ལུའོ་ཞུའེ་ཅོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའོ་ཞུའེ་ཅོན།
ལུའོ་ཞུའེ་ཅོན་ནི་སྤྱི་ལོ1984ལོའི་ཟླ1པོའི་ཚེས26ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ནས་སྐྱེས་པ་ཡིན་ཞིང་། ཁོ་མོ་ནི་སྔོན་ཀྲུང་གོའི་སྐྱེས་མའི་ཆུར་རྐྱལ་ལུས་རྩལ་བ་ཡིན་ལ། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་འཐོབ་མཁན་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗雪娟
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1984ལོའི་ཟླ1པོའི་ཚེས26ཉིན།
སྐྱེས་ཡུལ།
ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
ཆུར་རྐྱལ།
གྲུབ་འབྲས།
སྤྱི་ལོ2003ལོའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་གྱི་སྐྱེས་མའི་སྨི50སྦལ་རྐྱལ་དང་སྨི100སྦལ་རྐྱལ་གྱི་ཨང་དང་པོ་དང་སྤྱི་ལོ2004ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྨི100སྦལ་རྐྱལ་གྱི་ཨང་དང་པོ་བླངས་པ་སོགས།
1 ངོ་སྤྲོད།

ལུའོ་ཞུའེ་ཅོན་ནི་སྤྱི་ལོ1984ལོའི་ཟླ1པོའི་ཚེས26ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ནས་སྐྱེས་པ་ཡིན་ཞིང་།   ཁོ་མོ་ནི་སྔོན་ཀྲུང་གོའི་སྐྱེས་མའི་ཆུར་རྐྱལ་ལུས་རྩལ་བ་ཡིན་ལ།   ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་འཐོབ་མཁན་ཡང་ཡིན།  སྤྱི་ལོ1990ལོར་ཁོ་མོ་ཧང་ཀྲོའུ་གྲོང་ཁྱེར་ན་ཆུང་ལས་ཞོར་ལུས་རྩལ་སློབ་གྲྭར་ཞུགས་ཏེ་ཆུར་རྐྱལ་ཕྱོགས་ཀྱི་སྦྱོང་བརྡར་བྱས་ཤིང་།   སྤྱི་ལོ1995ལོར་ལོ་ན་བཅུ་གཅིག་ལས་མ་གཏོགས་ལོན་མེད་པའི་ལུའོ་ཞུའེ་ཅོན་ཞིང་ཆེན་ཆུར་རྐྱལ་རུ་ཁག་ཏུ་ཞུགས་མོད།   འོན་ཀྱང་ཁོ་མོའི་སྦྱངས་འབྲས་འབུར་ཐོན་མིན་པས་ལོ་ཕྱེད་རྗེས་སུ་གྲོང་ཁྱེར་ལུས་རྩལ་སློབ་གྲྭར་ཕྱིར་ལོག  སྤྱི་ལོ1997ལོ་ནས་ཁོ་མོས་ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་བྱས་ཤིང་།  འབད་པ་ལྷོད་མེད་བྱས་པས་སྤྱི་ལོ2000ལོའི་ཟླ6པར་རྒྱལ་ཁབ་རུ་ཁག་ཏུ་བདམས།   ཁོ་མོ་རྒྱལ་ཁབ་རུ་ཁག་ཏུ་ཞུགས་ནས་ལོ་ངོ་བདུན་རིང་གི་ལུས་རྩལ་མི་ཚེའི་ཁྲོད་འབྲས་བུ་གཡུར་དུ་ཟ་བ་བླངས་ཤིང་།   སྤྱི་ལོ2007ལོའི་ཟླ1པོའི་ཚེས29ཉིན་རྨས་སྐྱོན་གྱི་དབང་གིས་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་པ་ཁྱབ་སྒྲོག་བྱས་པ་ཡིན།

2 གྲུབ་འབྲས།

སྤྱི་ལོ2001ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་སྟེང་སྐྱེས་མའི་སྨི100སྦལ་རྐྱལ་གྱི་ཨང་དང་པོ་དང་ལོ་དེའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྟེང་སྐྱེས་མའི་སྨི50སྦལ་རྐྱལ་དང་སྨི100སྦལ་རྐྱལ་གྱི་ཨང་དང་པོ་དང་།   སྨི200སྦལ་རྐྱལ་དང་སྐྱེས་མའི4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་གྱི་ཨང་གསུམ་པ།   སྤྱི་ལོ2002ལོའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་བའི་སྟེང་སྐྱེས་མའི་སྨི100སྦལ་རྐྱལ་གྱི་ཨང་དང་པོ་དང་སྨི200སྦལ་རྐྱལ་གྱི་ཨང་གཉིས་པ།   སྤྱི་ལོ2003ལོའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་གྱི་སྐྱེས་མའི་སྨི50སྦལ་རྐྱལ་དང་སྨི100སྦལ་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ་གྱི་ཨང་དང་པོ།  སྤྱི་ལོ2003ལོའི་འཛམ་གླིང་བུམ་པའི་ཆུ་རྫིང་ཐུང་ངུའི་ཆུར་རྐྱལ་འགྲན་སྡུར་ཧང་ཧའེ་ས་ཚིགས་ཀྱི་སྐྱེས་མའི་སྨི20སྦལ་རྐྱལ་གྱི་ཨང་དང་པོ།  སྤྱི་ལོ2004ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྨི100སྦལ་རྐྱལ་གྱི་ཨང་དང་པོ།  སྤྱི་ལོ2005ལོའི་རྒྱལ་ཡོངས་ཆུར་རྐྱལ་རྟིང་རྩོད་འགྲན་སྡུར་གྱི་སྐྱེས་མའི་སྨི50སྦལ་རྐྱལ་གྱི་ཨང་དང་པོ་སོགས་བླངས་ཤིང་།   རྩེ་ཕུད་ལུས་རྩལ་པ་བཅུའི་གྲས་སུ་དང་གཞན་པའི་ལུས་རྩལ་ཕྱོགས་ཀྱི་རྟགས་མའང་གང་མང་ཞིག་བླངས་མྱོང་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-31

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།