མེ་མདའ་འཕེན་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེ་མདའ་འཕེན་རྩལ།
མེ་མདའ་འཕེན་རྩལ་ནི་མེ་མདའ་ཡིས་འབེན་ལ་རྒྱག་པའི་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཡིན་པ་དང་། དེ་ནི་གནའ་རབས་ཀྱི་རི་དྭགས་རྔོན་སྟངས་ནས་ལུས་རྩལ་བྱ་འགུལ་དུ་གྱུར་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
射击
ཕྱི་ཡིག་གི་མིང་།
fire;shoot
1 ངོ་སྤྲོད།

མེ་མདའ་འཕེན་རྩལ་ནི་མེ་མདའ་ཡིས་འབེན་ལ་རྒྱག་པའི་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཡིན་པ་དང་།    དེ་ནི་གནའ་རབས་ཀྱི་རི་དྭགས་རྔོན་སྟངས་ནས་ལུས་རྩལ་བྱ་འགུལ་དུ་གྱུར་པ་ཞིག་ཡིན།     མེ་མདའ་འཕེན་རྩལ་ནི་སྤྱི་ལོ1896ལོའི་ཡ་ཏེན་ཨོ་རྩལ་ཐོག་ཐེངས་དང་པོར་ཁོངས་སུ་ཚུད།   སྤྱི་ལོ1897ལོར་སྐབས་དང་པོའི་མཛམ་གླིང་མེ་མདའ་འཕེན་རྩལ་གྱི་སྐྱེས་འབུལ་འགྲན་བསྡུར་སྤེལ།    སྤྱི་ལོ1907ལོར་རྒྱལ་སྤྱིའི་མེ་མདའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས།     སྤྱི་ལོ1988ལོའི་སྐབས་ཉེར་བཞི་པའི་ཨོ་རྩལ་ཐོག་ནས་བཟུང་སྐྱེས་མའི་རྣམ་གྲངས་གསར་འཛུགས་བྱས།    མེ་མདའ་འཕེན་རྩལ་ལ་མདའ་རིང་བོ་དང་དཀྲུམ་མདའ།  འགུལ་འགྱུར་འབེན།   འཕུར་སྡེར་བཅས་སྣ་བཞི་ཡོད།

2 འགྲན་ཞུགས་རྣམ་གྲངས།

A、སྐྱེས་པ།    དཀྲུམ་མདའ་མྱུར་འཕེན(སྨི 25)     དཀྲུམ་མདའ་དལ་འཕེན(སྨི 50)    ཕུ་མདའ་རིང་བོ(སྨི 10)    རང་འདེམས་མེ་མདའ་ཁ་ཆུང་ཅན3×40(སྨི 50)    མེ་དམའ་ཁ་ཆུང་ཅན་མདེའུ60བུབ་འཕེན(སྨི 50)

ཕྱོགས་གཉིས་མང་འཕུར་སྡེར།    ཕྱོགས་མང་འཕུར་སྡེར།     ཕྱོགས་གཉིས་འཕུར་སྡེར།

B、སྐྱེས་མ།     ཕུ་མདའ་ཐུང་བོ(སྨི 10)    དཀྲུམ་མདའ(སྨི 25)    ཕུ་མདའ་རིང་བོ(སྨི 10)     རང་འདེམས་མེ་མདའ་ཁ་ཆུང་ཅན3×20(སྨི 50)     ཕྱོགས་མང་འཕུར་སྡེར།     ཕྱོགས་གཉིས་འཕུར་སྡེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།