ལི་ཡུང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཡུང་པོ།
ལི་ཡུང་པོ་ནི་ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་རུ་ཁག་གི་མིང་དུ་གྲགས་པའི་ལུས་རྩལ་བ་ཞིག་ཡིན་ལ། འཛམ་གླིང་གི་མིང་དུ་གྲགས་པའི་བྱ་སྒྲོའི་སྤོ་ལོའི་རྩལ་འཁྲིད་པ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李永波
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ9བའི་ཚེས18ཉིན།
སྐྱེས་ཡུལ།
ལིའོ་ཉིང་ཏ་ལིན།
ལུས་རྩལ་རྣམ་གྲངས།
བྱ་སྒྲོའི་སྤོ་ལོའི་ལུས་རྩལ་བ་དང་རྩལ་འཁྲིད་པ།
གྲུབ་འབྲས།
འཛམ་གླིང་སྐྱེས་འབུལ་འགྲན་སྡུར་གྱི་ཨང་དང་པོ་གཉིས་དང་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་ཨང་དང་པོ་གཅིག
1 ངོ་སྤྲོད།

ལི་ཡུང་པོ་ནི་ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་རུ་ཁག་གི་མིང་དུ་གྲགས་པའི་ལུས་རྩལ་བ་ཞིག་ཡིན་ལ།   འཛམ་གླིང་གི་མིང་དུ་གྲགས་པའི་བྱ་སྒྲོའི་སྤོ་ལོའི་རྩལ་འཁྲིད་པ་ཞིག་ཀྱང་ཡིན།  ཁོང་སྤྱི་ལོ1962ལོའི་ཟླ9བའི་ཚེས18ཉིན་ལིའོ་ཉིང་ཏ་ལིན་དུ་སྐྱེས།  ཁོང་སྤྱི་ལོ1978ལོ་ནས་སྤྱི་ལོ1992ལོའི་བར་ལུས་རྩལ་བའི་ཐོང་ཐང་ངང་འགྲན་སྡུར་གང་མང་དུ་ཞུགས་ཤིང་།  གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས།  ཁོང་དང་ཐེན་པིང་དབྱི་གཉིས་ཀྱིས་འཛམ་གླིང་འགྲན་སྡུར་གང་མང་དུ་སྐྱེས་པའི་ཆ་རྒྱག་གི་ཨང་དང་པོ་བླངས་མྱོང་བ་དང་།  ཁོང་གཉིས་དུས་རབས20པའི་ལོ་རབས80པའི་དཀྱིལ་ལ་ལུས་རྩལ་པ་འབུར་ཐོན་ཅན་དུ་གྱུར།  སྤྱི་ལོ1993ལོར་ཁོང་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་རྗེས་ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་རུ་ཁག་གི་རྩལ་འཁྲིད་པའི་འགན་བཞེས་ཤིང་།  རུ་ཁག་ཁྲིད་དེ་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ལ།  ད་དུང་མུ་མཐུད་དུ་རྩལ་འཁྲིད་པའི་འགན་བཞེས་བཞིན་ཡོད།

2 མཛད་རྗེས།

ཁོང་གི་ལོ་ངོ་བཅུ་བཞིའི་ལུས་རྩལ་གྱི་མི་ཚེ་ཁྲོད་ཐེངས་དྲུག་ལ་འཛམ་གླིང་ཨང་དང་པོ་བླངས་ཤིང་།  དེ་དག་ནི་སྤྱི་ལོ1986ལོ་དང་སྤྱི་ལོ1988ལོ།  སྤྱི་ལོ1990ལོ་བཅས་ཀྱི་ཐང་མུའུ་སི་རྟགས་མའི་ཨང་དང་པོ་ཐེངས་གསུམ་དང་།  སྤྱི་ལོ1988ལོའི་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་ཨང་དང་པོ་ཐེངས་གཅིག   སྤྱི་ལོ1987ལོ་དང་སྤྱི་ལོ1989ལོའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་གྱི་ཨང་དང་པོ་ཐེངས་གཉིས་བཅས་བླངས།  ཁོང་ཉིད་རྩལ་འཁྲིད་པ་ཡིན་དུས་ཀྲུང་གོའི་རུ་ཁག་ཁྲིད་དེ་སྤྱི་ལོ1995ལོ་དང་སྤྱི་ལོ1997ལོ།  སྤྱི་ལོ1999ལོ།  སྤྱི་ལོ2001ལོ།  སྤྱི་ལོ2005ལོ།  སྤྱི་ལོ2007ལོ།  སྤྱི་ལོ2009ལོ།  སྤྱི་ལོ2011ལོ།  སྤྱི་ལོ2013ལོ་བཅས་ཀྱི་སུའུ་ཏི་མན་རྟགས་མའི་ཨང་དང་པོ་ཐེངས་དགུ་དང་།   སྤྱི་ལོ1998ལོ་དང་སྤྱི་ལོ2000ལོ།  སྤྱི་ལོ2002ལོ།  སྤྱི་ལོ2004ལོ།  སྤྱི་ལོ2006ལོ།  སྤྱི་ལོ2008ལོ།  སྤྱི་ལོ2012ལོ།  སྤྱི་ལོ2014ལོ་བཅས་ཀྱི་ཡོའུ་པོ་རྟགས་མའི་ཨང་དང་པོ་ཐེངས་བརྒྱད།   སྤྱི་ལོ2004ལོ་དང་སྤྱི་ལོ2006ལོ།  སྤྱི་ལོ2008ལོ།  སྤྱི་ལོ2010ལོ།  སྤྱི་ལོ2012ལོ་བཅས་ཀྱི་ཐང་མུའུ་སི་རྟགས་མའི་ཨང་དང་པོ་ཐེངས་ལྔ།   སྤྱི་ལོ2010ལོ་དང་སྤྱི་ལོ2011ལོའི་འཛམ་གླིང་སྐྱེས་འབུལ་འགྲན་སྡུར་སྐབས་གཉིས་ཀྱི་བྱ་སྒྲོའི་སྤོ་ལོའི་ཨང་དང་པོ་ཁ་ཚང་པོ་བླངས་པ་དང་།   སྤྱི་ལོ2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་སྒྲོའི་སྤོ་ལོའི་ཨང་དང་པོ་ཁ་ཚང་པོ་བླངས་ཤིང་།  གཞན་རྩེ་ཕུད་རྩལ་འཁྲིད་པའི་རྟགས་མ་སོགས་གཟེངས་རྟགས་གང་མང་ཞིག་ཐོབ་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-18

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།