བང་རྩལ་འགྲན་སྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བང་རྩལ་འགྲན་སྡུར།
བང་རྩལ་འགྲན་སྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་ཞིང་། དེ་ནི་རྒྱུག་ལམ་མམ་ཡང་ན་གཏན་ཁེལ་བྱས་པའི་འགྲོ་ལམ་ནས་རྒྱུག་པ་དང་འགྲོ་བའི་འགྲན་སྡུར་རྣམ་གྲངས་ཀྱི་སྤྱི་མིང་ཡིན་ལ། དུས་ཚོད་ནི་སྐར་འབྲས་བརྩི་བའི་ཚད་གཞི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
径赛
ཕྱི་ཡིག་གི་མིང་།
Track
འགྲེལ་བ།
དུས་ཚོད་ཚད་གཞིར་བཟུང་ནས་སྐར་འབྲས་བརྩི་བའི་ལུས་རྩལ་རྣམ་གྲངས་ཀྱི་སྤྱི་མིང་།
ཁོངས་གཏོགས།
མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས།
འཛམ་གླིང་རྩ་འཛུགས།
རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས།
འགྲན་སྡུར་དོན་ཆེན།
ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་སྐྱེས་འབུལ་འགྲན་སྡུར།
1 ངོ་སྤྲོད།

བང་རྩལ་འགྲན་སྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་ཞིང་།   དེ་ནི་རྒྱུག་ལམ་མམ་ཡང་ན་གཏན་ཁེལ་བྱས་པའི་འགྲོ་ལམ་ནས་རྒྱུག་པ་དང་འགྲོ་བའི་འགྲན་སྡུར་རྣམ་གྲངས་ཀྱི་སྤྱི་མིང་ཡིན་ལ།   དུས་ཚོད་ནི་སྐར་འབྲས་བརྩི་བའི་ཚད་གཞི་ཡིན།  བང་རྩལ་འགྲན་སྡུར་གྱི་རྣམ་གྲངས་ལ་ཐུང་རྒྱུག་དང་འབྲིང་རྒྱུག   རྒྱང་རྒྱུག   མཱ་ལ་སུང་རྒྱུག་འགྲན།   མཐུད་རྒྱུག   ལྡིང་བརྒལ་རྒྱུག་འགྲན།   བཀག་རྒྱུག   འགྲོས་འགྲན་བཅས་ཡོད།

2 སྒྲིག་ལམ།

བང་རྩལ་འགྲན་སྡུར་གྱི་སྒྲིག་ལམ་ནི་སྨི400ཚུན་གྱི་རྒྱུག་འགྲན་འགོ་རྩོམ་དུས་ཙོག་སྟབས་ཀྱིས་རྒྱུག་འགོ་རྩོམ་དགོས་པ་དང་།   སྨི800ཡན་གྱི་འགོ་རྩོམ་སྟངས་ནི་འགྲེས་སྟངས་ཀྱིས་རྒྱུག་འགོ་བརྩམས་ཆོག   རྒྱུག་ལམ་དབྱེ་བའི་རྣམ་གྲངས་དང་མཐུད་རྒྱུག་གི་འགོ་རྩོམ་པ་ལ་རང་གནས་སུ་སྡོད་ཅེས་པ་དང་། གྲ་སྒྲིག་བྱོས་ཞེས་པ། མེ་མདའ་བརྒྱག་པ་བཅས་ཀྱི་བརྡ་གསུམ་གཏོང་བའི་རིམ་པ་ཡོད་པ་དང་།   རྒྱུག་ལམ་དབྱེ་བའི་རྣམ་གྲངས་ལ་ལ་དང་རྒྱུག་ལམ་མི་དབྱེ་བའི་རྣམ་གྲངས་ལ་རིམ་པ་གཉིས་འདུག་སྟེ།    གྲ་སྒྲིག་བྱོས་དང་མེ་མདའི་སྐད་གཉིས་སོ། །བང་རྩལ་འགྲན་སྡུར་དུ་ཆེས་རྙོག་འཛིང་ཆེ་བ་ནི་རྡང་བརྒལ་རྒྱུག་འགྲན་དང་བཀག་རྒྱུག་ཡིན་ཏེ།   ལྡིང་བརྒལ་རྒྱུག་འགྲན་ལ་ལྡིང་བརྒལ་དང་།  གྲི་ལྟེབ་རྣམ་པས་བརྒལ་བ་བཅས་རྒྱུག་པ་དང་མཆོང་བ་གཉིས་མཉམ་སྡེབ་བྱས་པའི་གཅིག་བསྡུས་ཀྱི་རྣམ་པར་ཐོད་བརྒལ་བྱས་ཡོད།   བཀག་རྒྱུག་ནི་ལུས་རྩལ་པའི་མྱུར་ཚད་དང་ནུས་ཤུགས།   བཟོད་བསྲན།   མཉེན་ཚད།   རྒྱུན་བསྲིངས་ནུས་པ་སོགས་ཕྱོགས་བསྡུས་ཀྱི་ནུས་པར་ལྟ་ཞིབ་བྱེད་པའི་ལུས་རྩལ་རྣམ་གྲངས་ཡིན།   མ་ལ་སུང་རྒྱུག་འགྲན་དང་འགྲོས་འགྲན་ནི་ཤིན་ཏུ་རིང་བའི་རྒྱུག་འགྲན་གྱི་ཁོངས་སུ་གཏོགས་ཤིང་།   མཱ་ལ་སུང་རྒྱུག་འགྲན་དང་སྤྱི་ལེ50ཡི་འགྲོས་རྩལ་འགྲན་སྡུར་གཉིས་ནི་གཞུང་ལམ་དུ་འགྲན་སྡུར་བྱེད་པ་ཡིན་ཡང་ཆེས་རྗེས་མའི་བསྐོར་བ་དེ་ལུས་རྩལ་ར་བར་སླེབས་པ་བྱེད་དགོས་པའི་རྣམ་གྲངས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།