ཆུ་ཐོག་སྤོ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་ཐོག་སྤོ་ལོ།
ཆུ་ཐོག་སྤོ་ལོ་ནི་ཆུ་ནང་དུ་འགྲན་སྡུར་བྱེད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན་ཞིང་། སྤོ་ལོའི་འགྲན་སྡུར་གྱི་གནས་ནི་གྲུ་བཞི་ནར་མོའི་ར་བ་ཞིག་ཡིན་ལ་སྣེ་གཉི་གར་སྤོ་ལོ་འཇུག་སའི་སྒོ་མོ་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水球
ཕྱི་ཡིག་གི་མིང་།
Water polo
འབྱུང་ཁུངས།
དབྱིན་ཇི།
འབྱུང་དུས།
དུས་རབས་བཅུ་དགུ་བའི་དུས་དཀྱིལ།
1 ངོ་སྤྲོད།

ཆུ་ཐོག་སྤོ་ལོ་ནི་ཆུ་ནང་དུ་འགྲན་སྡུར་བྱེད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན་ཞིང་།   སྤོ་ལོའི་འགྲན་སྡུར་གྱི་གནས་ནི་གྲུ་བཞི་ནར་མོའི་ར་བ་ཞིག་ཡིན་ལ་སྣེ་གཉི་གར་སྤོ་ལོ་འཇུག་སའི་སྒོ་མོ་ཡོད་པ་ཡིན།  འགྲན་སྡུར་བྱེད་སྐབས།   ཆུ་ནང་དུ་ལུས་རྩལ་པ་བདུན་ཡོད་ལ།   མདུན་རྒྱུག་དང་ཕྱི་སྲུང་།   སྒོ་སྲུང་བཅས་ཡོད།   ལུས་རྩལ་བ་རྣམས་ཀྱིས་ཆུ་ནང་ནས་མཉམ་འབྲེལ་གྱིས་སྤོ་ལོ་སྒོ་མོར་བཙུད་པའི་ཕྱོགས་ལ་རྒྱལ་ཁ་འཐོབ་པ་ཡིན།   ཆུ་ཐོག་སྤོ་ལོ་རྩེད་དུས་ལུས་ཡོངས་ཀྱི་རྩ་རྒྱུས་དང་ཁྲག་རྩ།   འབྱིན་རྔུབ།   དབང་རྩའི་མ་ལག་ལ་སྦྱོང་བརྡར་འཐོབ་པ་ཡིན་ཞིང་།   དེའི་ཁར་བློ་རིག་སྒྲིམ་པ་དང་དཔའ་ངར་བསྐྱེད་པ།  དཀའ་ཁག་ལ་མི་འཛེམ་པ།   ཚོགས་པའི་འདུ་ཤེས་བློ་སྦྱོང་བྱེད་པ་སོགས་ཕན་ནུས་ཆེན་པོ་འཐོབ་པ་ཡིན།

2 བྱུང་འཕེལ།

སྤྱི་ལོ1860ལོར།  དབྱིན་ཇི་རུ་ཆུ་ངོས་ནས་བྱ་གག་འཛིན་པའི་འགྲན་སྡུར་བྱུང་།  ལུས་རྩལ་པ་རྣམས་ཆུ་ནང་དུ་སོང་ནས་བྱ་གག་འདེད་རེས་བྱེད་པ་དང་།   སུས་སྔོན་དུ་བྱ་གག་ཟིན་ན་དེར་རྒྱལ་ཁ་ལོན་པ་ཡིན།   རྗེས་སུ་བྱ་གག་འཛིན་པའི་འགྲན་སྡུར་དེ་ཆུ་ཐོག་སྤོ་ལོ་འགུལ་སྐྱོད་དུ་བསྒྱུར།   ཆུ་ཐོག་སྤོ་ལོ་ནི་དུས་རབས་བཅུ་དགུ་བའི་ལོ་རབས་དྲུག་ཅུ་བའི་ནང་དབྱིན་ཇི་ནས་དར།   སྤྱི་ལོ1989ལོར་དབྱིན་ཇིའི་ལས་ཞོར་ཆུ་རྐྱལ་ཚོགས་པ་ཡིས་ཆུ་ཐོག་སྤོ་ལོའི་འགྲན་སྡུར་འཚོགས།   སྤྱི་ལོ1900ལོའི་ཨོ་རྩལ་འགྲན་ཚོགས་སྐབས་གཉིས་པའི་སྐབས་སུ་སྐྱེས་པའི་ཆུ་ཐོག་སྤོ་ལོ་དེ་དངོས་སུ་འགྲན་སྡུར་གྱི་རྣམ་གྲངས་སུ་བཞག   སྤྱི་ལོ1973ལོ་ནས་བཟུང་ཆུ་ཐོག་སྤོ་ལོའི་འགྲན་སྡུར་འཚོག་འགོ་ཚུགས།   སྤྱི་ལོ1979ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ཆུ་ཐོག་སྤོ་ལོ་གོ་རིམ་གཉིས་ཀྱི་འགྲན་རྩེད་ཚོགས་ཤིང་།   དར་མ་དང་གཞོན་ནུའི་ཚན་པ་གཉིས་སུ་བགོས་ལ།   དེ་མ་ཟད་དུས་གཏན་ཁེལ་གྱི་ཆུ་ཐོག་སྤོ་ལོའི་འགྲན་སྡུར་བྱེད་ཀྱི་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།