ཡོན་ཝེ་མིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོན་ཝེ་མིན།
ཡོན་ཝེ་མིན་ནི་ཅང་སུའུ་སུའུ་ཀྲོའུ་ཡི་མི་ཡིན་ཞིང་། ཁོང་སྔོན་ཀྲུང་གོའི་སྐྱེས་པའི་རྡེབ་གྲུག་རུ་ཁག་གི་རུ་མི་ཡིན་ལ། རྗེས་སུ་ཀྲུང་གོའི་སྐྱེས་མའི་རྡེབ་གྲུག་རུ་ཁག་གི་རྩལ་འཁྲིད་པ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས་མྱོང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
袁伟民
ཕྱི་ཡིག་གི་མིང་།
YuanWeiMin
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1939ལོའི་ཟླ7པ།
སྐྱེས་ཡུལ།
ཅང་སུའུ་སུའུ་ཀྲོའུ།
ལས་རིགས།
ལུས་རྩལ་གྱི་བྱ་བ་བསྒྲུབ་མཁན།
དད་མོས།
གུང་ཁྲན་རིང་ལུགས།
གྲུབ་འབྲས།
ཀྲུང་གོའི་སྐྱེས་མའི་རྡེབ་གྲུག་རུ་ཁག་ཁྲིད་ནས་ཐེངས་གསུམ་ལ་འཛམ་གླིང་རང་བཞིན་གྱི་འགྲན་སྡུར་ལས་ཨང་དང་པོ་བླངས་པ་དང་སྤྱི་ལོ2007ལོར་རྡེབ་གྲུག་མི་གྲགས་གླིང་དུ་བདམས།
1 ངོ་སྤྲོད།

ཡོན་ཝེ་མིན་ནི་སྤྱི་ལོ1939ལོའི་ཟླ7པར་ཅང་སུའུ་སུའུ་ཀྲོའུ་རུ་སྐྱེས་ཤིང་།   ནན་ཅིང་ལུས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན།   སྤྱི་ལོ1958ལོར་ཅང་སུའུ་སྐྱེས་པའི་རྡེབ་གྲུག་རུ་ཁག་ཏུ་ཞུགས་ཤིང་།   སྤྱི་ལོ1962ལོར་རྒྱལ་ཁབ་རྡེབ་གྲུག་རུ་ཁག་ཏུ་ཞུགས་ནས་འགོ་འཛིན་པ་གཙོ་བོ་དང་དང་རུ་དཔོན་ལ་བདམས།   རྒྱལ་སྤྱིའི་འགྲན་སྡུར་ཐེངས200ལྷག་ལ་ཞུགས་མྱོང་བ་དང་།  སྤྱི་ལོ1976ལོའི་ཟླ6པ་ནས་རྒྱལ་ཁབ་སྐྱེས་མའི་རྡེབ་གྲུག་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོའི་འགན་ཁུར་ཏེ་ཀྲུང་གོའི་རྡེབ་གྲུག་ལ་བྱས་རྗེས་ལ་རླབས་ཆེན་བཞག   སྤྱི་ལོ1984ལོ་ནས་བཟུང་ཁོང་གིས་སྔ་གཞུག་ཏུ་རྒྱལ་ཁབ་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་དབུ་ཆེན་གཞོན་པ།  ཀྲུང་གོའི་ཨོ་རྩལ་ལྷན་ཚོགས་ཀྱི་དབུ་ཆེན་གཞོན་པ།   རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་།  ཀྲུང་གོའི་ཨོ་རྩལ་ལྷན་ཚོགས་ཀྱི་དབུ་ཆེན།   ཀྲུང་གའི་རྡེབ་གྲུག་མཐུན་ཚོགས་ཀྱི་དབུ་ཆེན།  ཀྲུང་གོའི་ཨོ་རྩལ་ལྷན་ཚོགས་ཀྱི་ངར་སྐྱེད་རྫས་འགོག་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་སོགས་ཀྱི་འགན་བཞེས་མྱོང་ཞིང་།   ད་ལྟ་ཀྲུང་གོའི་རྐང་གྲུག་མཐུན་ཚོགས་ཀྱི་དབུ་ཆེན་དང་ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྒྲོག་ལྟེ་གནས་ཀྱི་དབུ་ཆེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། 

2 གྲུབ་འབྲས། 

ཁོང་ཀྲུང་གོའི་སྐྱེས་མའི་རྡེབ་གྲུག་རུ་ཁག་གི་རྩལ་འཁྲིད་པ་ཡིན་དུས།   ཁོས་ཀྲུང་གོའི་སྐྱེས་མའི་རྡེབ་གྲུག་རུ་ཁག་ལ་བཀོད་འདོམས་བྱས་ཏེ་སྤྱི་ལོ1981ལོའི་འཛམ་གླིང་བུམ་པའི་སྐྱེས་མའི་རྡེབ་གྲུག་འགྲན་སྡུར་སྐབས་གསུམ་པའི་ཨང་དང་པོ་དང་།   སྤྱི་ལོ1982ལོའི་འཛམ་གླིང་སྐྱེས་མའི་རྡེབ་གྲུག་སྐྱེས་འབུལ་འགྲན་སྡུར་སྐབས་དགུ་བའི་ཨང་དང་པོ།   སྤྱི་ལོ1984ལོའི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་གྱི་སྐྱེས་མའི་རྡེབ་གྲུག་འགྲན་སྡུར་གྱི་ཨང་དང་པོ་བཅས་བླངས་ཤིང་།   འཛམ་གླིང་བུམ་པའི་སྐྱེས་མའི་རྡེབ་གྲུག་འགྲན་སྡུར་སྐབས་གསུམ་པའི་སྟེང་ཁོང་ལ་རྩེ་ཕུད་རྩལ་འཁྲིད་པའི་རྟགས་མ་ཐོབ།   གཞན་ཁོང་ལ་རྒྱལ་ཁབ་ལུས་རྩལ་འགུལ་སྐྱོད་ཀྱི་གཟི་ལྡན་གཟེངས་རྟགས་ཐེངས་གསུམ་ལ་ཐོབ་པ་དང་།   སྤྱི་ལོ2007ལོར་ཨ་རིའི་རྡེབ་གྲུག་མི་གྲགས་གླིང་གིས་ཁོང་ལ་ཕུལ་བྱུང་རྩལ་འཁྲིད་པའི་རྟགས་མ་གནང་བ་མ་ཟད་རྡེབ་གྲུག་མི་གྲགས་གླིང་དུ་བདམས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།