ལྡིང་བརྒལ་རྒྱུག་འགྲན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྡིང་བརྒལ་རྒྱུག་འགྲན།
ལྡིང་བརྒལ་རྒྱུག་འགྲན་ནི་ལམ་བུར་དུ་གྲངས་ཀ་དང་བར་ཐག མཐོ་ཚད་བཅས་ངེས་གཏན་མེད་པའི་འགོག་ཤིང་ལ་བརྒལ་བའི་ཐུང་རྒྱུག་གི་རྣམ་གྲངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
跨栏
ཕྱི་ཡིག་གི་མིང་།
Hurdling
འབྱུང་ཁུངས།
དབྱིན་ཇི།
རྣམ་གྲངས།
སྐྱེས་པའི་སྨི110ཅན་དང་སྨི400ཅན། སྐྱེས་མའི་སྨི100ཅན་དང་སྨི400ཅན།
1 ངོ་སྤྲོད།

ལྡིང་བརྒལ་རྒྱུག་འགྲན་ནི་ལམ་བུར་དུ་གྲངས་ཀ་དང་བར་ཐག   མཐོ་ཚད་བཅས་ངེས་གཏན་མེད་པའི་འགོག་ཤིང་ལ་བརྒལ་བའི་ཐུང་རྒྱུག་གི་རྣམ་གྲངས་ཤིག་ཡིན།   ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སུ་ལྡིང་བརྒལ་རྒྱུག་འགྲན་ལ་སྐྱེས་པའི་སྨི110ཅན་དང་སྨི400ཅན།  སྐྱེས་མའི་སྨི100ཅན་དང་སྨི400ཅན་བཅས་ཡོད། 

ལྡིང་བརྒལ་རྒྱུག་འགྲན་གྱི་སྐར་འབྲས་ནི་ལུས་རྩལ་བའི་སྙོམས་རྒྱུག་གི་མྱུར་ཚད་དང་ལྡིང་བརྒལ་སྐབས་ཀྱི་ནུས་རྩལ།  ད་དུང་རྒྱུག་པ་དང་ལྡིང་བརྒལ་གྱི་སྡེབ་སྒྲིག་བྱས་པའི་ནུས་པ་བཅས་ཀྱིས་ཐག་གཅོད་པ་རེད།   སྤྱི་ལོ2004ལོའི་ཟླ8པའི་ཚེས28ཉིན་ཀྲུང་གོའི་ལུས་རྩལ་བ་ལིའུ་ཞང་གིས་ཡཱ་ཏེན་ནཱ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སུ་སྐྱེས་པའི་སྨི110ཅན་གྱི་ལྡིང་བརྒལ་ལ་སྐར་ཆ12དང་གྲངས་ཆུང91གི་སྐར་འབྲས་ཀྱིས་དབྱིན་ཇིའི་ལུས་རྩལ་བ་ཁོ་ལིན་ཅེ་ཁོ་ཞོན་གྱི་ཟིན་ཐོ་དང་མཉམ་པོར་བཏང་ནས་གསེར་གྱི་རྟགས་མ་བླངས་བ་དང་།   སྤྱི་ལོ2006ལོའི་སུའེ་ཙེར་ལུའོ་སང་གི་མཆོང་རྒྱུག་འཕེན་གསུམ་རིམ་འདས་བྱ་དགའ་ཆེན་པོའི་འགྲན་སྡུར་ཁྲོད་སྐར་ཆ12དང་གྲངས་ཆུང88ཀྱི་སྐར་འབྲས་ཀྱིས་ལོ13རིང་རྒྱུན་འཁྱོངས་བྱས་པའི་འཛམ་གླིང་ཟིན་ཐོ་གཏོར་ནས་གསེར་གྱི་རྟགས་མ་བླངས་པ་ཡིན།

2 ལོ་རྒྱུས།

འགོག་ཤིང་ལ་མཆོང་སྟེ་རྒྱུག་པ་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་རྒྱུན་རིང་བོར་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་འཚོ་བའི་དགོས་མཁོ་ཞིག་ཡིན།  ལྡིང་བརྒལ་རྒྱུག་འགྲན་ནི་འདིའི་ནང་དུ་བྱུང་སྟེ་འཕེལ་བ་ཞིག་ཡིན།  དུས་རབས19བའི་ནང་དུ་ལྡིང་བརྒལ་རྒྱུག་འགྲན་ཐོག་མ་དེ་དབྱིན་ཇི་ནས་བྱུང་བ་དང་།  སྤྱི་ལོ1896ལོའི་སྐབས་དང་པོའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སུ་འགྲན་སྡུར་གྱི་རྣམ་གྲངས་སུ་བཞག་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།