ལམ་ལུང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ10ཡོད།

ལམ་ལུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ལུང་བ་ཞིག)

ལམ་ལུང་ཞེས་པ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོའི་ནུབ་ཕྱོགས་སུ་སྤྱི་ལེ36མཚམས་ཀྱི་ཤོ་ཆེན་ཤོ་ཆུང་ཞེས་པའི་ལུང་བ་གཉིས་ཀྱི་ནང་དུ་ཡོད། གསེར་ལུང་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
兰龙村
ལ་ཏིང་གི་མིང་།
lam lung
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོ།
མི་གྲངས།
469
གནས་ཡུལ།
གསེར་ལུང་ཡུལ་ཚོའི་ནུབ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ལམ་ལུང་ཞེས་པ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོའི་ནུབ་ཕྱོགས་སུ་སྤྱི་ལེ36མཚམས་ཀྱི་ཤོ་ཆེན་ཤོ་ཆུང་ཞེས་པའི་ལུང་བ་གཉིས་ཀྱི་ནང་དུ་ཡོད། གསེར་ལུང་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན་ལ། ཤར་ཕྱོགས་སུ་རྒྱ་མཁར་དང་ཀ་ཆེན་སྡེ་བ། ལྷོ་ཕྱོགས་སུ་མཐོ་ཡུལ་མ་ཡུལ་ཚོའི་ཆུ་ལུང་དང་ཉིན་སེར་སྡེ་བ།  ནུབ་ཕྱོགས་སུ་གཡུ་སྒང་ཉིན་གྲོང་རྡལ་གྱི་ཧོར་ལྦན་དང་གཏེར་ལུང་། ཚན་མ་སྡེ་བ། བྱང་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་ཁོ་ཚེ་དང་ཀ་ཆེན་སྡེ་བ་བཅས་ལ་འབྲེལ་ཡོད། སྤྱི་ལོ2014ལོར་ཁྱིམ་ཚང118དང་མི་གྲངས469ཡོད། མི་རིགས་སོག་རིགས་ཡིན་ལ་སྡེ་བའི་དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་ཕྱུགས་ལས་ཡིན།

སྡེ་བ་འདི་ནི་སྔོན་གྱི་མདའ་ཚན་ཧོ་ཞོད་ཀྱི་གྲས་ཡིན། ལོ་རྒྱུས་སྟེང་སྡེ་བ་འདི་མདའ་ཚན་ཧོ་ཞོད་ལས་སྦྲ་ནག་ཚོ་བའི་སྒྲོན་མ་ཆ་ར་དང་ཡུ་པ་ཚོ་བ་གཉིས་ལས་གྲུབ། སྡེ་བ་འདི་ནི་རྨ་ལྷོ་སོག་རྫོང་གི་རྫ་བྲག་མཐོན་པོ་སྟེ་ཤོ་དོ་རྫ་གོར་གྱི་མདུན་ཕྱོགས་སུ་ཤོ་དོ་ཆེ་ཆུང་ཞེས་པའི་ལུང་བ་ཆེན་པོ་ཞིག་ཡོད་ལ། ལུང་ཆེན་དེའི་ནང་གསེས་སུ་ལམ་ལུང་ཞེས་པའི་ལུང་བ་དེ་རུ་སྡེ་བ་ཆགས་པས་ན་མིང་དེ་ལྟར་ཐོགས་པར་བཤད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-11

གསར་སྤེལ་མཁན། :གཡུ་འབྲུག

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།