བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད།
བློ་བཟང་གློག་རྡུལ་ཚིག་མཛོད་ཆེན་མོ་འདི་ནི་སྔོན་མའི་གློག་རྡུལ་ཚིག་མཛོད་ཀྱི་རྨང་གཞིའི་སྟེང་གསར་དུ་བཟོས་པ་ཞིག་སྟེ། བོད་ཡིག་ཆ་འཕྲིན་ལག་རྩལ་གསར་བ་སྤྱད་ཡོད་པར་མ་ཟད། ནང་འཇུག་བྱས་པའི་ཚིག་མཛོད་ཀྱི་གྲངས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པར་བཏང་ཡོད་པས། བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་དང་སློབ་སྦྱོང་འཕྲུལ་ཆས་ཀྱི་བྱེད་ནུས་གཉིས་དང་ལྡན་པའི་གློག་རྡུལ་འཕྲུལ་ཆས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
LZ-1510藏汉英电子词典
རིན་གོང་།
སྒོར། 1200
ཁྱད་ཆོས་གཙོ་བོ།
གློག་རྡུལ་ཚིག་མཛོད་འདིར་བསྡོམས་པས་ཚིག་མཛོད60ཡོད།
1 བྱེད་ནུས།

1.གློག་རྡུལ་ཚིག་མཛོད་ཀྱི་བྱེད་ནུས།

བོད་རྒྱ་དབྱིན་ཚིག་མཛོད་ཆ་ཚང34ཡི་ནང་དོན་བསྡུ་རུབ་བྱས་ཡོད་པ་དང༌། སྤྱིར་བཏང་གི་རིགས། ཚན་རྩལ་གྱི་རིགས། ཆོས་ལུགས་ཀྱི་རིགས་གསུམ་དུ་དབྱེ་ཡོད། བོད་རྒྱ་དབྱིན་ཡིག་རིགས་གསུམ་གྱི་མིང་ཚིག་ཕན་ཚུན་ཡིག་བསྒྱུར་བྱེད་ཐུབ་པ་དང༌། ཚིག་མཛོད་མི་འདྲ་བའི་ནང་ནས་མིང་ཚིག་ཁེར་འཚོལ་བྱེད་ཐུབ་པ་དང༌། ཚིག་མཛོད་མང་པོའི་ནང་མཉམ་འཚོལ་བྱེད་པའི་ནུས་པའང་ཡོད། ད་དུང་མིང་ཚིག་དག་མིའི་སྒྲ་གདངས་ངོ་མ་ལས་ཐོན་པའི་ཀློག་འདོན་བྱེད་ནུས་ལྡན།

2.གློག་རྡུལ་དཔེ་དེབ་ཀྱི་བྱེད་ནུས།

སྣ་མང་གློག་རྡུལ་དཔེ་དེབ25ནང་དོན་ཚུད་པ་དང༌། བོད་ཡིག་སྣ་མང་དཔེ་དེབ12ཡོད། དེའི་ནང་ལོ་རྒྱུས་དང༌། མི་སྣ་གྲགས་ཅན། ལེགས་བཤད། གཏམ་དཔེ། བོད་སྨན། ནང་ཆོས། གནའ་ཤུལ། དམངས་སྲོལ། གཏམ་རྒྱུད་ལ་སོགས་པའི་ནང་དོན་འདུས་ཡོད། རྒྱ་ཡིག་སྣ་མང་གློག་རྡུལ་དཔེ་དེབ13ཡོད། དེའི་ནང་ཐང་རབས་སྙན་ངག སུང་རབས་ཚིག ཡིག་གསུམ་ཆོས། ལྷ་སྒྲུང་གཏམ་རྒྱུད། བསམ་བློའི་རིག་གཞུང༌། སྲོལ་རྒྱུན་རིག་གནས། ཀྲུང་གོའི་སྒྱུ་རྩལ་སོགས་འདུས་པས། རང་རྒྱལ་གྱི་རྒྱ་བོད་སྲོལ་རྒྱུན་རིག་གནས་དང༌། མི་རིགས་གོམས་སྲོལ་དང་ལོ་རྒྱུས་སོགས་ཤེས་རྟོགས་བྱེད་ཐུབ།

3.སློབ་སྦྱོང་བྱེད་པའི་ནུས་པ།

བོད་རྒྱ་དབྱིན་གསུམ་གྱི་ཚིག་དང་བརྗོད་པའི་ཤེས་རྟོགས་ཀྱི་ནུས་པ་ཆེར་བསྐྱེད་བྱ་ཐུབ། རྟོགས་དཀའ་བ་དང་ཡིད་འཛིན་དཀའ་བའི་མིང་སྣ་ཚོགས་ཚིག་མཛོད་ནང་འཚོལ་ཞིབ་བྱས་ཏེ། རིགས་འདྲ་མིན་གྱི་འགྲེལ་བ་བྱེད་སྟངས་དང་ཚིག་གྲོགས་སྦྱོར་བ་དང་ཚིག་སྒྲིག་པ་སོགས་ལ་ཞིབ་བལྟ་བྱེད་པ། མིང་ཚིག་དག་མིའི་སྒྲ་གདངས་ངོ་མ་ལས་ཐོན་པའི་ཀློག་འདོན་ཐུབ་པ་དང༌། དེའི་རིགས་བསྐྱར་ཀློག་ཀྱང་བྱེད་ཐུབ། དེ་མིན་ཁ་གསལ་ཚད་ལྡན་གྱི་དབྱིན་ཡིག་ཁ་སྐད་སྦྱོང་བ། ཚད་ལྡན་གྱི་ རྒྱའི་སྤྱི་སྐད་སློབ་སྦྱོང་ཐུབ་པ་སོགས་འདུས།

4.གློག་ཀླད་རྩོམ་སྒྲིག་བྱེད་ནུས།

ཚིག་མཛོད་ཀྱིWordPadནང་བོད་རྒྱ་དབྱིན་ཡིག་རིགས་རྩོམ་འབྲི་ཐུབ་པ་མ་ཟད། བོད་ཡིག་གི་ཡིག་ཆའི་མིང་ལ་བོད་ཡིག་གིས་མིང་བཏགས་ནས་ཉར་ཚགས་བྱེད་ཐུབ་པ་དང༌། USBམཐུད་ཁ་བརྒྱུད་ནས་རང་ཉིད་ཀྱི་གློག་ཀླད་ནང་བླུགས་ཏེ་ཐད་ཀར་བཟོ་བཅོས་དང་པར་འདེབས་ཀྱང་བྱ་ཐུབ།

2 ཁྱད་ཆོས།

1.གློག་རྡུལ་ཚིག་མཛོད་འདིར་བསྡོམས་པས་ཚིག་མཛོད60ཡོད་ལ། ཚིག་མཛོད་རང་གིས་སྒྲིག་བཟོ་བྱ་ཆོག་པར་མ་ཟད། ཐ་སྙད་གསོག་ཉར་བྱེད་པ་དང་སྔར་བཙལ་བའི་ཐ་སྙད་དག་ཟིན་ཐོར་བསྡུ་ཉར་བྱེད་པ་བཅས་ཀྱི་བྱེད་ནུས་དང་ལྡན་པས། ལོ་ཙཱའི་ལས་དང་པོ་བ་དག་གི་ལས་རོགས་འཇོན་པོ་ཞིག་ཡིན།

2.འདིའི་ནང་གི་ཚིག་མཛོད་ལ་སྤྱིར་བཏང་གི་ཚིག་མཛོད་ལས་གཞན་ཚན་རྩལ་སྐོར་གྱི་ཚིག་མཛོད་དང་ཆོས་ལུགས་སྐོར་གྱི་ཚིག་མཛོད་ཀྱང་ཡོད་ལ། བོད་རྒྱ་དབྱིན་གསུམ་གྱི་ཐ་སྙད་ཡིག་སྒྱུར་བྱེད་ཐུབ་པར་མ་ཟད། ཐ་སྙད་གཅིག་ལ་རྒྱ་བོད་དབྱིན་གསུམ་གྱི་འགྲེལ་མང་པོ་མཉམ་འཚོལ་བྱེད་ཐུབ།

3.བོད་དབྱིན་གྱི་གསལ་བྱེད་ཡི་གེ་དང་རྒྱའི་ཡི་གེ་འབྲི་ཀློག་གི་གོ་རིམ་དང་སྐད་ཆ་སྦྱང་ཆོག་ལ། གཞན་ད་དུང་བརྡ་སྤྲོད་ཀྱི་ཤེས་བྱ་དང་བོད་རྒྱའི་སྔོན་བྱོན་མཁས་དབང་དག་གི་བརྩམས་ཆོས་མང་པོ་ཞིག་ལ་ལྟ་ཀློག་བྱས་ཆོག་པས། བོད་རྒྱ་དབྱིན་གསུམ་གྱི་ཡི་གེར་འཇུག་པའི་ཡོ་བྱད་ལེགས་ཤོས་ཤིག་ཡིན།

4.འཕྲུལ་ཆས་འདིར་དམིགས་བསལ་གྱི་ཕབ་གཞོང་འཆར་འགོད་བྱས་ཡོད་པས། རྒྱལ་ཕྱི་དང་རྒྱལ་ནང་གི་ཚད་ལྡན་བོད་ཡིག་གཏག་ཐབས(ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས)དང་གཅིག་མཚུངས་ཡིན་ལ། མཐེབ་གནོན་གཅིག་གིས་བོད་རྒྱ་དབྱིན་གསུམ་གྱི་འཆར་ངོས་བརྗེ་སྒྱུར་བྱས་ཆོག་པར་མ་ཟད། རྒྱུན་སྤྱོད་ཀྱི་རྒྱ་ཡིག་དང་དབྱིན་ཡིག་ནང་འཇུག་བྱེད་ཐབས་ཡོད་ཅིང་། འཆར་ངོས་སྟེང་ལག་བྲིས་ཀྱང་བྱས་ཆོག གཞན་ད་དུང་འགྲེལ་བཤད་ངོས་དང་དེབ་སྣ་ཚོགས་ལ་ལྟ་ཀློག་བྱེད་དུས་ཡིག་གཟུགས་ཀྱི་ཆེ་ཆུང་གང་དགར་སྒྱུར་ཆོག་པ་ཡིན།

5.ཚིག་མཛོད་འདིའི་ཐ་སྙད་བཤེར་འཚོལ་གྱི་བྱེད་ནུས་ཤིན་ཏུ་མཐོ་ཞིང་། ལྟ་ཀློག་སྐབས་འཆར་ངོས་ལས་ཐད་ཀར་ཐ་སྙད་བཤེར་འཚོལ་བྱས་ཆོག་ལ། བཙལ་ཟིན་པའི་ཐ་སྙད་ཀློག་འདོན་བྱེད་ཐུབ་པར་མ་ཟད། དབྱིན་ཡིག་དང་རྒྱ་ཡིག་གི་ཚིག་དུམ་ཡིག་སྒྱུར་བྱེད་པའི་ནུས་པའང་ལྡན།

6.འཕྲུལ་ཆས་འདི་ནི་ཚོན4.3ཅན་གྱི་ཚོན་ལྡན་ནོམ་ཉུག་བརྙན་ཤེལ་དང་ཚོན་ཁྲ་ཁྲི26.2ཅན་ཡིན་པས་འཆར་ངོས་གསལ་ཞིང་དྭངས་པའི་ཁྱད་ཆོས་ལྡན་ལ། ནང་གསོག་གི་ཤོང་ཚདG4ནསG32ལ་རྒྱ་བསྐྱེད་བྱས་ཆོག གཞན་ཡངMP3ལས་གཞས་ཚིག་འཆར་ཐུབ་པར་མ་ཟད། བརྙན་ཟློས་གཏོང་བ་དང་སྒྲ་འབེབ་ཐུབ་ལ། གློག་རྡུལ་དཔེ་དེབ་དང་གློག་རྡུལ་པར་རིས་སོགས་ལ་གཟིགས་ཀྱང་ནུས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།