མཐུད་རྒྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐུད་རྒྱུག
མཐུད་རྒྱུག་ནི་ཤུགས་སྦྲེལ་རུ་ཁག་གིས་རིམ་བཞིན་སྦྲེལ་ལེན་བྱས་ནས་བར་ཐག་ངེས་ཅན་རྒྱུག་ཚར་བར་བྱེད་པའི་འགྲན་སྡུར་གྱི་རྣམ་གྲངས་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
接力跑
ཕྱི་ཡིག་གི་མིང་།
Relay race
ནང་ཞུགས་མི་གྲངས།
མི4
ཁོངས་གཏོགས།
མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས།
1 ​ངོ་སྤྲོད།

མཐུད་རྒྱུག་ནི་ཤུགས་སྦྲེལ་རུ་ཁག་གིས་རིམ་བཞིན་སྦྲེལ་ལེན་བྱས་ནས་བར་ཐག་ངེས་ཅན་རྒྱུག་ཚར་བར་བྱེད་པའི་འགྲན་སྡུར་གྱི་རྣམ་གྲངས་དེ་ཡིན།  མཐུད་རྒྱུག་སྦྱོང་བརྡར་བྱས་ན་ཐུན་མོང་གི་སྙིང་སྟོབས་དང་མྱུར་ཚད་སྦྱོང་བརྡར་བྱེད་ཐུབ།  མཐུད་རྒྱུག་ནི་མི་བཞི་རེས་སྡེ་ཚན་གཅིག་གྲུབ་ཡོད་ཅིང་།   མི་རེ་རེ་བར་ཐག་འདྲ་མཚུངས་དང་ཤུགས་སྦྲེལ་ཁུལ་གྱི་སྨི20ནང་དུ་ཤུགས་སྦྲེལ་ཚར་བ་བྱེད་དགོས།   ཨོ་ལིན་ཕིག་འགྲན་སྡུར་གྱི་རྣམ་གྲངས་ལ་སྐྱེས་པ་དང་སྐྱེས་མའི་སྨི4×100ཅན་དང་།   སྨི4×400ཅན་གཉིས་ཡོད།   སྨི4×100ཅན་གྱི་མཐུད་རྒྱུག་གི་ཤུགས་སྦྲེལ་རྣམ་པ་ལ་རྒྱུན་པར་ཡར་འགྱོགས་པ་དང་མར་ནོན་པའི་ཐབས་གཉིས་སུ་འདུ་བ་ཡིན།

2 ལོ་རྒྱུས་བརྒྱུད་རིམ།

གནའ་བོའི་ཕོ་བྲང་ནས་བང་གཏོང་སྐབས་བར་ཐག་ངེས་ཅན་ལ་སླུངས་ཚང་བཙུགས་ཡོད།   མཐུད་རྒྱུག་ནི་རྣམ་པ་འདི་ནས་འཕེལ་འགྱུར་བྱུང་ཞིང་།  མཆོང་རྒྱུག་འཕེན་གསུམ་ལུས་རྩལ་ཁྲོད་ཀྱི་ཐུན་མོང་གི་རྣམ་གྲངས་གཅིག་པུར་གྱུར།   སྤྱི་ལོ1908ལོའི་སྐབས་བཞི་བའི་ཨོ་རྩལ་འགྲན་ཚོགས་སུ་མཐུད་རྒྱུག་གི་འགྲན་སྡུར་རྣམ་གྲངས་ཡོད་པ་རེད།  

དུས་རབས19བའི་དུས་མཇུག་ཏུ་མཐུད་རྒྱུག་དེ་དངོས་སུ་རྒྱལ་སྤྱིའི་འགྲན་སྡུར་གྱི་རྣམ་གྲངས་སུ་ཚུད།   ཀྲུང་གོ་ནས་སྤྱི་ལོ1933ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནས་བཟུང་ཕོ་མོའི་སྨི4×100ཅན་གྱི་མཐུད་རྒྱུག་འགྲན་ལ།   སྐར་འབྲས་ནི་སྐར་ཆ44དང་གྲངས་ཆུང4དང་སྐར་ཆ54དང་གྲངས་ཆུང6ཡིན་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།