ཏེང་ཡ་ཕིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏེང་ཡ་ཕིང་།
ཏེང་ཡ་ཕིང་ནི་ཀྲུང་གོའི་སྐྱེས་མའི་འཕེན་འཕངས་སྤོ་ལོའི་ལུས་རྩལ་པ་ཞིག་ཡིན་ཞིང་། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་འཐོབ་མཁན་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
邓亚萍
ཕྱི་ཡིག་གི་མིང་།
Deng Yaping
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1973ལོའི་ཟླ2པའི་ཚེས6ཉིན།
སྐྱེས་ཡུལ།
ཧུ་ནན་ཀྲེང་ཀྲོའུ།
ལུས་རྩལ་རྣམ་གྲངས།
འཕེན་འཕངས་སྤོ་ལོ།
གྲུབ་འབྲས།
སྤྱི་ལོ1992ལོའི་པ་སའེ་ལུའོ་ནའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་རྐྱང་རྒྱག་དང་ཆ་རྒྱག་གི་གསེར་གྱི་རྟགས་མ་དང་སྤྱི་ལོ1996ལོའི་ཡ་ཐེ་ལན་ཏའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་ཆ་རྒྱག་དང་རྐྱང་རྒྱག་གི་གསེར་གྱི་རྟགས་མ་བླངས་པ་སོགས།
1 ངོ་སྤྲོད།

ཏེང་ཡ་ཕིང་ནི་ཀྲུང་གོའི་སྐྱེས་མའི་འཕེན་འཕངས་སྤོ་ལོའི་ལུས་རྩལ་པ་ཞིག་ཡིན་ཞིང་།   ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་འཐོབ་མཁན་ཡང་ཡིན།  ཁོ་མོ་སྤྱི་ལོ1973ལོའི་ཟླ2པའི་ཚེས6ཉིན་ཧུ་ནན་ཀྲེང་ཀྲོའུ་རུ་སྐྱེས་ཤིང་།   ཆུང་དུས་སུ་འཕེན་འཕངས་སྤོ་ལོ་རྩེད་བར་ཧ་ཅང་དགའ།   ཁོ་མོའི་ཨ་ཕ་ནི་སྔོན་ཆད་ཧུ་ནན་ཞིང་ཆེན་གྱི་འཕེན་འཕངས་སྤོ་ལོའི་རུ་ཁག་གི་ལུས་རྩལ་བ་ཡིན་པས་ཁོ་མོ་ལ་དེའི་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད།  ཁོ་མོའི་གཟུགས་པོའི་རིང་ཚད་ཅུང་དམའ་བས་ཆེད་ལས་རང་བཞིན་གྱི་རུ་ཁག་ཏུ་ཞུགས་པར་དཀའ་ཁག་ལ་ཐུག་མོད།  འོན་ཀྱང་ཨ་ཕའི་མཛུབ་སྟོན་དང་ཁོ་མོའི་སྡུག་རུས་ལ་བརྟེན་ནས་རིམ་གྱིས་ཞིང་ཆེན་རིམ་པའི་རུ་ཁག་ཏུ་ཞུགས་ཤིང་།   འབྲས་བུའང་གཡུར་དུ་ཟ་བ་བླངས།   སྤྱི་ལོ1988ལོའི་ཟླ11པར་ཁོ་མོ་དངོས་སུ་ཀྲུང་གོའི་སྐྱེས་མའི་འཕེན་འཕངས་སྤོ་ལོའི་རུ་ཁག་ཏུ་ཞུགས་ཤིང་།   དེའི་རྗེས་ཀྱི་ལོ་བཅུའི་ནང་ཁོ་མོས་ཀྲུང་གོའི་འཕེན་འཕངས་སྤོ་ལོའི་ལོ་རྒྱུས་ལ་གཟི་བརྗིད་བསྐྲུན་ཞིང་།   འཛམ་གླིང་གི་འཕེན་འཕངས་སྤོ་ལོ་ལ་དབང་བསྒྱུར་ཞེས་བཤད་ན་མི་ཆོག་པ་ཞིག་མིན།   སྤྱི་ལོ1998ལོའི་ཟླ9པར་ཁོ་མོ་དངོས་སུ་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་ཅིང་།  སྤྱི་ལོ2000ལོར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་།  སྤྱི་ལོ2002ལོར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཀུན་སྤྱོད་ལྷན་ཚོགས་ཀྱི་ཨུ་ཡོན་དང་།   བྱ་འགུལ་དང་ཁོར་ཡུག་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་བཞེས་མྱོང་།   ད་ལྟ་མི་དམངས་ཉིན་རེའི་ཚགས་པར་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས་ཡོད།

2 གྲུབ་འབྲས། 

སྤྱི་ལོ1989ལོའི་འཛམ་གླིང་འཕེན་འཕངས་སྤོ་ལོའི་སྐྱེས་འབུལ་འགྲན་སྡུར་གྱི་སྐྱེས་མའི་ཆ་རྒྱག་གི་ཨང་དང་པོ་དང་།   སྤྱི་ལོ1990ལོའི་འཛམ་གླིང་བུམ་པའི་འཕེན་འཕངས་སྤོ་ལོའི་འགྲན་སྡུར་གྱི་སྐྱེས་མའི་ཚོགས་པའི་འགྲན་སྡུར་གྱི་ཨང་དང་པོ།  སྤྱི་ལོ1991ལོའི་འཛམ་གླིང་འཕེན་འཕངས་སྤོ་ལོའི་སྐྱེས་འབུལ་འགྲན་སྡུར་གྱི་སྐྱེས་མའི་རྐྱང་རྒྱག་གི་ཨང་དང་པོ་དང་ཆ་རྒྱག་གི་ཨང་གཉིས་པ།   ཚོགས་པའི་འགྲན་སྡུར་གྱི་ཨང་གཉིས་པ།   སྤྱི་ལོ1991ལོའི་འཛམ་གླིང་བུམ་པའི་འཕེན་འཕངས་སྤོ་ལོའི་འགྲན་སྡུར་གྱི་སྐྱེས་མའི་ཚོགས་པའི་འགྲན་སྡུར་གྱི་ཨང་དང་པོ།  སྤྱི་ལོ1992ལོའི་འཛམ་གླིང་འཕེན་འཕངས་སྤོ་ལོའི་སྐྱེས་འབུལ་འགྲན་སྡུར་གྱི་སྐྱེས་མའི་ཆ་རྒྱག་གི་ཨང་གཉིས་པ།  སྤྱི་ལོ1992ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་རྐྱང་རྒྱག་དང་ཆ་རྒྱག་གི་གསེར་གྱི་རྟགས་མ།   སྤྱི་ལོ1993ལོའི་འཛམ་གླིང་འཕེན་འཕངས་སྤོ་ལོའི་སྐྱེས་འབུལ་འགྲན་སྡུར་གྱི་སྐྱེས་མའི་ཆ་རྒྱག་གི་ཨང་གཉིས་པ་དང་ཚོགས་པའི་འགྲན་སྡུར་གྱི་ཨང་དང་པོ།   སྤྱི་ལོ1995ལོའི་འཛམ་གླིང་འཕེན་འཕངས་སྤོ་ལོའི་སྐྱེས་འབུལ་འགྲན་སྡུར་གྱི་སྐྱེས་མའི་ཆ་རྒྱག་གི་ཨང་དང་པོ་དང་ཚོགས་པའི་འགྲན་སྡུར་གྱི་ཨང་དང་པོ།  རྐྱང་རྒྱག་གི་ཨང་དང་པོ།   ཕོ་མོ་མཉམ་འབྲེལ་ཆ་རྒྱག་གི་ཨང་གཉིས་པ།   སྤྱི་ལོ1995ལོའི་འཛམ་གླིང་བུམ་པའི་འཕེན་འཕངས་སྤོ་ལོའི་འགྲན་སྡུར་གྱི་སྐྱེས་མའི་ཚོགས་པའི་འགྲན་སྡུར་གྱི་ཨང་དང་པོ།  སྤྱི་ལོ1996ལོའི་རྒྱལ་སྤྱིའི་འཕེན་འཕངས་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་གྱི་སྐྱེས་མའི་རྐྱང་རྒྱག་དང་ཆ་རྒྱག་གི་ཨང་དང་པོ།   ལོ་དེའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་རྐྱང་རྒྱག་དང་ཆ་རྒྱག་གི་ཨང་དང་པོ།   ད་དུང་ལོ་དེའི་འཛམ་གླིང་བུམ་པའི་འཕེན་འཕངས་སྤོ་ལོའི་འགྲན་སྡུར་གྱི་སྐྱེས་མའི་རྐྱང་རྒྱག་གི་ཨང་དང་པོ།  སྤྱི་ལོ1997ལོའི་འཛམ་གླིང་འཕེན་འཕངས་སྤོ་ལོའི་སྐྱེས་འབུལ་འགྲན་སྡུར་གྱི་སྐྱེས་མའི་རྐྱང་རྒྱག་དང་ཆ་རྒྱག   ཚོགས་པའི་འགྲན་སྡུར་བཅས་གྱི་ཨང་དང་པོ་དང་ཕོ་མོ་མཉམ་འབྲེལ་ཆ་རྒྱག་གི་ཨང་གཉིས་པ་བཅས་ཁོ་མོས་ལོ་ངོ་བཅུ་བཞིའི་རིང་གི་ལུས་རྩལ་གྱི་མི་ཚེ་ཁྲོད་བསྡོམས་པའི་འཛམ་གླིང་རང་བཞིན་གྱི་ཨང་དང་པོ་ཐེངས་བཅོ་བརྒྱད་ལ་བླངས་བ་དང་།   དེ་མིན་གྱི་གཟེངས་རྟགས་ཀྱང་གང་མང་མང་ཞིག་བླངས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།