ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་ཁྱེར་ཁ་པར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་ཁྱེར་ཁ་པར།
ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་ཁྱེར་ཁ་པར་ཐོན་རིམ་དང་པོ་ནི2012ལོའི་ཟླ9པའི་ཚེས20ཉིན་འགོ་བརྩམས་ནས་མཚོ་སྔོན་ཡུལ་ཤུལ་ས་ཁུལ་དུ་ཚོང་རར་བཀྲམས་པ་དང་ཀུང་སིའི་མི་སྣ་ཡོངས་ཀྱི་བརྩོན་པ་ལྷུར་ལེན་དང་བཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་ཁྱེར་ཁ་པར་ཐོན་རིམ་གཉིས་པ་དང་ཨེ་མ་ཧོ་སྤྱིར་བཏང་བོད་ཡིག་ལག་ཁྱེར་ཁ་པར་བཅས་ཟླ12པའི་ཚེས12ཉིན་འགོ་བརྩམས་ནས་བོད་ཡུལ་ཡོངས་སུ་རིམ་བཞིན་ཚོང་རར་བཀྲམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哎玛虎藏文智能手机
བརྙན་མིག
བརྙན་རྒྱུ་ཁྲི་ལྔ་བརྒྱ།
མ་ལག
Android 2.3.6
དྲ་བའི་རྒྱབ་སྐྱོར།
CDMA2000 EVDO RevA 1x 800MHz  GSM:900/1800MHZ
1 ཁྱད་ཆོས།

ཐོན་རིམ་དང་པོའི་རྨང་གཞི་སྟེང་སྲ་ཆས་དང་མཉེན་ཆས་གྲངས་མང་ཞིག་སྔར་ཡོད་དར་སྤེལ་དང་སྙིགས་དོར་བཅུད་ལེན་གྱི་སྤུས་དག་ཅིག་ཡོད་པ་མ་ཟད་བཀོལ་ཡོད་པའི་མིང་བརྡ་ཚིག་གསུམ་སོགས་ནི་འབྱུང་ཁུངས་མེད་པའི་ཡིག་ནོར་རྡབ་བེ་རྡོབ་བེ་ཞིག་མིན་པར། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་བསྐྲུན་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བརྡ་འཕྲིན་ལག་རྩལ་མིང་མཛོད་བཅས་ལ་གཞི་འཛིན་བྱས་པ་དང་། ཞོར་དུ་མདོ་དབུས་ཁམས་གསུམ་གྱི་གཙུག་ཏུ་ཁུར་བའི་དགེ་རྒན་དང་མཁས་དབང་གྲངས་མང་ཞིག་གི་ཐུགས་ཁུར་དང་རྒྱབ་སྐྱོར་སོགས་ལ་བརྟེན་ནས་མིང་ཚིག་དང་ཐ་སྙད་ཀྱི་དཀའ་ངལ་གཞི་རྩའི་ཆ་ནས་སེལ་འགོ་བརྩམས།

2 ཐོན་རིམ་གཉིས་པའི་ནུས་པ།

1.མ་ལག་པར་རིམandroid2.2.3ནསandroid2.3.6ལ་སྤར་ཡོད།

2.རྒྱུད་ཁོངས་མ་ལག་གཏན་འཇགས་རང་བཞིན་གོང་འཕེལ་དུ་བཏང་ཡོད། 

3.འཆར་ཡོལ་སྣེ་ཟུར་གྱི་མཐོང་རྒྱ་ཆེ་རུ་བཅུག་པས་འཆར་བའི་སྤུས་ཚད་སྔར་ལས་བཟང་།

4.པར་ཆས་ཀྱིས་པར་ལེན་སྐབས་རང་འགུལ་དམིགས་སྒྱུར་གྱི་བྱེད་ནུས་གསར་སྣོན་བྱས་ཡོད། 

5.པར་ཆས་ཀྱིས་པར་ལེན་སྐབས་པར་རིས་སྔོན་ལས་མངོན་གསལ་དོད་པ། 

6.ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་ཁྱེར་ཁ་པར་གྱི་སྒྲིག་སྦྱོར་གཤམ་ལྟར།   

འཆར་ཤེལ། དབྱིན་ཚོན 4.0 480*800དྭངས་གསལ་ཅན།  

མ་ལག Android 2.3.6   བརྙན་མིག བརྙན་རྒྱུ་ཁྲི་ལྔ་བརྒྱ།   

དྲ་བའི་རྒྱབ་སྐྱོར། CDMA2000 EVDO RevA 1x

800MHz GSM:900/1800MHZ

ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་སྤོ་འགུལ་འཕྲིན་གཏོང་། ཀྲུང་གོ་འབྲེལ་འཕྲིན་བཅས་ཀྱི་དྲ་བར་རྒྱབ་སྐྱོར་འདུག

3 ཐོན་རིམ་གཉིས་པའི་བཀོལ་སྤྱོད་བསྒྲིགས་རིམ།

1.བོད་ཡིག་ལྡན་པའི་འཕྲིན་ཕྲན།

1.jpg.jpg

2.jpg.jpg

2.བོད་ཡིག་གླུ་ཚིག་འཆར་ཐུབ་པའི་གླུ་གཞས་གཏོང་ཆས།

3.jpg.jpg

4.jpg.jpg

5.jpg.jpg

3.བཀོལ་སྤྱོད་བདེ་བའི་བརྗེད་ཐོ་འབྲི་དེབ།

6.jpg.jpg

7.jpg.jpg

4.དཔེ་ཆ་བརྒྱ་ལྷག་ཡོད་པའི་གློག་རྡུལ་དཔེ་ཆ་ཀློག་ཆས།

8.jpg.jpg

9.jpg.jpg

5.བྱིས་པའི་རྩེད་མོ་ཀ་ཁ་སྦྲེལ་པ།

10.jpg.jpg

6.རྩེད་མོ་བོད་བསྒྱུར་བྱས་པའི་ཤིང་ཏོག་གཤག་པ།

11.jpg.jpg

སྤྱིར་བཏང་བོད་ཡིག་ལག་འཁྱེར་ཁ་པར་འདི་རིན་གོང་དམའ་ན་ཡང་ཁྱད་ཆོས་མ་དམན་པ་ཞིག་མཆིས། CDMAདངGSMགཉིས་ཀྱི་དྲ་བའི་བྱང་བུ་འཇུག་ཆོག་པ་དང་འཆར་ངོས་ལ་བྲིས་འཇུག་ཆོག ད་དུང་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅིག་ནི་མཐེབ་གནོན་གྱི་སྟེང་དུ་དབྱངས་གསལ་རིམ་པ་བཞིན་བཀོད་ཡོད་པ་དེ་དག་གིས་ཆ་འཕྲིན་སྐུར་བ་དང་མིང་ཐོ་ཉར་བ་སོགས་སྟབས་བདེ་ཡིན་ནོ།།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།