ཧི་གཟུགས་བོད་ཡིག་གཏག་ཐབས(ཀུ་ཤུའི་གློག་ཀླད)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧི་གཟུགས་བོད་ཡིག་གཏག་ཐབས(ཀུ་ཤུའི་གློག་ཀླད)
སྤྱིར་ན་ཀུ་ཤུའི་གློག་ཀླད་ནང་དུ་བོད་ཡིག་གི་ཡིག་གཟུགས་སྣ་ཁ་གཉིས་དང་མཐེབ་གཞོང་ལ་སྣ་ཁ་གསུམ་འདུས་གྲུབ་བྱས་ཡོད་མོད། འོན་ཀྱང་སྐར་ཁུང(Windows)རྒྱུད་ཁོངས་ལ་གོམས་ལོབས་སུ་སོང་བའི་སྤྱོད་མཁན་ཞིག་ལ་མཚོན་ན་ཝེ་རོན་ཧི་མ་ལ་ཡའི་མཐེབ་གཞོང་དེ་ལ་ཅུང་བྱང་ཡོད་པས། ཐོག་མར་ཀུ་ཤུའི་གློག་ཀླད་ལ་འཇུག་དུས་སུ་ཧི་མ་ལ་ཡའི་མཐེབ་གཞོང་ཞིག་ཀྱང་ཡོད་ན་ཅི་མ་རུང་སྙམ་གིན་ཡོད་པ་རེད། ད་ལྟ་མིང་ལ་ལིའུ་ཧྲི་ཟེར་བའི་མི་ཞིག་གིས་ཀུ་ཤུའི་གློག་ཀླད་ནང་དུ་ཆེད་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་མཐེབ་གཞོང་ཅིག་བཟོས་ཡོད་པས་འདིར་མཉེན་ཆས་དེའི་བེད་སྤྱོད་བྱེད་ཐབས་སྐོར་ངོ་སྤྲོད་ཉུང་ཙམ་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
喜马拉雅藏文输入法(苹果电脑)
1 བེད་སྤྱོད་བྱེད་ཐབས།

མཉེན་ཆས་འདི་རིན་མེད་མཁོ་སྤྲོད་བྱེད་ཀྱིན་ཡོད་པས་ན་ལྷན་རྒྱས་ཀྱིས་འདི་ནས་ཕབ་ལེན་བྱེད་ཆོག་པ་ཡིན།

ཕབ་ལེན་གནས། http://pan.baidu.com/s/1pJAEeLl གསང་གྲངས: ipa7

མཉེན་ཆས་ཕབ་ལེན་བྱས་རྗེས་ཐོག་མར་གནོན་སྐྱུང་ལས་གྲོལ་དགོས་པ་དང་། དེ་ནས་གཤམ་གྱི་དཔེ་རིས་ལྟར།

1.jpg.jpg


1.ཡིག་ཆ་དེ་གཉིས་འདྲ་བཤུའམ་མཁོ་ཕབ་བྱེད་དགོས།

དེ་ནས་མྱུར་མཐེབ་འདི་མནོན། shift+command+cདེ་རྗེས་གཤམ་གྱི་དཔེ་རིས་ལྟར།

2.jpg.jpg

2.དབྱིན་ཡིག་རྒྱུད་ཁོངས་ཁྲོད་དུ་ཡིག་ཆ་སྦྱར་སའི་ལམ་ཐིག་གསལ་སྟོན།

3.jpg.jpg

3.རྒྱ་ཡིག་རྒྱུད་ཁོངས་ཁྲོད་དུ་ཡིག་ཆ་སྦྱར་སའི་ལམ་ཐིག་གསལ་སྟོན།

དེ་ལྟར་གྲུབ་རྗེས་ཁྱེད་ཀྱི་གློག་ཀླད་ཁྲོད་དུ་ཧི་མ་ལ་ཡའི་མཐེབ་གཞོང་སྒྲིག་འཇུག་བྱས་ཟིན་པ་དང་། མཛུབ་གནོན་ཁྲོད་དུ་ཁ་སྣོན་བྱེད་ཚུལ་ནི་ཕལ་ཆེར་ཁྱེད་རང་གིས་ཀྱང་མཁྱེན་སྲིད་ལ། དེ་ནི་གཤམ་གསལ་ལྟར།

4.jpg.jpg


4.མཛུབ་གནོན་ཁ་སྣོན་བྱེད་པ།   

45.jpg.jpg

5.Tibetan-Himalayaཅེས་པ་དེ་འདེམས་པ།


6.jpg.jpg

6.དེ་ནི་ཧི་མ་ལ་ཡའི་མཐེབ་གཞོང་ངོ་།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།