པུའུ་པོ་ཁ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུའུ་པོ་ཁ།
པུའུ་པོ་ཁ་ཡིས་དབྱུག་སྣེའི་མཐོ་མཆོང་ལ་བྱས་རྗེས་རྨད་དུ་བྱུང་བ་བཞག་ཅིང་། ཁོང་གིས་ཐེངས35ལ་ར་ཕྱི་ནང་གི་དབྱུག་སྣེའི་མཐོ་མཆོང་ལ་འཛམ་གླིང་ཟིན་ཐོ་བསྐྲུན། རྣམ་གྲངས་འདིའི་ཐད་ནས་མཁའ་སྐྱོད་ཀྱི་མཚན་སྙན་ལྡན་ཡོད་ལ། ཁོང་ལོ་ན་ཉི་ཤུ་སྟེ་སྤྱི་ལོ1983ལོའི་མཆོང་རྒྱུག་འཕེན་གསུམ་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་གསེར་གྱི་རྟགས་མ་བླངས་ཤིང་། དེའི་རྗེས་ཀྱི་ལོ་ངོ་བཅུ་ཡི་རིང་ཁོང་གིས་ལུས་རྩལ་རྣམ་གྲངས་འདི་ལ་དབང་བསྒྱུར། ཁོང་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་པ་ན་ཝུ་ཁེར་ལན་རྒྱལ་ཚོགས་ཀྱི་དབྱི་ཡོན་གྲོས་མི་རུ་བདམས་ལ། མིག་སྔར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་མཆོང་རྒྱུག་འཕེན་གསུམ་ཨུ་ཡོན་ལྷན་ཚོགས་སུ་བྱ་བ་སྒྲུབ་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
谢尔盖•布勃卡
ཕྱི་ཡིག་གི་མིང་།
Sergey Bubka
མཚན་ཧྲིལ་བོ།
ཞེ་ཨེར་ཀའེ•པུའུ་པོ་ཁ།
རྒྱལ་ཁབ།
ཝུ་ཁེར་ལན།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ12པའི་ཚེས14ཉིན།
ལུས་རྩལ་རྣམ་གྲངས།
མཆོང་རྒྱུག་འཕེན་གསུམ་གྱི་དབྱུག་སྣེའི་མཐོ་མཆོང་།
གྲུབ་འབྲས།
ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཅིག་དང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་སྐྱེས་འབུལ་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐེངས་དྲུག་ལ་བླངས།
1 ངོ་སྤྲོད།

པུའུ་པོ་ཁ་ཡིས་དབྱུག་སྣེའི་མཐོ་མཆོང་ལ་བྱས་རྗེས་རྨད་དུ་བྱུང་བ་བཞག་ཅིང་།   ཁོང་གིས་ཐེངས35ལ་ར་ཕྱི་ནང་གི་དབྱུག་སྣེའི་མཐོ་མཆོང་ལ་འཛམ་གླིང་ཟིན་ཐོ་བསྐྲུན།  རྣམ་གྲངས་འདིའི་ཐད་ནས་མཁའ་སྐྱོད་ཀྱི་མཚན་སྙན་ལྡན་ཡོད་ལ།   ཁོང་ལོ་ན་ཉི་ཤུ་སྟེ་སྤྱི་ལོ1983ལོའི་མཆོང་རྒྱུག་འཕེན་གསུམ་སྐྱེས་འབུལ་འགྲན་སྡུར་སྟེང་ཁོང་གིས་གསེར་གྱི་རྟགས་མ་བླངས་ཤིང་།   དེའི་རྗེས་ཀྱི་ལོ་ངོ་བཅུ་ཡི་རིང་ཁོང་གིས་ལུས་རྩལ་རྣམ་གྲངས་འདི་ལ་དབང་བསྒྱུར།   ཁོང་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་པ་ན་ཝུ་ཁེར་ལན་རྒྱལ་ཚོགས་ཀྱི་དབྱི་ཡོན་གྲོས་མི་རུ་བདམས་ལ།   མིག་སྔར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་མཆོང་རྒྱུག་འཕེན་གསུམ་ཨུ་ཡོན་ལྷན་ཚོགས་སུ་བྱ་བ་སྒྲུབ་བཞིན་ཡོད།

2 གྲུབ་འབྲས།

ཁོང་གིས་སྤྱི་ལོ1988ལོའི་སི་འོལ་ཨོ་རྩལ་འགྲན་ཚོགས་སུ་དབྱུག་སྣེའི་མཐོ་མཆོང་གི་གསེར་གྱི་རྟགས་མ་བླངས་བ་དང་།   སྤྱི་ལོ1983ལོ་དང་སྤྱི་ལོ1987ལོ།  སྤྱི་ལོ1991ལོ།  སྤྱི་ལོ1993ལོ།  སྤྱི་ལོ1995ལོ།   སྤྱི་ལོ1997ལོ་བཅས་ཀྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་སྐྱེས་འབུལ་འགྲན་སྡུར་སྐབས་དྲུག་གི་རིང་གསེར་གྱི་རྟགས་མ་བླངས།   ཁོང་སྤྱི་ལོ1991ལོའི་ཟླ6པ་ནས་ཟླ8པའི་བར་དུ་བསྟུད་མར་སྨི6.08དང་སྨི6.09   སྨི6.10བཅས་ལ་མཆོང་།   སྤྱི་ལོ1992ལོར་ར་ནང་མཐོ་མཆོང་དུ་ཆེས་མཐོ་བ་སྨི6.13ལ་མཆོང་བ་དང་།   སྤྱི་ལོ1993ལོར་ར་ཕྱིའི་མཐོ་མཆོང་ལ་སྨི6.14ཡི་ཟིན་ཐོ་བསྐྲུན།  པུའུ་པོ་ཁ་ལ་འཇར་མན་གྱི་རྒྱལ་སྤྱིའི་ལུས་རྩལ་གསར་འགྱུར་དུ་སྤྱི་ལོ1984ལོའི་སྐྱེས་པའི་ལུས་རྩལ་ཕུལ་བྱུང་གི་ཨང་བདུན་པར་བདམས་ཤིང་།   འཛམ་གླིང་གི་ལུས་རྩལ་ཚགས་པར་མང་པོ་ལས་སྤྱི་ལོ1984ལོའི་རྩེ་ཕུད་ལུས་རྩལ་བ་བཅུའི་ནང་དུ་བདམས་ཡོད།  སྤྱི་ལོ1985ལོར་ཧྥ་རན་སེའི་ལུས་རྩལ་སློབ་གླིང་གི་བྱ་དགའ་འཐོབ་པ་དང་།  ལོ་མཇུག་གི་ཆེས་ཕུལ་དུ་བྱུང་བའི་ལུས་རྩལ་པར་ཡང་ཐེངས་མང་བོར་བདམས་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།