མཆོང་འཕེན་འགྲན་སྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆོང་འཕེན་འགྲན་སྡུར།
མཆོང་འཕེན་འགྲན་སྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་ཞིང་། དེ་ནི་རྒྱུག་ལམ་ནང་རོལ་ནས་སྒྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེའི་ཁོངས་སུ་མཆོང་ལྡིང་དང་རྒྱང་འཕེན་གཉིས་འདུ་ལ། མཐོ་ཚད་དང་རྒྱང་ཐག་ནི་སྐར་འབྲས་བརྩི་བའི་ཚད་གཞི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
田赛
ཕྱི་ཡིག་གི་མིང་།
Athletics
འགྲེལ་བ།
མཐོ་ཚད་དང་རྒྱང་ཐག་གཞིར་བཟུང་ནས་སྐར་འབྲས་བརྩི་བའི་ལུས་རྩལ་རྣམ་གྲངས་ཀྱི་སྤྱི་མིང་།
རྣམ་གྲངས།
མཆོང་ལྡིང་དང་རྒྱང་འཕེན།
འཛམ་གླིང་རྩ་འཛུགས།
རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས།
འགྲན་སྡུར་དོན་ཆེན།
ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་སྐྱེས་འབུལ་འགྲན་སྡུར།
1 ངོ་སྤྲོད།

མགྲིན་གཅིག་གིས་ལུས་རྩལ་འགུལ་སྐྱོད་ཀྱི་མ་ཡུམ་དུ་འབོད་པའི་མཆོང་རྒྱུག་འཕེན་གསུམ་ནི་རྣམ་གྲངས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་རེད།   ཡིན་ནའང་མཆོང་རྒྱུག་འཕེན་གསུམ་མདོར་དྲིལ་ན་མཆོང་འཕེན་འགྲན་སྡུར་དང་བང་རྩལ་འགྲན་སྡུར་གཉིས་སུ་བགོས་ཆོག   མཆོང་འཕེན་འགྲན་སྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་ཞིང་།   དེ་ནི་རྒྱུག་ལམ་ནང་རོལ་ནས་སྒྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན།   དེའི་ཁོངས་སུ་མཆོང་ལྡིང་དང་རྒྱང་འཕེན་གཉིས་འདུ་ལ།   མཐོ་ཚད་དང་རྒྱང་ཐག་ནི་སྐར་འབྲས་བརྩི་བའི་ཚད་གཞི་ཡིན།

2 མཆོང་ལྡིང་།

མཆོང་ལྡིང་ལ་རྒྱང་མཆོང་དང་རིམ་གསུམ་རྒྱང་མཆོང་།   མཐོ་མཆོང་།  དབྱུག་སྣེའི་མཐོ་མཆོང་བཅས་ཡོད།  དེང་རབས་ཀྱི་རྒྱང་མཆོང་འགྲན་སྡུར་ཁྲོད་དུ་འཛམ་གླིང་ཕུལ་བྱུང་ལུས་རྩལ་པ་མང་ཤོས་ཀྱིས་འགྲོས་སྐྱོད་ཀྱི་རྒྱང་མཆོང་རྩལ་དེ་བཀོལ་གྱི་ཡོད།   རིམ་གསུམ་རྒྱང་མཆོང་ནི་རྐང་པ་ཡ་གཅིག་གིས་ལྡིང་བ་དང་མཆོང་འགྲོས་བྱེད་པ་དང་བསྟུན་ནས་མཆོང་ལྡིང་བྱེད་པ་བཅས་ཀྱི་འགུལ་སྟངས་རྣམས་གུང་སྦྲེལ་ནས་མཆོང་ལྡིང་གི་རྩལ་གྲུབ་པ་ཡིན།

མཐོ་མཆོང་ལུས་རྩལ་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་རྣམ་གྲངས་ཀྱི་འཕེལ་རྒྱས་ཆེ་ཤོས་ཡིན་ལ།   དེའི་རྣམ་པའི་ཆ་ནས་ཀྱང་བཤག་པའི་རྣམ་པ་ནས་འགྲིལ་བའི་རྣམ་པ།  བསྐུམ་པའི་རྣམ་པ།   རྒྱབ་ཕྱོགས་ནས་ལྡིང་བའི་རྣམ་པ་སོགས་ཀྱི་འགྱུར་ལྡོག་གོ་རིམ་བརྒྱུད།   དེང་རབས་འགྲན་སྡུར་གྱི་ལུས་རྩལ་བ་ཕུལ་དུ་བྱུང་བ་ཕལ་ཆེ་བས་རྒྱབ་ཕྱོགས་ནས་ལྡིང་བའི་ནུས་རྩལ་བཀོལ་གྱི་ཡོད།   ལག་ཆ་བེད་སྤྱོད་བྱས་པའི་མཆོང་ལྡིང་ནི་དབྱུག་སྣེའི་མཐོ་མཆོང་ཡིན་ལ།   དབྱུག་སྣེའི་མཐོ་མཆོང་གི་ལུས་རྩལ་བ་ཆེས་ཕུལ་དུ་བྱུང་བ་ནི་ཝུ་ཁེར་ལན་གྱི་ལུས་རྩལ་པS.པའོ་ཕི་ཁར་ཡིན།   ཁོང་ནི་སྤྱི་ལོ1993ལོར་སྨི6.14ཡི་འཛམ་གླིང་ཟིན་ཐོ་འགོད་མཁན་དེ་ཡིན།

3 རྒྱང་འཕེན།

རྒྱང་འཕེན་ལ་གཙོ་བོ་འཕེན་མདུང་དང་ལྕགས་སྒོར།   ཞ་གོང་།   འབྲེལ་ལྒིང་བཅས་ཡོད།   འཕེན་མདུང་ལས་གཞན་གྱི་རྒྱང་འཕེན་རྣམ་གྲངས་དག་སྒོར་ནང་དུ་འཕེན་པ་གཙོ་བོ་ཡིན་ལ།   རྩལ་ཤུགས་དང་མྱུར་ཚད་ཀྱིས་དངོས་པོ་ཕར་གཡུག་པ་ཡིན།    དེང་རབས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སུ་ཞ་གོང་ལ་འཕེན་སྟངས་རིགས་གཉིས་ཡོད་པ་སྟེ།   གཅིག་ནི་འཁོར་བསྐྱོད་ཀྱི་རྣམ་པ་དང་།  ཅིག་ཤོས་ནི་རྒྱབ་འགྲེལ་གྱི་རྣམ་པ་ཡིན།  ཀྲུང་གོ་ལུས་རྩལ་པ་མང་ཤོས་ཀྱིས་རྒྱབ་འགྲིལ་གྱི་རྣམ་པ་བེད་སྤྱོད་བྱེད་ཀྱི་འདུག   འཕེན་མདུང་དང་ལྕགས་སྒོར།   འབྲེལ་ལྒིང་ཚང་མ་ནི་རྒྱང་འཕེན་གྱི་ནང་དུ་རྟོགས་ཤིང་།   རེ་རེ་ལ་བླང་བྱ་ནན་ཏན་བགྱིས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།