ཆུར་མཆོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུར་མཆོང་།
ཆུར་མཆོང་ལུས་རྩལ་ནི་མཐོ་ས་ནས་བསྡད་དེ་བཟོ་ལྟ་སྣ་ཚོགས་པའི་སྒོ་ནས་ཆུ་ལ་མཆོངས་པའམ་ཆུར་མཆོང་འཕྲུལ་ཆས་སྟེང་ནས་མར་མཆོངས་པའི་ཁྲོད་བར་སྣང་ནས་འགུལ་སྟངས་ཡོད་ཚད་གྲུབ་ནས་དམིགས་བསལ་གྱི་བཟོ་ལྟའི་སྒོ་ནས་ཆུ་ནང་མཆོངས་པའི་ཆུར་རྐྱལ་གྱི་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
跳水
ཕྱི་ཡིག་གི་མིང་།
diving
འགྲན་སྡུར་རྣམ་གྲངས།
མཆོང་པང་ཆུར་མཆོང་། མཆོང་སྟེགས་ཆུར་མཆོང་། ཟུང་སྡེབ་ཆུར་མཆོང་།
འབྲེལ་ཡོད་འགྲན་སྡུར།
ཨོ་རྩལ་འགྲན་ཚོགས། འཛམ་གླིང་བུམ་པའི་འགྲན་སྡུར།
1 ངོ་སྤྲོད།

ཆུར་མཆོང་ལུས་རྩལ་ནི་མཐོ་ས་ནས་བསྡད་དེ་བཟོ་ལྟ་སྣ་ཚོགས་པའི་སྒོ་ནས་ཆུ་ལ་མཆོངས་པའམ་ཆུ་མཆོང་འཕྲུལ་ཆས་སྟེང་ནས་མར་མཆོངས་པའི་ཁྲོད་བར་སྣང་ནས་འགུལ་སྟངས་ཡོད་ཚད་གྲུབ་ནས་དམིགས་བསལ་གྱི་བཟོ་ལྟའི་སྒོ་ནས་ཆུ་ནང་མཆོངས་པའི་ཆུར་རྐྱལ་གྱི་རྩལ་ཞིག་ཡིན་ལ།  ཆུར་མཆོང་འགྲན་སྡུར་ནང་སྐྱེས་པ་དང་སྐྱེས་མའི་མཆོང་པང་ཆུར་མཆོང་དང་མཆོང་སྟེགས་ཆུར་མཆོང་།   ཟུང་སྡེབ་ཆུར་མཆོང་སོགས་ཚན་པ་དྲུག་ཏུ་བགར་ཡོད་ཅིང་།  ཚན་པ་དྲུག་པོ་དེའི་ནང་ཡང་རྣམ་གྲངས་གཞན་པ་བགར་ཡོད་པ་ཡིན།  ཆུར་མཆོང་ལུས་རྩལ་སྦྱངས་ན་མིའི་གཟུགས་དབྱིབས་མཛེས་པར་བཟོ་བ་དང་ལུས་ཡོངས་ཀྱི་ཤ་གནད་མཉམ་པོར་ཡོང་པ།   དབང་རྩའི་མ་ལག་དང་སྙིང་དང་ཁྲག་སྦུག་སོགས་ཀྱི་ནུས་པ་ལ་རོགས་བྱེད་ཐུབ་པ་ཡིན།

2 བྱུང་འཕེལ།

ཀྲུང་གོའི་ཐང་རྒྱལ་རབས་སྐབས་ཤིག་ནས་བཟུང་མི་འགའ་མཚོ་གྲུའི་གྲུ་ཤིང་ལ་འགོས་ནས་ཆུ་ནང་ལ་མཆོངས་ཏེ་རང་ཉིད་ཀྱི་སྤོབས་པ་དང་ཆུའི་རྐྱལ་རྩལ་མཚོན་གྱིན་ཡོད་ལ།  དུས་རབས19བའི་སྐབས་ལ་ཆུར་མཆོང་ལུས་རྩལ་ཡོ་རོབ་གླིང་ནས་དར་ཞིང་།  སྤྱི་ལོ1904ལོའི་ཨོ་རྩལ་འགྲན་ཚོགས་སྐབས་གསུམ་པའི་སྟེང་སྐྱེས་པའི་ཆུར་མཆོང་དེ་འགྲན་སྡུར་དངོས་ཀྱི་རྣམ་གྲངས་སུ་བཞག་པ་དང་།   སྤྱི་ལོ1908ལོར་དངོས་སུ་ཆུར་མཆོང་འགྲན་སྡུར་གྱི་སྒྲིག་སྲོལ་གཏན་འབེབས་བྱས།   སྤྱི་ལོ1912ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ལྔ་བའི་སྟེང་སྐྱེས་མའི་ཆུར་མཆོང་དེ་འགྲན་སྡུར་དངོས་ཀྱི་རྣམ་གྲངས་སུ་བཞག་པ་ཡིན།

3 རིགས་དབྱེ།
3_1 མཆོང་པང་ཆུར་མཆོང་། 

མཆོང་པང་ཆུར་མཆོང་ནི་ལུས་རྩལ་པ་པང་ལེབ་སྟེང་ནས་མར་མཆོང་བ་ཞིག་ཡིན་ལ།  སྣ་ཚོགས་པའི་ཆུར་མཆོང་ཡང་ཟེར།  ཆུ་ངོས་དང་པང་ལེབ་ཀྱི་བར་ཐག་གི་མཐོ་ཚད་ལ་གཞིགས་ནས་སྤྱིར་བཏང་གི་སྨི1ཅན་དང་སྨི3ཅན་གྱི་པང་ལེབ་བཅས་རིགས་གཉིས་སུ་དབྱེ་ཡོད།  མགུལ་སྟངས་ལ་ཆུ་རྫིང་ལ་ཁ་གཏད་དེ་མདུན་ནས་མཆོངས་པ་དང་གཞུག་ནས་མཆོངས་པ།  ནང་ནས་མཆོངས་པ།   ལྡོག་ནས་མཆོངས་པ།   ལུས་ཕུང་འཁོར་ནས་མཆོངས་པ་སོགས་ཚན་པ་ལྔར་དབྱེ་ཡོད།  ཚན་པ་རེ་ལ་གཏན་ཁེལ་བྱས་པའི་འགུལ་སྟངས་དང་རང་འདེམས་ཀྱི་འགུལ་སྟངས་གཉིས་ཡོད།  འགུལ་སྟངས་རེ་རེ་ལ་གཏན་ཁེལ་བྱས་པའི་དཀའ་ཚད་ཡོད་ལ།   བཟོ་ལྟ་གྲུབ་རྗེས་པང་འགྲོ་དང་ལྡང་བ།   བར་སྣང་གི་བཟོ་ལྟ།  ཆུ་ནང་དུ་མཆོངས་པ་སོགས་ཡོད།  

3_2 མཆོང་སྟེགས་ཆུར་མཆོང་། 

མཆོང་སྟེགས་ཆུར་མཆོང་ནི་ལུས་རྩལ་པ་སྟེགས་བུ་ཐོག་ནས་མར་ཆུ་ནང་དུ་མཆོངས་པ་ཞིག་ཡིན་ལ།   ཆུ་ངོས་ཀྱི་མཐོ་ཚད་དང་བསྟུན་ནས་སྨི5ཅན་དང་སྨི7.5ཅན།  སྨི10ཅན་བཅས་རིགས་གསུམ་དབྱེ་ཡོད།  སྤྱིར་བཏང་གི་མཆོང་སྟངས་ལ་ཆུ་རྫིང་ལ་ཁ་གཏད་དེ་མདུན་ནས་མཆོངས་པ་དང་གཞུག་ནས་མཆོངས་པ།  ནང་ནས་མཆོངས་པ།   ལྡོག་ནས་མཆོངས་པ།   ལུས་ཕུང་འཁོར་ནས་མཆོངས་པ།   ལག་པ་དྲང་མོར་བསྲིངས་ནས་མཆོང་བ་སོགས་རིགས་དྲུག་ཡོད།   རིགས་རེ་རེ་ལ་གཏན་ཁེལ་བྱས་པའི་མཆོང་སྟངས་དང་རང་འདེམས་མཆོང་སྟངས་རིགས་གཉིས་སུ་བགར་ཡོད།   འགུལ་སྟངས་རེ་རེ་ལ་གཏན་ཁེལ་བྱས་པའི་དཀའ་ཚད་ཡོད་དེ།   དེ་ལ་སྟེགས་འགྲོ་དང་མར་མཆོངས་པ།   བར་སྣང་གི་བཟོ་ལྟ།   ཆུ་ནང་དུ་འཛུལ་བ་སོགས་ཡོད།

3_3 ཟུང་སྡེབ་ཆུར་མཆོང་། 

ཟུང་སྡེབ་ཆུར་མཆོང་ནི་ལུས་རྩལ་པ་གཉིས་དུས་མཉམ་དུ་མཆོང་པང་ངམ་ཡང་ན་མཆོང་སྟེགས་ནས་མར་ཆུ་ནང་དུ་མཆོངས་པ་ཞིག་ཡིན་ལ།   དེ་ལ་ཟུང་སྡེབ་གོམ་མཚུངས་ཆུར་མཆོང་ཡང་ཟེར།   དེ་ལ་ཟུང་སྡེབ་ཆུར་མཆོང་མི་སྒེར་དང་ཟུང་སྡེབ་ཆུར་མཆོང་ཚོགས་པའི་འགྲན་སྡུར་བཅས་འགྲན་སྡུར་རྣམ་གྲངས་རིགས་གཉིས་སུ་དབྱེ་ཞིང་།   འགུལ་སྟངས་ཀྱང་རིགས་ལྔར་དབྱེ་བ་ཡིན།

4 འགྲན་ཞུགས་རྣམ་གྲངས།

སྐྱེས་པ།  སྨི1ཅན་གྱི་མཆོང་པང་།   སྨི3ཅན་གྱི་མཆོང་པང་།   སྨི10ཅན་གྱི་མཆོང་པང་།   སྨི3ཅན་གྱི་ཟུང་སྡེབ་མཆོང་པང་ཆུར་མཆོང་།   སྨི10ཅན་གྱི་ཟུང་སྡེབ་མཆོང་སྟེགས་ཆུར་མཆོང་།  

སྐྱེས་མ།  སྨི1ཅན་གྱི་མཆོང་པང་།   སྨི3ཅན་གྱི་མཆོང་པང་།   སྨི10ཅན་གྱི་མཆོང་པང་།   སྨི3ཅན་གྱི་ཟུང་སྡེབ་མཆོང་པང་ཆུར་མཆོང་།   སྨི10ཅན་གྱི་ཟུང་སྡེབ་མཆོང་སྟེགས་ཆུར་མཆོང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།