འགྲོས་འགྲན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགྲོས་འགྲན།
འགྲོས་འགྲན་ནི་བསྲན་ཤུགས་འཕེལ་རྒྱས་སུ་གཏོང་བའི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཤིག་ཡིན། དེའི་ཁྱད་ཆོས་ནི་རྐང་པ་གཉིས་རེས་མོས་ཀྱིས་སྡེབ་སྟེ་འགྲོ་བ་དང་། གོམ་ཞེང་ཆེ་བ་དང་གོམ་ཚད་མགྱོགས་པ། སྒྲིག་སྲོལ་ངེས་ཅན་གྱིས་འགོག་རྐྱེན་ཐེབས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
竞走
ཕྱི་ཡིག་གི་མིང་།
Race Walking
1 ངོ་སྤྲོད།

འགྲོས་འགྲན་ནི་བསྲན་ཤུགས་འཕེལ་རྒྱས་སུ་གཏོང་བའི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཤིག་ཡིན།   དེའི་ཁྱད་ཆོས་ནི་རྐང་པ་གཉིས་རེས་མོས་ཀྱིས་སྡེབ་སྟེ་འགྲོ་བ་དང་།   གོམ་ཞེང་ཆེ་བ་དང་གོམ་ཚད་མགྱོགས་པ།  སྒྲིག་སྲོལ་ངེས་ཅན་གྱིས་འགོག་རྐྱེན་ཐེབས་པ་ཡིན།  འགྲོས་འགྲན་ནི་སྤྱིར་བཏང་གི་འགྲོ་སྟངས་ནས་འགྱུར་འོངས་པ་ཞིག་ཡིན་ཡང་།   ལམ་རིང་བོར་སྐྱེན་པོར་བགྲོད་དགོས་ཕྱིར་འགྲོས་འགྲན་གྱི་དཔུང་ངར་དང་།   གོམ་སྟབས།  དཔྱི་གཅུ་བ་སོགས་ཀྱང་དེ་བསྟུན་གྱི་འགྱུར་བ་ངེས་ཅན་རེ་ཡོད།   བོད་ཀྱི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལོ2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སུ་སྐྱེས་མའི་སྤྱི་ལེ20ཅན་གྱི་འགྲོས་འགྲན་ལ་དུས་ཚོད1དང་སྐར་མ25དང་སྐར་ཆ16གི་དུས་ཚོད་ཀྱིས་ཨེ་ཤ་ཡའི་ཟིན་ཐོ་གཏོར་ནས་དངུལ་གྱི་རྟགས་མ་བླངས་བ་དང་།   སྤྱི་ལོ2015ལོའི་རྒྱལ་ཡོངས་འགྲོས་འགྲན་སྐྱེས་འབུལ་འགྲན་སྡུར་སྟེང་སྐྱེས་མའི་སྤྱི་ལེ20ཅན་གྱི་ཨང་དང་པོ་བླངས་བ་ཡིན།

2 ལོ་རྒྱུས་བརྒྱུད་རིམ།

དུས་རབས19བའི་ཡར་སྔོན་དུ་དབྱིན་ཇི་ནས་ཐོག་མར་འགྲོས་འགྲན་གྱི་བྱ་འགུལ་བྱུང་ཡོད་ལ།   དུས་རབས19བའི་མཇུག་ཏུ་འགྲོས་རྒྱུག་དེ་ཡོ་རོབ་གླིང་དང་མེ་གླིང་ནས་གྲུབ་ཟིན་ཡོད།   འགྲོས་རྒྱུག་གི་འགྲན་སྡུར་ཕལ་ཆེ་བ་ནི་གཞུང་ལམ་ནས་བྱས་ཀྱང་ཆེས་མཇུག་མའི་བསྐོར་བ་དེ་ལུས་རྩལ་ར་བ་ནས་བྱེད་དགོས་པ་རེད།

དེང་སྐབས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་འགྲན་སྡུར་ཆེ་གྲས་རྣམས་སུ་འགྲོས་འགྲན་ལ་སྤྱིར་བཏང་སྐྱེས་པའི་སྤྱི་ལེ20ཅན་དང་སྤྱི་ལེ50ཅན་ཡོད་ལ།   འཛམ་གླིང་ཟིན་ཐོས་ཁས་ལེན་བྱེད་པའི་རྣམ་གྲངས་སུ་ད་དུང་སྤྱི་ལེ30ཅན་དང་དུས་ཚོད་གཉིས་ཀྱི་འགྲོས་འགྲན་ཡང་ཡོད།   འདི་ལས་གཞན་ཡང་རྒྱལ་ཁབ་རེ་འགར་སྤྱི་ལེ5ཅན་དང་སྤྱི་ལེ10ཅན།  ཐ་ན་སྤྱི་ལེ100ཡན་ཅན།   ཡང་དུས་ཚོད1ཅན་དང་ཉིན་འགའ་ཅན།   སྐོར་ཁག་གིས་འགྲོས་འགྲན་བྱེད་པའི་རྣམ་གྲངས་ཤིན་ཏུ་མང་པོ་ཡོད་དོ། །


བརྡ་འགྲེལ་གདོང་འཛར།

ལུས་རྩལ། འགྲོས་འགྲན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།