Skype
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Skype
ད་ལྟའི་ཆར་བོད་ཡིག་ནི་སྒེའུ་ཁུངWindowsདང་ཀུ་ཤུMac)དེ་བཞིནLiunxསོགས་རྩིས་འཁོར་གྱི་རྒྱུད་ཁོངས་སོ་སོ་དངiPhoneདང་iPadསོགས་ལག་འཁྱེར་ཁ་པར་དང་ལག་འཛིན་གློག་ཀླད་ནང་དུ་ཚུད་ཡོད་ཅིང་། སྒེའུ་ཁུང་རྒྱུད་ཁོངས་ནང་དུ་ཝའེ་རོན་ཧི་མ་ལ་ཡ(Microsoft Himalaya)ཡིག་གཟུགས་དང་། ཀུ་ཤུའི་ནང་དུ་ཀེ་ལ་ཤ(Kailasa)ཡིག་གཟུགས། དེ་བཞིནLiunxནང་དུ་བོད་ཡིག་རྩིས་འཕྲུལ་གཟུགས(Tibetan Machine) ཡིག་གཟུགས་སོགས་མིང་འདོགས་དང་ཆེ་ཆུང་མ་འདྲ་པ་ཙམ་མ་གཏོགས་ཚང་མས་གཅིག་གྱུར་ཨང་སྒྲིག་གི་ཚད་གཞི་སྤྱད་ཡོད་པས་བོད་ཡིག་འདི་ལོ་རྒྱུས་སྟེང་གི་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པ་རེད། དེ་ནི་ཤིན་ཏུ་དགའ་འོས་པའི་དོན་ཞིག་ཡིན་ལ། དེ་ཅི་ལྟར་བཀོལ་སྤྱོད་བྱེད་མིན་ནི་ང་ཚོ་རང་ཉིད་ལ་རག་ལས་པ་ཡིན། བརྡ་འཕྲིན་ཅན་གྱི་དུས་རབས་འདིར་མི་ཚང་མས་དྲ་རྒྱར་འབྲེལ་འདྲིས་བྱེད་དགོས་ཤིང་དྲ་རྒྱའི་བཀོལ་སྤྱོད་ཁྲོད་དུ་ཕན་ཚུན་དབར་གླེང་མོལ་བརྒྱུད་ནས་འབྲེལ་འདྲིས་བྱེད་པ་ནི་ཆེས་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྲུབ་ཡོད། བོད་ནང་དུ་མཚོན་ན་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཏེ་ཀུན་ལ་ཆ་རྒྱུས་ཡོད་ཅིང་སྤྱོད་བཞིན་པ་ནིQQཅེས་པའི་གླེང་མོལ་མཉེན་ཆས་དེ་ཡིན་ལ། ཕྱིར་སྡོད་བོད་མི་ཚོའི་ཁྲོད་དུ་ཅུང་དར་ཁྱབ་ཆེ་བ་ནི་སུ་ཀེ་ཕུ(Skype)དང་ཡཱ་ཧུའུ(Yahoo! Messenger)དང་། སྒེའུ་ཁུང(Windows Live)སོགས་གླེང་མོལ་མཉེན་ཆས་ལ་རིགས་མང་པོ་ཡོད། མཉེན་ཆས་རེ་འགའ་ལས། གཞན་གླེང་མོལ་མཉེན་ཆས་སོ་སོའི་ནང་དུ་བོད་ཡིག་སྤྱོད་ཆོག་གི་ཡོད། འདིར་སུ་ཀེ་ཕུ(Skype)གླེང་མོལ་མཉེན་ཆས་ནང་དུ་བོད་ཡིག་ཅི་ལྟར་སྤྱོད་ཚུལ་དཔེ་རིས་དང་སྦྲགས་ནས་ངོ་སྤྲོད་བྱ།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
Skype
མཉེན་ཆས་སྐད་བརྡ།
སྐད་རིགས་སྣ་ཚོགས།
རིགས་དབྱེ།
དྲ་རྒྱའི་ཁ་པར།
1 ཕབ་ལེན།

ཕབ་ལེན་བྱེད་ཚུལ་ལ་རིགས་གཉིས་ཏེ། གཅིག་ནི་སི་ཀེ་ཕུ་གཞུང་འབྲེལ་དྲ་བ་དང་། ཅིག་ཤོས་ནི་རྒྱ་ནག་གི་ཐཱོམ(Tom)དྲ་ཚིགས་སྟེང་ནས་ཕབ་ལེན་བྱེད་པ་དེ་རེད།

1.སི་ཀེ་ཕུ་གཞུང་འབྲེལ་དྲ་བའི་ཕབ་ལེན་བྱེད་གནས།   

http://download.skype.com/SkypeSetupFull.exe 

2.ཐཱོམ(Tom)དྲ་ཚིགས་སྟེང་ནས་ཕབ་ལེན་བྱེད་གནས།

http://skype.tom.com/

2 སྒྲིག་འཇུག 

ཕབ་ལེན་བྱས་ཚར་རྗེས་རང་ཉིད་ཀྱི་རྩིས་འཁོར་ནང་སྒྲིག་འཇུག་བྱེད་ཚུལ་གཤམ་གསལ་ལྟར།

1.jpg.jpg

གོ་རིམ་དང་པོ།

2.jpg.jpg

གོ་རིམ་གཉིས་པ།

3 བཀོལ་སྤྱོད།

མཉེན་ཆས་དེ་ཕབ་ལེན་བྱས་ཚར་རྗེས་ཐོག་མར་རང་ཉིད་ཀྱི་རྩིས་འཁོར་ནང་སྒྲིག་འཇུག་བྱོས། དེ་རྗེས་ཐོ་འགོད་བྱེད་དགོས།

3.jpg.jpg

1.ཐོ་འགོད་བྱེད་པ།

4.jpg.jpg

2.ཐོ་འགོད་པ།

5.jpg.jpg

3.ཐོ་ཁོངས་བཟོ་བ།

6.jpg.jpg

4.ནང་འཇུག་བྱེད་པ།

7.jpg.jpg

5.གླེང་མོལ་མཉེན་ཆས།

4 བོད་ཡིག་གི་ཡིག་གཟུགས་ཆེ་རུ་གཏོང་ཐབས།

གླེང་མོལ་བྱེད་དུས་སུ་བོད་ཡིག་གི་ཡིག་གཟུགས་ཆུང་དྲགས་པའི་གནད་དོན་དེ་སེལ་དགོས་ན་གཤམ་གསལ་ལྟར་སྒྲིག་བཀོད་བྱེད་དགོས།

1.jpg.jpg

1.ཡོ་བྱད་ལས་འདེམས་བྱང་།

2.jpg.jpg

2.ཁ་བརྡའི་བཟོ་དབྱིབས།

3.jpg.jpg

3.ཡིག་གཟུགས་བརྗེ་བ།

4.jpg.jpg

4.ཡིག་གཟུགས་འདེམས་པ(ཡིག་གཟུགས་དང་ཆེ་ཆུང་ལ་རང་ཉིད་ཀྱི་འདོད་མོས་ལྟར་འདེམས་ཆོག)

5.jpg.jpg

5.ཉར་ཚགས་བྱེད་པ།

6.jpg.jpg

6.གླེང་མོལ་བྱེད་པ།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།