ཆི་ཏ་ནེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆི་ཏ་ནེ།
ཆི་ཏ་ནེ་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྐང་གྲུག་ལུས་རྩལ་བ་ཡིན་ཞིང་། འཛམ་གླིང་གི་མིང་དུ་གྲགས་པའི་རྐང་གྲུག་ལུས་རྩལ་བ་ཞིག་ཡིན། ཁོང་ནི་སྤྱི་ལོ1998ལོའི་ཡོ་རོབ་གླིང་གི་གསེར་གྱི་སྤོ་ལོའི་རྟགས་མ་ཐོབ་མཁན་དང་། སྐབས་གསུམ་གྱི་རྒྱལ་སྤྱིའི་རྐང་གྲུག་མནའ་འབྲེལ་ཚོགས་པའི་རྐང་གྲུག་སྐུ་ཞབས་ཀྱི་རྟགས་མ་ཐོབ་མཁན་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
齐内丁•亚兹德•齐达内
ཕྱི་ཡིག་གི་མིང་།
Zinedine Yazid Zidane
མིང་གཞན།
ཆི་ཙུའུ།
མཚན་ཧྲིལ་བོ།
ཆི་ནེ་ཏིང•ཡ་ཙི་ཏེ•ཆི་ཏ་ནེ།
རྒྱལ་ཁབ།
ཧྥ་རན་སེ།
སྐྱེས་ལོ།
སྤྱི་ལོ1972ལོའི་ཟླ6པའི་ཚེས23ཉིན།
སྐྱེས་ཡུལ།
ཧྥ་རན་སེའི་མཱ་སའེ།
ལུས་རྩལ་རྣམ་གྲངས།
རྐང་གྲུག
གྲུབ་འབྲས།
སྤྱི་ལོ2006ལོར་འཛམ་གླིང་བུམ་པའི་གསེར་གྱི་སྤོ་ལོའི་རྟགས་མ་ཐོབ་པ་དང་སྤྱི་ལོ2011ལོར་ལའོ་ལུན་སིའི་སྐུ་ཚེ་ཧྲིལ་བོའི་གྲུབ་འབྲས་རྟགས་མ་ཐོབ།
1 ངོ་སྤྲོད།

ཆི་ཏ་ནེ་ནི་སྤྱི་ལོ1972ལོའི་ཟླ6པའི་ཚེས23ཉིན་ཧྥ་རན་སེའི་མཱ་སའེ་རུ་སྐྱེས་ཤིང་།   ཁོང་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྐང་གྲུག་ལུས་རྩལ་བ་དང་།   འཛམ་གླིང་གི་མིང་དུ་གྲགས་པའི་རྐང་གྲུག་ལུས་རྩལ་བ་ཞིག་ཡིན།  ཁོང་ཆུང་དུས་ནས་རྐང་གྲུག་ལ་ཤིན་ཏུ་མཉེས་ཤིང་།  ཁཱ་སི་ཐུ་ལ་ནེའི་བྱེ་ཐང་དང་རྡེའུ་ཟེགས་ཐང་དུ་རྐང་གྲུག་སྦྱོང་བརྡར་བྱས།  ཁོང་གིས་སྔ་ཕྱིར་ཡིའུ་ཝུན་ཐུའུ་སི་སྤྲོ་སྐྱིད་ཁང་དང་ཧོང་ཅ་མ་ཏེ་ལེ་སྤྲོ་སྐྱིད་ཁང་སོགས་སུ་རྐང་གྲུག་རྩེད་མྱོང་།   སྤྱི་ལོ2006ལོའི་འཇར་མན་གྱི་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་སྡུར་མཇུག་རྫོགས་རྗེས་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་པ་དང་།   ད་ལྟ་ཧོང་ཅ་མ་ཏེ་ལེ་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོའི་འགན་བཞེས་ཡོད།

2 གྲུབ་འབྲས།

སྤྱི་ལོ1998ལོའི་འཛམ་གླིང་བུམ་པའི་ཨང་དང་པོ་དང་སྤྱི་ལོ2000ལོའི་ཡོ་རོབ་གླིང་བུམ་པའི་ཨང་དང་པོ།   སྤྱི་ལོ2006ལོའི་འཛམ་གླིང་བུམ་པའི་ཨང་གཉིས་པ་བཅས་བླངས་བ་དང་།   དབྱི་ཐ་ལིའི་རིམ་འདས་བུམ་པའི་ཨང་དང་པོ་དང་ཡོ་རོབ་གླིང་རིམ་འདས་བུམ་པའི་ཨང་དང་པོ།  ཡོ་རོབ་གླིང་རྟིང་རྩོད་བུམ་པའི་ཨང་དང་པོ།   སི་ཕེན་གྱི་རིམ་འདས་བུམ་པའི་ཨང་དང་པོ།   དབྱི་ལ་ལིའི་རིམ་གྲས་དང་པོའི་མཉམ་འགྲན་གྱི་ཨང་དང་པོ་སོགས་གང་མང་བླངས་མྱོང་ཞིང་།   མི་སྒེར་ལ་མཚོན་ན་སྤྱི་ལོ1998ལོའི་ཡོ་རོབ་གླིང་གི་གསེར་གྱི་སྤོ་ལོའི་རྟགས་མ་ཐོབ་པ་དང་སྤྱི་ལོ1999ལོ་དང་སྤྱི་ལོ2002ལོ།   སྤྱི་ལོ2003ལོ་བཅས་ཀྱི་རྒྱལ་སྤྱིའི་རྐང་གྲུག་མནའ་འབྲེལ་ཚོགས་པའི་རྐང་གྲུག་སྐུ་ཞབས་ཀྱི་རྟགས་མ་ཐོབ།  སྤྱི་ལོ2003ལོ་དང་སྤྱི་ལོ2004ལོ།   སྤྱི་ལོ2006ལོ་བཅས་ལ་ཧྥ་རན་སེའི་ཆེས་དགའ་བསུ་ཐོབ་པའི་ལུས་རྩལ་བའི་རྟགས་མ་ཐོབ་པ་དང་།   སྤྱི་ལོ2006ལོར་འཛམ་གླིང་བུམ་པའི་གསེར་གྱི་སྤོ་ལོའི་རྟགས་མ་ཐོབ།  སྤྱི་ལོ2011ལོར་ལའོ་ལུན་སིའི་སྐུ་ཚེ་ཧྲིལ་བོའི་གྲུབ་འབྲས་རྟགས་མ་དང་ལོ་དེར་ཡོ་རོབ་གླིང་རྟིང་རྩོད་མཉམ་འགྲན་གྱི་ལོ་ངོ་ཉི་ཤུའི་རྩེ་ཕུད་སྤོ་ལོ་རྩེད་མཁན་གྱི་རྟགས་མ།  སྤྱི་ལོ2012ལོར་ཧྥ་རན་སེའི་ལོ་རྒྱུས་ཐོག་རྩེ་ཕུད་ལུས་རྩལ་བའི་རྟགས་མ་བཅས་ཐོབ་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།