བོད་ཡིག་ཁྱབ་སྤེལ་གནད་དོན་ཐག་གཅོད་བྱེད་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གལ་ཏེ་བོད་ཡིག་མཉེན་ཆས་ནང་འཇུག་བྱས་མེད་པའི་རྩིས་འཁོར་ནང་བོད་ཡིག་གི་ཡིག་ཆ་དཔར་དགོས་པའམ་བོད་ཡིག་བེད་སྤྱོད་བྱེད་དགོས་ཚེ། བྱེད་ཐབས་གཞན་སྤྱད་དེ་ཐག་གཅོད་བྱེད་ཐུབ་ལ། འདིར་དེའི་སྐོར་གྱི་ཤེས་བྱ་ཉུང་ཙམ་ངོ་སྤྲོད་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏文传播问题的解决办法
1 ཐག་གཅོད་བྱེད་ཐབས།

གཤམ་གྱི་བྱེད་ཐབས་འདི་དག་བཀོལ་ཚེ་དུས་རྒྱུན་འཚོ་བའི་ཁྲོད་ང་ཚོས་བོད་ཡིག་གི་ཡིག་ཆ་དཔར་པའམ་བེད་སྤྱོད་བྱེད་སྐབས་འཕྲད་བཞིན་པའི་གནད་དོན་དེ་དག་ཐག་གཅོད་བྱེད་ཐབས་ཐུབ་པ་ཡིན།

1.macromedia Flash MXམཉེན་ཆས་ཁྲོད་བོད་ཡིག་གཏགས་ཚར་རྗེས་དེ་སྔོན་གཏགས་ཟིན་པའི་བོད་ཡིག་འདེམས་བཟུང(选定)བྱས་ཏེCtrl+Bམནན་ན་པར་རིས་སུ་འགྱུར་ཐུབ་པས་རྩིས་འཁོར་གང་རུང་ནས་ལྟོས་ཀྱང་ཆོག་པ་རེད།

2.Coreldrawཔར་རིས་བཟོ་གྲུབ་བྱེད་པའི་མཉེན་ཆས་ཁྲོད། གདམ་ཐོ་བཀོལ་ནས་བོད་ཡིག་ལ་འདེམས་བཟུང་བྱས་ན་འཁྱོགས་རིས་སུ་འགྱུར་པས་ཐད་ཀར་དུ་བལྟ་ཐུབ་པ་རེད།

3.Photoshopཔར་རིས་བཟོ་གྲུབ་བྱེད་པའི་མཉེན་ཆས་ཁྲོད། གཏགས་ཟིན་པའི་བོད་ཡིག་གི་པར་རིམ(图层)ལ་མཉམ་གྲུབ(删格化)བྱས་ན་བོད་ཡིག་དེ་པར་རིས་ཀྱི་རྣམ་པར་འགྱུར་པས་ཐད་ཀར་དུ་བལྟ་ཐུབ་པ་རེད།

4.དྲ་བའི་སྟེང་བོད་ཡིག་བེད་སྤྱོད་བྱེད་པ།

(1)flashབཀོལ་ནས་བོད་ཡིག་གི་འགུལ་རིས་བཟོས་ཏེ་དྲ་ངོས་སུ་བར་བཅུག་བྱས་ཆོག

(2)Microsoft weftམཉེན་ཆས་ཀྱིས་བོད་ཡིག་གི་འདུས་གྲུབ་ཡིག་ཆ(* .eot )བཟོ་བ་དང་ཡིག་ཆ་དེ་དྲ་ངོས་སྟེང་སྤེལ་ན། བོད་ཡིག་གི་དྲ་ངོས་ལ་བལྟ་ཀློག་བྱེད་སྐབས་རང་འགུལ་གྱིས་རྩིས་འཁོར་སྟེང་བོད་ཡིག་ནང་འཇུག་བྱས་མེད་རུང་བོད་ཡིག་འཆར་ཐུབ་པ་རེད།

5.QQསྟེང་བོད་ཡིག་བཀོལ་སྤྱོད་བྱེད་པ།

(1)Coreldrawནང་གཏགས་པའི་བོད་ཡིག་ཐད་ཀར་དུ་བསྐྱར་འབྲི་བྱས་རྗེསQQནང་ཕབ་འབྲི་བྱས་ཏེ་ཕ་རོལ་བར་བསྐུར་བ།

(2)Photoshopསོགས་མཉེན་ཆས་བཀོལ་ནས་བོད་ཡིག་བྲིས་རྗེས་པར་རིས་ཀྱི་རྣམ་པས་ཕ་རོལ་བར་བསྐུར་བ།

(3)Wordཁྲོད་བོད་ཡིག་གཏགས་རྗེསQQཁྲོད་ཀྱི་པར་བརྙན་འཛིན་བྱེད་བཀོལ་ནས་ཕ་རོལ་བར་བསྐུར་བ།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།