ལི་ཞའོ་ཧྲོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཞའོ་ཧྲོང་།
ལི་ཞའོ་ཧྲོང་ནི་སྤྱི་ལོ1973ལོའི་ཟླ11པའི་ཚེས1ཉིན་ཧུའུ་པེ་ཞིང་ཆེན་ཞན་ཐའོ་གྲོང་ཁྱེར་ནས་སྐྱེས་པ་ཡིན་ཞིང་། ཁོང་ནི་སྔོན་ཀྲུང་གོའི་སྐྱེས་པའི་ལུས་སྦྱོང་རུ་ཁག་གི་རུ་མི་ཡིན་ལ། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་འཐོབ་མཁན་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李小双
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1973ལོའི་ཟླ11པའི་ཚེས1ཉིན།
སྐྱེས་ཡུལ།
ཧུའུ་པེ་ཞིང་ཆེན་ཞན་ཐའོ་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
ལུས་སྦྱོང་།
གྲུབ་འབྲས།
སྤྱི་ལོ1992ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་བའི་རང་མོས་ལུས་སྦྱོང་གི་ཨང་དང་པོ་དང་སྤྱི་ལོ1996ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་དྲུག་པའི་མི་སྒེར་ཀུན་ཐུབ་ཀྱི་ཨང་དང་པོ་སོགས་བླངས།
1 ངོ་སྤྲོད།

ལི་ཞའོ་ཧྲོང་ནི་སྤྱི་ལོ1973ལོའི་ཟླ11པའི་ཚེས1ཉིན་ཧུའུ་པེ་ཞིང་ཆེན་ཞན་ཐའོ་གྲོང་ཁྱེར་ནས་སྐྱེས་པ་ཡིན་ཞིང་།   ཁོང་ནི་སྔོན་ཀྲུང་གོའི་སྐྱེས་པའི་ལུས་སྦྱོང་རུ་ཁག་གི་རུ་མི་ཡིན་ལ།   ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་འཐོབ་མཁན་ཡང་ཡིན།  ཁོང་གིས་ལོ་དྲུག་གི་སྟེང་ནས་བཟུང་ལུས་སྦྱོང་སྦྱོང་བརྡར་བྱེད་འགོ་བརྩམས་ཤིང་།  སྤྱི་ལོ1983ལོའི་ཟླ9བར་ཧུའུ་པེ་ཞིང་ཆེན་གྱི་ལུས་སྦྱོང་རུ་ཁག་ཏུ་ཞུགས།   སྤྱི་ལོ1985ལོར་ཐོག་དང་པོར་རྒྱལ་ཁབ་རུ་ཁག་ཏུ་ཞུགས་ཤིང་།   རྗེས་སུ་རྨས་སྐྱོན་གྱི་དབང་གིས་ཧུའུ་པེ་ཞིང་ཆེན་རུ་ཁག་ཏུ་ཕྱིར་ལོག   སྤྱི་ལོ1988ལོར་ཐེངས་གཉིས་པར་རྒྱལ་ཁབ་རུ་ཁག་ཏུ་ཞུགས་མོད།   འོན་ཀྱང་ཉིན་འགའི་རྗེས་སུ་ལུས་ཕུང་གི་དབང་གིས་ཕྱིར་ཞིང་ཆེན་རུ་ཁག་ཏུ་ལོག   སྤྱི་ལོ1989ལོའི་ཟླ1པོའི་ནང་ཐེངས་གསུམ་པར་རྒྱལ་ཁབ་རུ་ཁག་ཏུ་ཞུགས་ཤིང་།   རྗེས་སུ་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ཏེ་རྒྱལ་སྤྱིའི་འགྲན་སྡུར་ཆེ་མ་ཆུང་གསུམ་དུ་ཞུགས་ལ།  འབྲས་བུའང་གཡུར་དུ་ཟ་བ་བླངས།   སྤྱི་ལོ1997ལོར་ཁོང་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་དེ་ཚོང་ལས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན།

2 གྲུབ་འབྲས།

སྤྱི་ལོ1988ལོའི་རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་ཀྱི་ལུས་སྦྱོང་འགྲན་སྡུར་གྱི་མི་སྒེར་ཀུན་ཐུབ་ཀྱི་ཨང་དང་པོ་དང་།   སྤྱི་ལོ1990ལོའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ལུས་སྦྱོང་འགྲན་སྡུར་གྱི་རང་མོས་ལུས་སྦྱོང་དང་ཚོགས་པའི་ཨང་དང་པོ།   སྤྱི་ལོ1992ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་བའི་རང་མོས་ལུས་སྦྱོང་གི་ཨང་དང་པོ་དང་དཔྱང་ལུང་གི་ཨང་གསུམ་པ།   མི་སྒེར་ཀུན་ཐུབ་ཀྱི་ཨང་ལྔ་བ།   ཚོགས་པའི་ཨང་གཉིས་པ།  སྤྱི་ལོ1993ལོའི་ཟླ5བའི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་རང་མོས་ལུས་སྦྱོང་དང་རྩལ་ཤིང་ཆ་ཅན།   ཚོགས་པའི་ཨང་དང་པོ།  སྤྱི་ལོ1994ལོའི་ཟླ10བའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མི་སྒེར་ཀུན་ཐུབ་དང་རང་མོས་ལུས་སྦྱོང་།  ཚོགས་པའི་ཨང་དང་པོ།   དཔྱང་ལུང་གི་ཨང་གཉིས་པ་དང་།   ཤིང་རྟར་མཆོང་བ་དང་རྩལ་ཤིང་ཆ་ཅན་གྱི་ཨང་གསུམ་པ།  སྤྱི་ལོ1995ལོའི་ཟླ10བའི་འཛམ་གླིང་ལུས་སྦྱོང་སྐྱེས་འབུལ་འགྲན་སྡུར་སྐབས་སུམ་ཅུ་སོ་གཅིག་པའི་མི་སྒེར་ཀུན་ཐུབ་དང་ཚོགས་པའི་ཨང་དང་པོ་དང་།   རང་མོས་ལུས་སྦྱོང་གི་ཨང་གཉིས་པ།  སྤྱི་ལོ1996ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་དྲུག་པའི་མི་སྒེར་ཀུན་ཐུབ་ཀྱི་ཨང་དང་པོ་དང་རང་མོས་ལུས་སྦྱོང་དང་ཚོགས་པའི་ཨང་གཉིས་པ་སོགས་བླངས་མྱོང་ཞིང་།   གཞན་རྒྱལ་ཡོངས་རྩེ་ཕུད་ལུས་རྩལ་བ་བཅུའི་གྲས་སུ་ཐེངས་གང་མང་ཞིག་ལ་བདམས་པ་དང་།   ལུས་རྩལ་ཕྱོགས་ཀྱི་རྟགས་མ་གང་མང་ཞིག་ཀྱང་བླངས་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-18

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།