ཞུང་ཉི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞུང་ཉི།
ཞུང་ཉི་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཆུར་མཆོང་ལུས་རྩལ་པ་ཞིག་ཡིན་ཞིང་། འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་ཆུར་མཆོང་ལུས་རྩལ་པ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
熊倪
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1974ལོའི་ཟླ1པོའི་ཚེས6ཉིན།
སྐྱེས་ཡུལ།
ཧུའུ་ནན་ཁྲང་ཧྲ།
ལུས་རྩལ་རྣམ་གྲངས།
ཆུར་མཆོང་།
གྲུབ་འབྲས།
སྤྱི་ལོ1996ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་དྲུག་པའི་སྐྱེས་པའི་སྨི3ཅན་གྱི་མཆོང་པང་ཆུར་མཆོང་གི་ཨང་དང་པོ་དང་སྤྱི་ལོ2000ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བདུན་པའི་སྨི3ཅན་གྱི་མཆོང་པང་ཆུར་མཆོང་གི་ཨང་དང་པོ་བླངས་པ་སོགས།
1 ངོ་སྤྲོད།

ཞུང་ཉི་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཆུར་མཆོང་ལུས་རྩལ་པ་ཞིག་ཡིན་ཞིང་།   འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་ཆུར་མཆོང་ལུས་རྩལ་པ་ཞིག་ཀྱང་ཡིན།  ཁོང་སྤྱི་ལོ1974ལོའི་ཟླ1པོའི་ཚེས6ཉིན་ཧུའུ་ནན་ཁྲང་ཧྲ་རུ་སྐྱེས་ཤིང་།  སྤྱི་ལོ1982ལོར་ཧུའུ་ནན་ཞིང་ཆེན་ལས་ཞོར་ལུས་རྩལ་སློབ་གྲྭར་ཞུགས་ནས་ཆུར་མཆོང་སྦྱངས་འགོ་བརྩམས།  ལོ་དེར་ཧུའུ་ནན་ཞིང་ཆེན་རུ་ཁག་ཏུ་བདམས་པ་དང་།  སྤྱི་ལོ1986ལོའི་ཟླ1པོའི་ནང་རྒྱལ་ཁབ་རུ་ཁག་ཏུ་བདམས།   ཁོང་སྤྱི་ལོ1997ལོར་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་ཅིང་།  སྤྱི་ལོ1998ལོའི་ཟླ5བའི་ནང་ཕྱིར་ལོག་པ་དང་།   སྤྱི་ལོ2001ལོར་ཡང་བསྐྱར་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད།   ལོ་ངོ་བཅུ་ལྷག་གི་ལུས་རྩལ་མི་ཚེའི་ཁྲོད་ཁོང་གིས་འབྲས་བུ་གཡུར་དུ་ཟ་བ་བླངས་པ་ཡིན།

2 གྲུབ་འབྲས།

སྤྱི་ལོ1986ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་སྟེང་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་ཨང་གཉིས་པ་བླངས་པ་དང་།   སྤྱི་ལོ1988ལོའི་ཨེ་ཤ་ཡའི་ཆུར་རྐྱལ་སྐྱེས་འབུལ་འགྲན་སྡུར་སྟེང་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་ཨང་དང་པོ་དང་སྤྱི་ལོ1988ལོའི་སུའེ་ཏེན་རྟགས་མའི་རྒྱལ་སྤྱིའི་ཆུར་མཆོང་འགྲན་སྡུར་ཁྲོད་སྐྱེས་པའི་མཆོང་པང་དང་མཆོང་སྟེགས་ཆུར་མཆོང་གི་ཨང་དང་པོ།   སྤྱི་ལོ1988ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་བའི་སྟེང་མཆོང་སྟེགས་ཆུར་མཆོང་གི་ཨང་གཉིས་པ།   སྤྱི་ལོ1989ལོའི་འཛམ་གླིང་བུམ་པའི་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་ཨང་དང་པོ།   སྤྱི་ལོ1990ལོའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་ཨང་དང་པོ།  སྤྱི་ལོ1991ལོའི་འཛམ་གླིང་ཆུར་རྐྱལ་སྐྱེས་འབུལ་འགྲན་སྡུར་སྐབས་དྲུག་པའི་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་ཨང་གཉིས་པ།   སྤྱི་ལོ1993ལོའི་འཛམ་གླིང་བུམ་པའི་ཆུར་མཆོང་འགྲན་སྡུར་སྐབས་བརྒྱད་པའི་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་ཨང་དང་པོ།  སྤྱི་ལོ1996ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་དྲུག་པའི་སྟེང་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་ཨང་དང་པོ་བླངས་པས།   ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་གསེར་གྱི་རྟགས་མ་བླངས་བའི་ཀྲུང་གོའི་ལུས་རྩལ་པ་ཐོག་མར་གྱུར།   སྤྱི་ལོ2000ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བདུན་པའི་སྟེང་སྐྱེས་པའི་མཆོང་སྟེགས་ཆུར་མཆོང་གི་ཨང་དང་པོ་དང་རོགས་པ་དང་མཉམ་དུ་སྐྱེས་པའི་སྨི3ཅན་གྱི་ཟུང་སྡེབ་མཆོང་པང་ཆུར་མཆོང་གི་ཨང་དང་པོ་སོགས་བླངས་ཤིང་།   རྒྱལ་སྤྱིའི་རང་བཞིན་གྱི་འགྲན་སྡུར་ཆེ་མ་ཆུང་གསུམ་ནས་གསེར་གྱི་རྟགས་མ་མང་པོ་བླངས་པ་མ་ཟད།   རྩེ་ཕུད་ལུས་རྩལ་པ་བཅུའི་གྲས་སུ་དང་གཞན་པའི་ལུས་རྩལ་ཕྱོགས་ཀྱི་རྟགས་མའང་གང་མང་ཞིག་བླངས་མྱོང་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།