ལུའོ་ན་ཨར་ཏུའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའོ་ན་ཨར་ཏུའོ།
ལུའོ་ན་ཨར་ཏུའོ་ནི་པ་ཞིའི་རྐང་གྲུག་ལུས་རྩལ་བ་ཞིག་ཡིན་ཞིང་། འཛམ་གླིང་གི་མིང་དུ་གྲགས་པའི་རྐང་གྲུག་ལུས་རྩལ་བ་ཞིག་ཀྱང་ཡིན། མི་སྒེར་གྱི་འཐབ་རྩལ་མཆོག་ཏུ་གྱུར་ལ་ཐོལ་བརྒལ་གྱི་ཤུགས་དྲག་ཅིང་མྱུར་ཚད་སྐྱེན་པོས་ལམ་རིང་བོར་འགོག་མི་བརྒལ་ནས་སྤོ་ལོ་སྒོ་རར་འདེད་པར་བྱེད་པ་ནི་ཁོང་ཉིད་ཀྱི་ཁྱད་ཆོས་སུ་མངོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗纳尔多•路易斯•纳扎里奥•达•利马
ཕྱི་ཡིག་གི་མིང་།
Ronaldo Luiz Nazario De Lima
མིང་གཞན།
གོ་ལ་གཞན་པའི་མི།
མཚན་ཧྲིལ་བོ།
ལུའོ་ན་ཨར་ཏུའོ•ལུའོ་དབྱི་སི•ན་ཀྲ་ལི་ཨོ•ཏ•ལི་མ།
རྒྱལ་ཁབ།
པ་ཞི།
སྐྱེས་ལོ།
སྤྱི་ལོ1976ལོའི་ཟླ9བའི་ཚེས18ཉིན།
སྐྱེས་ཡུལ།
པ་ཞིའི་ལི་ཡུའེ་རེ་ནེ་ལུའུ།
ལུས་རྩལ་རྣམ་གྲངས།
རྐང་གྲུག
གྲུབ་འབྲས།
སྤྱི་ལོ2002ལོར་འཛམ་གླིང་བུམ་པའི་ཨང་དང་པོ་ཐོབ་པ་དང་ཡོ་རོབ་གླིང་གི་གསེར་གྱི་སྤོ་ལོའི་རྟགས་མ་ཐེངས་གཉིས་ཐོབ།
1 ངོ་སྤྲོད།

ལུའོ་ན་ཨར་ཏུའོ་ནི་པ་ཞིའི་རྐང་གྲུག་ལུས་རྩལ་བ་ཞིག་ཡིན་ཞིང་།  འཛམ་གླིང་གི་མིང་དུ་གྲགས་པའི་རྐང་གྲུག་ལུས་རྩལ་བ་ཞིག་ཀྱང་ཡིན།  ཁོང་སྤྱི་ལོ1976ལོའི་ཟླ9བའི་ཚེས18ཉིན་པ་ཞིའི་ལི་ཡུའེ་རེ་ནེ་ལུའུ་ནས་སྐྱེས།   ཁོང་དབུལ་ཕུང་གནས་ཁུལ་དུ་སྐྱེས་ཀྱང་ཆུང་དུས་ནས་རྐང་གྲུག་ལ་ལྷན་སྐྱེས་ཀྱི་ཡོན་ཏན་མངའ་ཆེ།   སྤྱི་ལོ1990ལོར་ཆེད་ལས་རྐང་གྲུག་རྩེད་མཁན་དུ་གྱུར་ཞིང་།   མི་སྒེར་གྱི་འཐབ་རྩལ་མཆོག་ཏུ་གྱུར་ལ་ཐོལ་བརྒལ་གྱི་ཤུགས་དྲག་ཅིང་མྱུར་ཚད་སྐྱེན་པོས་ལམ་རིང་བོར་འགོག་མི་བརྒལ་ནས་སྤོ་ལོ་སྒོ་རར་འདེད་པར་བྱེད་པ་ནི་ཁོང་ཉིད་ཀྱི་ཁྱད་ཆོས་སུ་མངོན་པ་ཡིན།  ཁོང་གིས་སྔ་གཞུག་ཏུ་པཱ་སའེ་ལུའོ་ན་དང་རྒྱལ་སྤྱིའི་སྨི་ལན།  ཧོང་མ།  ACསྨི་ལན་བཅས་སྤྲོ་སྐྱིད་ཁང་གསུམ་དུ་སྤོ་ལོ་རྩེད་མྱོང་།  ཁོང་སྤྱི་ལོ2011ལོའི་ཟླ2པའི་ཚེས14ཉིན་རྨས་སྐྱོན་གྱི་དབང་གིས་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་པ་ཁྱབ་སྒྲོག་བྱས་ཤིང་།   ལོ་ངོ18ཀྱི་ལུས་རྩལ་གྱི་འཚོ་བ་མཇུག་རྫོགས་པར་བྱས།

2 གྲུབ་འབྲས།

ཁོང་སྤྱི་ལོ1996ལོ་དང་སྤྱི་ལོ1997ལོ།  སྤྱི་ལོ2002ལོ་བཅས་ཐེངས་གསུམ་ལ་འཛམ་གླིང་རྐང་གྲུག་སྐུ་ཞབས་ཀྱི་རྟགས་མ་ཐོབ་ཅིང་།   སྤྱི་ལོ1998ལོར་འཛམ་གླིང་བུམ་པའི་རྩེ་ཕུད་སྤོ་ལོ་རྩེད་མཁན་དུ་བདམས།   སྤྱི་ལོ2002ལོར་འཛམ་གླིང་བུམ་པའི་ཨང་དང་པོ་དང་འཛམ་གླིང་བུམ་པའི་གསེར་གྱི་འཇུར་རྟའི་རྟགས་མ་ཐོབ།   སྤྱི་ལོ1997ལོ་དང་སྤྱི་ལོ2002ལོར་ཡོ་རོབ་གླིང་གི་གསེར་གྱི་སྤོ་ལོའི་རྟགས་མ་ཐེངས་གཉིས་ཐོབ།  སྤྱི་ལོ2003ལོར་སི་ཕེན་རྐང་གྲུག་རིམ་གྲས་དང་པོའི་མཉམ་འགྲན་གྱི་ཨང་དང་པོ་ཐོབ་པ་དང་གཞན་འགྲན་སྡུར་ཐེངས་འགའི་རྩེ་ཕུད་སྤོ་ལོ་བརྫངས་མཁན་གྱི་རྟགས་མ་འགའ་ཐོབ་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-31

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།