ལོའུ་ཡུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལོའུ་ཡུན།
ལོའུ་ཡུན་ནི་སྤྱི་ལོ1964ལོའི་ཟླ6པའི་ཚེས23ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ནས་སྐྱེས་པ་ཡིན་ཞིང་། ཁོང་ནི་སྔོན་ཀྲུང་གོའི་སྐྱེས་པའི་ལུས་སྦྱོང་རུ་ཁག་གི་རུ་མི་ཡིན་ལ། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་འཐོབ་མཁན་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
楼云
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ6པའི་ཚེས23ཉིན།
སྐྱེས་ཡུལ།
ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
ལུས་སྦྱོང་།
གྲུབ་འབྲས།
སྤྱི་ལོ1984ལོའི་ཨོ་རྩལ་འགྲན་ཚོགས་དང་སྤྱི་ལོ1988ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་སྦྱོང་འགྲན་སྡུར་གྱི་ཤིང་རྟར་མཆོང་བའི་གསེར་གྱི་རྟགས་མ་བླངས།
1 ངོ་སྤྲོད།

ལོའུ་ཡུན་ནི་སྤྱི་ལོ1964ལོའི་ཟླ6པའི་ཚེས23ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ནས་སྐྱེས་པ་ཡིན་ཞིང་།   སྔོན་ཀྲུང་གོའི་སྐྱེས་པའི་ལུས་སྦྱོང་རུ་ཁག་གི་རུ་མི་ཡིན་ལ།   ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་འཐོབ་མཁན་ཡང་ཡིན།  སྤྱི་ལོ1973ལོར་ཁོང་ཧང་ཀྲོའུ་ལས་ཞོར་ལུས་རྩལ་སློབ་གྲྭར་ཞུགས་ཏེ་ལུས་སྦྱོང་གི་སྦྱོང་བརྡར་བྱས་ཤིང་།   ལོ་དེར་ཀྲེ་ཅང་ཞིང་ཆེན་ལུས་རྩལ་སློབ་གྲྭའི་ལུས་སྦྱོང་རུ་ཁག་ཏུ་བདམས།   སྤྱི་ལོ1978ལོར་རྒྱལ་ཁབ་ལུས་སྦྱོང་རུབ་འཛོམས་སྦྱོང་བརྡར་རུ་ཁག་ཏུ་བདམས་ཤིང་།   སྤྱི་ལོ1981ལོ་ནས་བཟུང་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ཏེ་རྒྱལ་སྤྱིའི་འགྲན་སྡུར་ཆེ་མ་ཆུང་གསུམ་དུ་ཞུགས་ལ།  འབྲས་བུའང་གཡུར་དུ་ཟ་བ་བླངས།   སྤྱི་ལོ1989ལོར་ཁོང་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་དེ་ཚོང་ལས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན།

2 གྲུབ་འབྲས།

སྤྱི་ལོ1981ལོའི་ཏུང་ཅིང་རྒྱལ་སྤྱིའི་ལུས་སྦྱོང་གདན་ཞུའི་འགྲན་སྡུར་གྱི་ཤིང་རྟར་མཆོང་བ་དང་རང་མོས་ལུས་སྦྱོང་གི་ཨང་དང་པོ་དང་།   ལོ་དེའི“དབུས་རྒྱུད་འཇར་པན་རྟགས་མ”འི་རྒྱལ་སྤྱིའི་ལུས་སྦྱོང་གདན་ཞུའི་འགྲན་སྡུར་གྱི་ཤིང་རྟར་མཆོང་བ་དང་རང་མོས་ལུས་སྦྱོང་གི་ཨང་དང་པོ།  སྤྱི་ལོ1982ལོའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་ཤིང་རྟར་མཆོང་བའི་ཨང་དང་པོ།   སྤྱི་ལོ1983ལོའི་འཛམ་གླིང་བུམ་པའི་ལུས་སྦྱོང་སྐྱེས་འབུལ་འགྲན་སྡུར་སྐབས་ཉེར་གཉིས་པའི་རྩལ་ཤིང་ཆ་ཅན་དང་ཚོགས་པའི་ཨང་དང་པོ།   ལོ་དེའི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཤིང་རྟར་མཆོང་བའི་ཨང་དང་པོ།  སྤྱི་ལོ1984ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པའི་ལུས་སྦྱོང་འགྲན་སྡུར་གྱི་ཤིང་རྟར་མཆོང་བའི་གསེར་གྱི་རྟགས་མ་དང་རང་མོས་ལུས་སྦྱོང་དང་ཚོགས་པའི་དངུལ་གྱི་རྟགས་མ།   སྤྱི་ལོ1986ལོའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བའི་ཤིང་རྟར་མཆོང་བའི་གསེར་གྱི་རྟགས་མ།   སྤྱི་ལོ1987ལོའི་ལུས་སྦྱོང་སྐྱེས་འབུལ་འགྲན་སྡུར་སྐབས་ཉེར་བཞི་བའི་རང་མོས་ལུས་སྦྱོང་དང་ཤིང་རྟར་མཆོང་བའི་ཨང་དང་པོ།   སྤྱི་ལོ1988ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་བའི་ལུས་སྦྱོང་འགྲན་སྡུར་གྱི་ཤིང་རྟར་མཆོང་བའི་ཨང་དང་པོ་སོགས་བླངས་མྱོང་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།