ལུའུ་ཏའོ་ཧྥུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའུ་ཏའོ་ཧྥུའུ།
ལུའུ་ཏའོ་ཧྥུའུ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་སྐྱེས་མའི་ཐུང་རྒྱུག་གི་ལུས་རྩལ་བ་ཞིག་ཡིན། སྤྱི་ལོ1960ལོའི་རོ་མའི་ཨོ་རྩལ་འགྲན་ཚོགས་སྟེང་ཁོ་མོས་གསེར་གྱི་རྟགས་མ་གསུམ་བླངས་ཤིང་། སྤྱི་ལོ1962ལོར་མོ་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་ནས་རྩལ་འཁྲིད་པའི་བྱ་བ་ལས་པ་མ་ཟད། དབུལ་བོའི་བྱིས་པ་རྣམས་ལ་བྱ་བ་མི་ཉུང་བ་ཞིག་སྒྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
威尔玛•鲁道夫
ཕྱི་ཡིག་གི་མིང་།
Wilam Rudolph
མཚན་ཧྲིལ་བོ།
ཝེ་ཨེར་མ•ལུའུ་ཏའོ་ཧྥུའུ།
རྒྱལ་ཁབ།
ཨ་མེ་རི་ཁ།
སྐྱེས་འདས་ལོ་ཚིགས།
སྤྱི་ལོ(1940—1994)
ལུས་རྩལ་རྣམ་གྲངས།
མཆོང་རྒྱུག་འཕེན་གསུམ་གྱི་ཐུང་རྒྱུག
གྲུབ་འབྲས།
སྤྱི་ལོ1960ལོའི་རོ་མའི་ཨོ་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་གསུམ་བླངས་པ།
1 ངོ་སྤྲོད།

ལུའུ་ཏའོ་ཧྥུའུ་ཆུང་དུས་སུ་ལུས་ཕུང་བདེ་ཐང་མིན་པ་དང་ནད་ཀྱིས་མནར་ནས་རྐང་པ་འཐེང་འགྲོས་བྱེད་པ་ཞིག་ཡིན།   ཁོ་མོ་ཚང་ལ་མིང་སྲིང་ཉེར་གཉིས་ཡོད་ཅིང་།   ཁོ་མོ་ནི་ཨང་ཉི་ཤུ་པ་ཡིན།   མོའི་རྐང་པ་འཐེང་འགྲོས་བྱེད་པས་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་སྡུར་ལས་ཨང་དང་པོ་ལེན་མ་ཐུབ་རུང་།   ཁོ་མོས་འབད་འབུངས་བགྱིས་ན་གང་ཞིག་ལེགས་འགྲུབ་འབྱུང་ངེས་ཟེར་ནས་མཐར་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་སྐྱེས་མའི་ཐུང་རྒྱུག་གི་ལུས་རྩལ་བ་ཞིག་ཏུ་གྱུར།  མོ་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་ནས་རྩལ་འཁྲིད་པའི་བྱ་བ་ལས་པ་མ་ཟད།   དབུལ་བོའི་བྱིས་པ་རྣམས་ལ་བྱ་བ་མི་ཉུང་བ་ཞིག་སྒྲུབ་པ་ཡིན།

2 གྲུབ་འབྲས།

སྤྱི་ལོ1956ལོའི་མོར་པུན་ཨོ་རྩལ་འགྲན་ཚོགས་སྟེང་།  ལོ་ན་བཅུ་དྲུག་ཡིན་པའི་ལུའུ་ཏའོ་ཧྥུའུ་ཡིས་སྐྱེས་མའི་སྨི4×100ཅན་གྱི་མཐུད་རྒྱུག་ཁྲོད་ཟངས་ཀྱི་རྟགས་མ་བླངས།  ལོ་བཞིའི་རྗེས་སུ་ལུའུ་ཏའོ་ཧྥུའུ་ཡིས་སྤྱི་ལོ1960ལོའི་ཨ་རིའི་སྐྱེས་འབུལ་འགྲན་སྡུར་སྟེང་སྐར་ཆ22དང་གྲངས་ཆུང9ཡི་སྐར་འབྲས་ཀྱིས་སྐྱེས་མའི་སྨི200ཅན་གྱི་འཛམ་གླིང་ཟིན་ཐོ་གཏོར།   ལོ་དེའི་རོ་མའི་ཨོ་རྩལ་འགྲན་ཚོགས་སྟེང་།   ལུའུ་ཏའོ་ཧྥུའུ་སྐྱེས་མའི་སྨི100ཅན་དང་སྨི200ཅན།   སྨི4×100ཅན་གྱི་མཐུད་རྒྱུག་བཅས་ཀྱི་འགྲན་སྡུར་དུ་ཞུགས་ཤིང་།   འདི་གསུམ་པོའི་གསེར་གྱི་རྟགས་མ་ཁོ་མོས་བླངས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-31

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།