྲངས་ཚད་ངེས་ཅན་ཞིག་གི་ཁྱབ་ཁོངས་རྩིས་འཁོར་རང་སྟེང་གི་ཞིབ་འཇུག་ལ་འབྲེལ་བ་མེད། དེའི་རྐྱེན་མིང་གསར་ཁ་ཤས་གྲོས་གཞི་བཏོན་པའི་ནང་དུ་ཐོན། སློབ་གྲྭ་གནད་ཆེ་བ་ཁ་ཤས་ཀྱི་སྡེ་ཁག་ཀྱིས་ཐ་སྙད་རྩིས་རྒྱག་ཚན་རིག(computing science)བཀོལ་བར་ཕྱོགས་ཆེ། འདིས་ཞིབ་ཅིང་དག་པའི་སྒོ་ནས་གཉིས་ཀྱི་སྒོ་ནས་གཉིས་ཀའི་བར་ཀྱི་མི་འདྲ་ས་ནན་བཤད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
计算机科学
ཕྱི་ཡིག་གི་མིང་།
Computer Science
རིག་གཞུང་ཚན་ཁག
རིམ་པ་དང་པོའི་རིག་ཚན།


1 མཚམས་སྦྱོར།

ཏེན་མག་རྒྱལ་ཁབ་ཀྱི་ཚན་རིག་པPeter Naurཀྱིས་ཐ་སྙད“datalogy”བཀོལ་བར་གྲོས་གཞི་བཏོན་དེ་དོན་དངོས་འདི་མཚོན་ཡོད། གལ་སྲིད་ཚན་རིག་རིག་ཚན་ནི་གཞི་གྲངས་དང་གཞི་གྲངས་ཐག་གཅོད་ཀྱི་མཐའ་སྐོར་ཡོད་པ་ཡིན་ན། ངེས་པར་དུ་རྩིས་འཁོར་དང་འབྲེལ་མི་དགོས། ཆེས་ཐོག་མར་ཐ་སྙད་འདི་བཀོལ་མཁན་གྱི་ཚན་རིག་ལས་ཁུངས་ནི་ཀུ་པུན་ཧཱ་ཀེན་སློབ་ཆེན་གྱིDatalogyསློབ་གླིང་ཡིན། སློབ་གླིང་འདི1969ལོར་བཙུགས་ཤིངPeter Naurཆེས་ཐོག་མའི་དགེ་རྒན་ཆེན་མོ་ཡིན། ཐ་སྙད་འདི་བཀོལ་མཁན་གྱི་ས་གནས་གཙོ་བོ་ནི་ཡོ་གླིང་བྱང་མའི་རྒྱལ་ཁབ་ཡིན་ལ་དེ་དང་མཉམ་དུ་རྩིས་རྒྱག་ལག་རྩལ་འཕེལ་རྒྱས་ཀྱི་དུས་མགོར《ACMའཕྲིན་སྐྱེལ》ལས་རྩིས་རྒྱག་ཁྱབ་ཁོངས་ལ་དམིགས་ནས་ལས་ཞུགས་མི་སྣའི་ཐ་སྙད་འདི་གྲོས་གཞི་བཏོན་སྟེ། turingineer turologist flow-charts-man applied meta-mathematicianདངapplied epistemologistསོགས། ཟླ་གསུམ་གྱི་རྗེས་སུ་འདི་དང་འདྲ་བའི་དུས་དེབ་སྟེངcomptologistབཏོན་ཡོད། ལོ་གཉིས་པར་ཡང་བསྐྱརhypologistརུ་འགྱུར། ཐ་སྙད་computicsཡང་སྔོན་ཆད་བཏོན་མྱོང་། ཡོ་རོབ་གླིང་སྐམ་ས་ཆེན་མོར་འབྱུང་ཁུངས་ཆ་འཕྲིན(information)དང་རྩིས་རིག རང་འགུལ(automatic)གྱི་མིང་ནི་འབྱུང་ཁུངས་རྩིས་འཁོར་རམ་རྩིས་རྒྱག(computation)སོགས་ཆེས་རྒྱུན་མཐོང་ཡིན་དེ། དཔེར་ན། informatique(ཧྥ་རན་སེའི་སྐད)Informatik(འཇར་མན་གྱི་སྐད)informatika(ཟུ་ལ་ཧྥོའི་སྐད་རིགས)

མིང་དུ་གྲགས་པའི་རྩིས་འཁོར་ཚན་རིག་པEdsger Dijkstraཡིས་སྔོན་ཆད་འདི་འདྲ་ཞིག་བཏོན་ཡོད་དེ། “རྩིས་འཁོར་ཚན་རིག་དེ་རྩིས་འཁོར་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་མ་ཡིན་པ་ནི་གནམ་དཔྱད་རིག་པ་རྒྱང་ཤེལ་ཁོ་ན་ལས་མེད་པ་མིན་པ་དང་འདྲ("Computer science is no more about computers than astronomy is about telescopes.")འཆར་འགོད་དང་བཀོད་སྒྲིག་རྩིས་འཁོར་དང་རྩིས་འཁོར་རྒྱུད་ཁོངས་ནི་རྒྱུན་པར་རྩིས་འཁོར་ཚན་རིག་མ་ཡིན་པའི་རིག་ཚན་གྱི་ཁྱབ་ཁོངས་སྟེ། དཔེར་ན་རྩིས་འཁོར་གྱི་མཁྲེགས་ཆས་ལ་ཞིབ་འཇུག་བྱེད་པ་དེ་རྩིས་འཁོར་ལས་དོན་གྱི་ཆ་ཤས་སུ་བསམ་པ། དེ་ཚོང་ལས་རྩིས་འཁོར་རྒྱུད་ཁོངས་ཀྱི་ཞིབ་འཇུག་དང་སྒྲིག་གཤོམ་ཆ་འཕྲིན་ལག་རྩལ་ལམ་ཆ་འཕྲིན་རྒྱུད་ཁོངས་སུ་འབོད། འོན་ཀྱང་། ད་ལྟ་སྣ་མང་ཤིང་རྩིས་འཁོར་དང་འབྲེལ་བའི་རིག་ཚན་གྱི་བསམ་བློ་ཇེ་མང་ནས་ཇེ་མང་དུ་མཉམ་འདྲེས་བྱས་སྟབས། རྩིས་འཁོར་ཚན་རིག་ཞིབ་འཇུག་ཡང་རྒྱུན་དུ་རིག་ཚན་གཞན་པ་དང་བསྣོལ་ཡོད། དཔེར་ན་སེམས་ཁམས་རིག་པ། ཤེས་རྟོགས་ཚན་རིག སྐད་བརྡ་རིག་པ། གྲངས་རིག དངོས་ལུགས་རིག་པ། བསྡོམས་རྩིས་རིག་པ་དང་དཔལ་འབྱོར་རིག་པ་སོགས་སོ།།

རྩིས་འཁོར་ཚན་རིག་རིག་ཚན་གཞན་པར་བསྡུར་ན་རྩིས་རིག་དང་འབྲེལ་བ་དམ་པོ་ཡིན། ལྟ་ཞིབ་པ་ཁ་ཤས་ཀྱིས་བཤད་ན་རྩིས་འཁོར་ནི་རྩིས་རིག་ཚན་རིག་གཅིག་ཡིན་ལ། སྔོན་ཆད་རྩིས་འཁོར་ཚན་རིག་ལ་རྩིས་རིག་ཞིབ་འཇུག་གི་གྲུབ་འབྲས་ཡིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དེ། དཔེར་ན་རྩིས་ཁུངས་གཏན་ཚིགས། རིགས་གྲས་སྨྲ་བ། འབྱུང་ལུགས་སྨྲ་བ་དང་ཚབ་རྩིས་སོགས་ལ་ཡང་མུ་མཐུད་དུ་ཕན་ལྡན་གྱི་བསམ་བློ་བརྗེ་རེས་ཡོད།

རྩིས་འཁོར་ཚན་རིག་དང་མཉེན་ཆས་བཟོ་བཀོད་ཀྱི་འབྲེལ་བ་ནི་རྩོད་གཞི་ལྡན་པའི་བརྗོད་གཞི་ཞིག་རེད། དེའི་རྗེས་ཅི་ཞིག་ནི་མཉེན་ཆས་བཟོ་བཀོད་ཡིན་པ་དེ་ཡིན། རྩིས་འཁོར་ཚན་རིག་ལ་མཚན་ཉིད་ཅི་ལྟར་འཇོག་པ་སོགས་ཀྱིས་གནས་ཚུལ་དེ་ལས་རྙོག་འཛིང་ཆེ་བར་བཏང་། David Parnasལ་བཟོ་བཀོད་གཞན་པ་དང་ཚན་རིག་རིག་ཚན་གཞན་པའི་བར་གྱི་འབྲེལ་བ་ལས་རིག་པ་ཐོལ་སྐྱེལ་བྱུང་། རྩིས་འཁོར་ཚན་རིག་གི་གཙོ་གནད་དུ་གྱུར་པ་ལ་སྤྱིའི་ཆ་ནས་བལྟས་ན་རྩིས་རྒྱག་གི་ངོ་བོར་ཞིབ་འཇུག་བྱེད་པ་ཡིན།

2 མིས་བཟོས་རིག་སྟོབས།

རྩིས་འཁོར་ཚན་རིག་ཡན་ལག་འདིས་གསར་གཏོད་ཀྱི་གནད་ནི་རྩིས་རྒྱག་གནད་དོན་ཐག་གཅོད་བྱེད་པ་མ་ཟད། ད་དུང་སྲོག་ཆགས་དང་མིའི་རིགས་ཇི་བཞིན་བསམ་བློ་གཏོང་བ་དང་བརྗེ་རེས་བྱེད་ཤེས་པའི་མིས་བཟོས་རྒྱུད་ཁོངས་ཡང་བཟོ་ཐུབ། གང་ལྟར་གཞུང་ལུགས་དང་ཉེར་སྤྱོད་གང་གི་ངོས་ཐད་ནས་ཡང་ཞིབ་འཇུག་པར་རིག་ཚན་འགའི་ཁྱབ་ཁོངས་ཀྱི་ཚགས་དམ་ཞིང་སྣ་འཛོམས་པའི་ཐུན་མིན་གྱི་ཡོན་ཏན་དགོས་པར་ཆ་རྐྱེན་བཏོན་ཡོད་དེ། དཔེར་ན། ཉེར་སྤྱོད་རྩིས་རིག གཏན་ཚིགས། མཚོན་རྟགས་རིག་པ། གློག་འདོན་འཕྲུལ་འཁོར་བཟོ་སྐྲུན་རིག་པ། བསམ་པའི་མཚན་ཉིད་རིག་པ། དབང་རྩའི་ལུས་ཁམས་རིག་པ། སྤྱི་ཚོགས་ཤེས་རིག་སོགས་རིག་ནུས་ཁྱབ་ཁོངས་ཞིབ་འཇུག་ལ་སྤྱོད་པར་སྐུལ་འདེད་དང་། ཡང་ན་གཞན་པ་རྩིས་རྒྱགས་ཤེས་རྟོགས་མཁོ་བའི་རིག་ཚན་གཞན་པར་བཀོལ་བ་ཡིན། དཔེར་ན། དངུལ་རྩ་དང་དངོས་ལུགས་ཚན་རིག མིས་བཟོས་རིག་སྟོབས་དོན་ངོ་མར་ཚུགས་པའི་འབྱུང་རྐྱེན་ནིAlan Turingཞེས་པའི་མིས་བཟོས་རིག་སྟོབས་ཀྱི་སྔོན་བྱོན་པ་ཁོང་གིས་རི་མོས་ཚོད་ལྟའི་ལྟ་བ་བཏོན། ཁོས་མཐར་ཐུག་གི་དོགས་གནད་ལ་ལན་བཏབ་པ་སྟེ། རྩིས་འཁོར་ཀྱིས་བསམ་བློ་གཏོང་ཤེས་སམ་ཞེས་པ་དེའོ།།

3 རྩིས་འཁོར་ཀྱི་རྒྱུད་ཁོངས་ཁོངས་གཏོགས་དང་བཟོ་བཀོད།

རྩིས་འཁོར་རྒྱུད་ཁོངས་གྲུབ་ཚུལ་ལམ་ཡང་ན་ཨང་ཀིའི་ཆགས་ཚུལ་ནི་རྩིས་འཁོར་རྒྱུད་ཁོངས་གཅིག་གི་འཆར་འགོད་གོ་དོན་དང་རྩ་བའི་བྱེད་ནུས་ཀྱི་སྒྲིག་གཞི་ཡིན། དེས་གཙོ་བོརCPUལས་ལྕི་བའི་ནང་ཁུལ་དུ་ལག་བསྟར་དང་ནང་བཅུག་འཚམས་འདྲའི་ས་གནས་སོགས་འདེམས་པ་ཡིན། ཁྱབ་ཁོངས་འདི་རྒྱུན་པར་རྩིས་འཁོར་བཟོ་སྐྲུན་དང་གློག་རྡུལ་བཟོ་སྐྲུན་རིག་ཚན་སོགས་ལ་འབྲེལ་བ་དང་། ཕན་ཚུན་འདམ་ག་དང་ཕན་ཚུན་སྦྲེལ་བའི་སྲ་ཆས་ཡིས་ཡིད་ཚིམས་པའི་བྱེད་ལས་གསར་བསྐྲུན་བྱེད་ལ་གཤིས་ནུས་དང་མ་གནས་དམིགས་ཚད་ཀྱི་རྩིས་འཁོར་ཡང་གསར་བསྐྲུན་བྱེད་པ་ཡིན།

4 རྩིས་འཁོར་ཀྱི་དབྱིབས་རིས་དང་མཐོང་ཚོར།

རྩིས་འཁོར་དབྱིབས་རིས་རིག་པ་ནི་ཨང་ཀིའི་མཐོང་ཚོར་ཀྱི་ནང་དོན་ལ་ཞིབ་འཇུག་བྱེད་པ་དང་འདྲ་དཔེའི་གཞི་གྲངས་ཀྱི་མཉམ་སྦྱོར་དང་བཀོལ་སྤྱོད་ལ་འབྲེལ་བ་ཡོད། དེ་རྩིས་འཁོར་ཚན་རིག་གི་ཁྱབ་ཁོངས་གཞན་པ་དང་འབྲེལ་བ་དམ་ཟབ་ཡོད་དེ། དེའི་ནང་དུ་རྩིས་འཁོར་མཐོང་ཚོར་དང་། འདྲ་དཔེ་བཀོད་སྒྲིག རྩིས་རྒྱག་དབྱིབས་རྩིས། དུས་མཚུངས་སུ་ཁྱད་ནུས་དང་གློག་རྡུལ་རོལ་རྩེད་སོགས་སུ་བེད་སྤྱོད་འབོར་ཆེན་བྱས་ཡོད།

5 རྩིས་འཁོར་བདེ་འཇགས་དང་གསང་གྲངས་རིག་པ།

རྩིས་འཁོར་བདེ་འཇགས་ནི་རྩིས་འཁོར་ལག་རྩལ་ཀྱི་ཡན་ལག་ཞིག་ཡིན། དེའི་དམིགས་ཡུལ་ནི་དབང་བཅོལ་མ་བྱས་པའི་ཆ་འཕྲིན་ལ་སྲུང་སྐྱོབ་དང་རྒྱུན་ཆད་པ། བཟོ་བཅོས། དུས་མཚུངས་སུ་རྒྱུད་ཁོངས་ཀྱི་སྔོན་དཔག་བེད་སྤྱོད་བྱེད་མཁན་ལ་འཚམས་འདྲི་བྱ་ཆོག་པའི་རང་བཞིན་དང་སྤྱོད་རུང་རང་བཞིན་སྟོན་པ་དེ་ཡིན། གསང་གྲངས་རིག་པ་ནི་སྦས་གསང(གསང་བསྣན)དང་གཞི་གཏོར(གསང་གཏོར)ཆ་འཕྲིན་གྱི་ལག་ལེན་དང་ཞིབ་འཇུག་ཡིན། དེང་རབས་གསང་གྲངས་རིག་པ་ནི་གཙོ་བོ་རྩིས་འཁོར་ཚན་རིག་དང་འབྲེལ་ཡོད་དེ། གསང་བསྣན་དང་གསང་གཏོར་བརྩི་ཐབས་མང་པོ་ནི་ཁོ་ཚོས་རྩིས་རྒྱག་གི་རྙོག་འཛིང་རང་བཞིན་གཞིར་བཟུང་པ་ཡིན།

6 རྩིས་རྒྱག་ཚན་རིག

རྩིས་རྒྱག་ཚན་རིག(ཡང་ན་ཚན་རིག་རྩིས་རྒྱག)ནི་རྩིས་རིག་དཔེ་གཟུགས་བཟོ་པ་དང་གྲངས་འགྱུར་དབྱེ་ཞིབ་ལག་རྩལ་ཀྱི་ཞིབ་འཇུག་ཁྱབ་ཁོངས་ལ་དོ་ཁུར་དང་དུས་མཚུངས་སུ་རྩིས་འཁོར་དབྱེ་ཞིབ་དང་ཚན་རིག་གི་གནད་དོན་ཐག་གཅོད་ལ་བརྟེན་ནས་དངོས་ཡོད་བེད་སྤྱོད་ཁྲོད་དུ་རྒྱུན་པར་ལད་ཟློས་རྩིས་འཁོར་དང་རྩིས་རྒྱག་པ་སོགས་ཀྱི་རྣམ་པ་ཚན་རིག་དང་རིག་ཚན་སོ་སོའི་གནད་དོན་ཁྲོད་བཀོལ་བ་ཡིན།

7 ཆ་འཕྲིན་ཚན་རིག

མཉེན་ཆས་བཟོ་སྐྲུན།

མཉེན་ཆས་བཟོ་སྐྲུན་ནི་མཉེན་ཆས་བཟོ་བཀོད་དང་མངོན་འགྱུར་བྱེད་པའི་ཞིབ་འཇུག་གིས་མཉེན་ཆས་ཡི་སྤུས་ཚད་མཐོ་བ། རིན་གོང་འོས་མཚམ་ཡིན་པ། སྲུང་འཛིན་བྱ་ཆོག་པའི་རང་བཞིན་ཡོད་པ། ད་དུང་མགྱོགས་པོར་བཟོ་ཐུབ་པ་དེ་ཡིན། དེ་ནི་རྒྱུད་ཁོངས་གཅིག་གི་མཉེན་ཆས་འཆར་འགོད་བྱེད་ཐབས་སྟེ། བཟོ་སྐྲུན་ལག་ལེན་ནས་མཉེན་ཆས་ཀྱི་བེད་སྤྱོད་ལ་འབྲེལ་བ་ཡོད་དོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།