ལིའུ་དབྱི་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིའུ་དབྱི་སི།
ལིའུ་དབྱི་སི་ནི་ཨ་རིའི་མཆོང་རྒྱུག་འཕེན་གསུམ་གྱི་མིང་དུ་གྲགས་པའི་ལུས་རྩལ་བ་ཞིག་ཡིན་ཞིང་། ཁོང་གིས་ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་གྱི་སྟེང་གསེར་གྱི་རྟགས་མ17དང་དངུལ་གྱི་རྟགས་མ2 ཟངས་ཀྱི་རྟགས་མ1བླངས་མྱོང་ལ། སྨི100ཅན་གྱི་རྒྱུག་འགྲན་དང་སྨི200ཅན་གྱི་རྒྱུག་འགྲན། རྒྱང་མཆོང་བཅས་ཀྱི་འཛམ་གླིང་ཟིན་ཐོ་ཐེངས13ལ་གཏོར་མྱོང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卡尔•刘易斯
ཕྱི་ཡིག་གི་མིང་།
Carl Lewis
མིང་གཞན།
ཨོའུ་ཝུན་སི་གཉིས་པ།
མིང་ཧྲིལ་བོ།
ཁཱ་ཨེར•ལིའུ་དབྱི་སི།
རྒྱལ་ཁབ།
ཨ་མེ་རི་ཁ།
སྐྱེས་ལོ།
སྤྱི་ལོ1961ལོའི་ཟླ7པའི་ཚེས1ཉིན།
སྐྱེས་ཡུལ།
ཨ་རིའི་ཨ་ལ་པ་མ་ཀྲོའུ།
ལུས་རྩལ་རྣམ་གྲངས།
མཆོང་རྒྱུག་འཕེན་གསུམ།
གྲུབ་འབྲས།
ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་གྱི་སྟེང་གསེར་གྱི་རྟགས་མ17དང་དངུལ་གྱི་རྟགས་མ2 ཟངས་ཀྱི་རྟགས་མ1བླངས་མྱོང་།
1 ངོ་སྤྲོད།

ཨ་རིའི་སྐྱེས་པའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བ་ལིའུ་དབྱི་སི་ནི་དུས་རབས20བའི་ལོ་རབས80དང་ལོ་རབས90བའི་ནང་དུ་ཆེས་ཕུལ་དུ་བྱུང་བའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བ་ཞིག་ཡིན།  ཁོང་སྤྱི་ལོ1961ལོའི་ཟླ7པའི་ཚེས1ཉིན་ཨ་རིའི་ཨ་ལ་པ་མ་ཀྲོའུ་རུ་སྐྱེས།   ཁོང་ནི་ལུས་རྩལ་བའི་ཁྱིམ་རྒྱུད་ནས་སྐྱེས་པས་ཁོང་གི་ཐུང་རྒྱུག་དང་རྒྱང་མཆོང་དེ་དཔེ་མཚོན་ཅན་དུ་གྱུར།  སྤྱི་ལོ1997ལོར་ཁོང་གིས་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་པ་ཁྱབ་སྒྲོག་བྱས།

2 གྲུབ་འབྲས།

ཨ་རིའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་དེ་དུས་རབས20བའི་ལོ་རབས80བའི་ནང་དུ་ལིའུ་དབྱི་སིའི་དུས་རབས་སུ་བསྐྱོད་པ་རེད།  སྤྱི་ལོ1981ལོའི་འཛམ་གླིང་བུམ་པའི་རྒྱང་མཆོང་འགྲན་སྡུར་ཁྲོད་ལིའུ་དབྱི་སི་ཡིས་སྨི8.15ཡི་སྐར་འབྲས་ཀྱིས་ཨང་དང་པོ་བླངས་ཤིང་།   སྤྱི་ལོ1982ལོར་ཐོན་པ་ན།  ལིའུ་དབྱི་སིའི་ཐུང་རྒྱུག་དང་རྒྱང་མཆོང་གི་སྐར་འབྲས་ནི་འཛམ་གླིང་གི་ཨང་དང་པོ་སླེབས་ཡོད་པས།   ཁོ་ལ“ཅེ་ཞི་ཨོའུ་ཝུན་སི་རྟགས་མ”ཐོབ་པ་རེད།  སྤྱི་ལོ1984ལོའི་ཨ་རིའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པ་ནི་ཁོང་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ཐོག་མ་ཡིན་ལ།   ཁོང་གིས་སྨི100ཅན་གྱི་རྒྱུག་འགྲན་དང་སྨི200ཅན་གྱི་རྒྱུག་འགྲན།   རྒྱང་མཆོང་།   སྨི4×100ཅན་གྱི་མཐུད་རྒྱུག་བཅས་ཀྱི་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བཞི་བླངས་བ་མ་ཟད།   སྨི200ཅན་གྱི་རྒྱུག་འགྲན་དང་སྨི4×100ཅན་གྱི་མཐུད་རྒྱུག་གི་འཛམ་གླིང་ཟིན་ཐོ་གཏོར།  སྤྱི་ལོ1985ལོར།  ལིའུ་དབྱི་སིའི་སྨི100ཅན་གྱི་རྒྱུག་འགྲན་གྱི་སྐར་འབྲས་ནི་སྐར་ཆ9དང་གྲངས་ཆུང98ཡིན་ལ།   འཛམ་གླིང་གི་ཨང་དང་པོ་རུ་སླེབས་ཡོད།   སྤྱི་ལོ1987ལོའི་འཛམ་གླིང་སྐྱེས་འབུལ་སྐབས་གཉིས་པའི་སྟེང་ཁོང་གིས་རྒྱང་མཆོང་དང་སྨི4×100ཅན་གྱི་མཐུད་རྒྱུག   སྨི100ཅན་གྱི་རྒྱུག་འགྲན་ཁྲོད་གསེར་གྱི་རྟགས་མ་གསུམ་བླངས།   སྤྱི་ལོ1988ལོའི་སི་འོལ་ཨོ་རྩལ་འགྲན་ཚོགས་སྟེང་ཁོང་གིས་སྨི100ཅན་གྱི་རྒྱུག་འགྲན་གྱི་གསེར་གྱི་རྟགས་མ་དང་རྒྱང་མཆོང་གི་གསེར་གྱི་རྟགས་མ།  སྨི200ཅན་གྱི་རྒྱུག་འགྲན་ནི་དངུལ་གྱི་རྟགས་མ་བཅས་བླངས།   སྤྱི་ལོ1991ལོའི་ཟླ8པར་འཇར་པན་ཏུང་ཅིང་ནས་སྤེལ་བའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་སྐྱེས་འབུལ་འགྲན་སྡུར་སྐབས་གསུམ་པའི་སྟེང་ལིའུ་དབྱི་སི་ལ་སྨི100ཅན་གྱི་རྒྱུག་འགྲན་དང་སྨི4×100ཅན་གྱི་མཐུད་རྒྱུག་གི་གསེར་གྱི་རྟགས་མ་ཐོབ་པ་མ་ཟད།   ཁོང་གིས་སྐར་ཆ9དང་གྲངས་ཆུང86གི་སྐར་འབྲས་ཀྱིས་སྨི100ཅན་གྱི་རྒྱུག་འགྲན་གྱི་འཛམ་གླིང་ཟིན་ཐོ་གཏོར།  སྤྱི་ལོ1992ལོའི་པ་སའེ་ལུའོ་ནའི་ཨོ་རྩལ་འགྲན་ཚོགས་སུ་ལིའུ་དབྱི་སི་ལ་ཡང་བསྐྱར་རྒྱང་མཆོང་དང་སྨི4×100ཅན་གྱི་མཐུད་རྒྱུག་གི་གསེར་གྱི་རྟགས་མ་གཉིས་ཐོབ་ཅིང་།   སྐྱེས་པའི་སྨི4×100ཅན་གྱི་མཐུད་རྒྱུག་གི་འགྲན་སྡུར་ཁྲོད།   ལིའུ་དབྱི་སི་ཡིས་སྐར་ཆ37དང་གྲངས་ཆུང40ཡི་སྐར་འབྲས་ཀྱི་འཛམ་གླིང་ཟིན་ཐོ་གཏོར།   སྤྱི་ལོ1996ལོའི་ཡ་ཐེ་ལན་ཏའི་ཨོ་རྩལ་འགྲན་ཚོགས་སྟེང་ལིའུ་དབྱི་སི་ལ་ཁོའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱང་མཆོང་གི་གསེར་གྱི་རྟགས་མ་ཐེངས་བཞི་བ་ཐོབ་ཅིང་།   དེ་ནི་ཁོ་རང་གི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དགུ་བ་ཡིན་ལ།   དེས་སྐབས་དེའི་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གཏོར་བ་མ་ཟད།   བསྟུད་མར་སྐབས་བཞི་ཡི་ཨོ་རྩལ་འགྲན་ཚོགས་སྟེང་རྒྱང་མཆོང་གི་གསེར་གྱི་རྟགས་མ་བླངས་བའི་བྱས་རྗེས་ངོ་མཚར་ཅན་བསྐྲུན།   ཁོང་གིས་ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་གྱི་སྟེང་གསེར་གྱི་རྟགས་མ17དང་དངུལ་གྱི་རྟགས་མ2   ཟངས་ཀྱི་རྟགས་མ1བླངས་མྱོང་ལ།   སྨི100ཅན་གྱི་རྒྱུག་འགྲན་དང་སྨི200ཅན་གྱི་རྒྱུག་འགྲན།   རྒྱང་མཆོང་བཅས་ཀྱི་འཛམ་གླིང་ཟིན་ཐོ་ཐེངས13ལ་གཏོར་མྱོང་བ་ཡིན།  རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་གཞུང་སྡེའི་དུས་དེབ་ཨོ་ལིན་ཕིག་དུས་དེབ་ཅེས་པར་ཁོང་ནི་དུས་རབས20བའི་རྩེ་ཕུད་ལུས་རྩལ་བ་ལྔའི་གྲས་སུ་བདམས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།