གར་རྩེད་ཆུར་རྐྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གར་རྩེད་ཆུར་རྐྱལ།
གར་རྩེད་ཆུར་རྐྱལ་ནི་ཆུ་ནང་ནས་རྐྱལ་རྩལ་སྣ་ཚོགས་སྟོན་པའི་སྒྱུ་རྩལ་རང་བཞིན་གྱི་ཆུའི་རྐྱལ་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
花样游泳
ཕྱི་ཡིག་གི་མིང་།
Synchronised swimming
འབྱུང་ཡུལ།
ཡོ་རོབ་གླིང་།
གསར་གཏོད་མཁན།
ཁུ་ཏི་སི(Katherine Curtis)
1 ངོ་སྤྲོད།

གར་རྩེད་ཆུར་རྐྱལ་ནི་ཆུ་ནང་ནས་རྐྱལ་རྩལ་སྣ་ཚོགས་སྟོན་པའི་སྒྱུ་རྩལ་རང་བཞིན་གྱི་ཆུའི་རྐྱལ་རྩལ་ཞིག་ཡིན་ལ།   དེ་ནི་ལུས་རྩལ་པས་གོམ་པ་གཟབ་སྤྲོས་ཀྱི་ཆུ་ལྭ་གྱོན་ནས་ཆུ་ནང་ནས་རི་མོ་སྣ་ཚོགས་བསྒྲིགས་པ་དང་།  ཆུ་ཁར་གཡེང་བ།   ཆུ་ནང་ལ་འཛུལ་བ།  འདྲེ་ལོག་རྒྱག་པ་སོགས་ཀྱི་བཟོ་ལྟ་མངོན་ནས་གླུ་དབྱངས་ནང་དོན་གསལ་དཀྲོལ་བྱེད་པ་ཡིན།   གར་རྩེད་ཆུར་རྐྱལ་གྱི་འགྲན་སྡུར་ལ་གཏན་ལ་ཁེལ་བའི་འགུལ་སྟངས་དང་རང་འདེམས་འགུལ་སྟངས་རིགས་གཉིད་ཡོད་ལ།   གཏན་ལ་ཁེལ་བའི་འགུལ་སྟངས་ལ་རོལ་མོའི་གཞོགས་འདེགས་མི་དགོས་པར་དེ་ནི་མི་གཅིག་གི་ཆུ་རྐྱལ་མངོན་པའི་ཆུ་རྐྱལ་གྱི་འགྲན་སྡུར་ཞིག་ཡིན།   རང་འདེམས་འགུལ་སྟངས་འགྲན་སྡུར་ནི་ལུས་རྩལ་པ་རང་ཉིད་ཀྱིས་གསར་གཏོད་བྱས་པའི་འགུལ་སྟངས་ལ་རོལ་མོའི་གཞོགས་འདེགས་བྱེད་དགོས་པ་ཞིག་ཡིན།

2 བྱུང་འཕེལ།

གར་རྩེད་ཆུར་རྐྱལ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་ལ་ཡོ་རོབ་གླིང་ནས་བྱུང་བ་ཞིག་ཡིན་ལ།   རྗེས་ནས་ཁ་ན་ཏ་དང་ཨ་རི་སོགས་ལ་དར་ནས་ཆུ་ཐོག་གི་པཱ་ལི་ཞེས་གྲགས།   སྤྱི་ལོ1942ལོར་ཨ་རིའི་ལས་ཞོར་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གར་རྩེད་ཆུར་རྐྱལ་ནི་འགྲན་སྡུར་རྣམ་གྲངས་སུ་གཏན་ཁེལ་བྱས་ཤིང་།   སྤྱི་ལོ1952ལོར་ཨོ་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་སུ་བཞག   སྤྱི་ལོ1956ལོར་རྒྱལ་སྤྱིའི་ཆུར་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁས་ལེན་ཐོབ་ཅིང་།   སྤྱི་ལོ1973ལོར་འཛམ་གླིང་གར་རྩེད་ཆུར་རྐྱལ་གྱི་སྐྱེས་འབུལ་འགྲན་སྡུར་སྐབས་དང་པོ་བསྡུས།   སྤྱི་ལོ1984ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པའི་སྟེང་གར་རྩེད་ཆུར་རྐྱལ་དེ་འགྲན་སྡུར་དངོས་ཀྱི་རྣམ་གྲངས་སུ་བཞག་ཅིང་།   མི་སྒེར་དང་སྐྱེས་མ་ཟུང་གི་རྣམ་གྲངས་ཡོད་ལ།   སྐྱེས་མ་ཟུང་དང་ཚོགས་པར་གསེར་གྱི་རྟགས་མ་གཉིས་གནང་བར་གཏན་ཁེལ་བྱས།   གར་རྩེད་ཆུར་རྐྱལ་དེ་ཀྲུང་གོ་རུ་དར་དུས་ཤིན་ཏུ་འཕྱི་ཞིང་།    དེང་སྐབས་ད་དུང་འགོ་རྩོམ་པའི་དུས་རིམ་ཡིན།   སྤྱི་ལོ1983ལོ་ནས་བཟུང་།   ཀྲུང་གོས་སྔ་གཞུག་ཏུ་འཇར་པན་དང་ཨ་རི་སོགས་ཀྱི་ཆེད་ལས་པ་ཁྲིད་ཡོང་ནས་མཛུབ་སྟོན་བྱེད་དུ་བཅུག་པ་དང་།   ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་མི་མངགས་ནས་གར་རྩེད་ཆུར་རྐྱལ་ལ་སློབ་སྦྱོང་བྱེད་དུ་བཅུག   སྤྱི་ལོ1984ལོའི་ཟླ8པར་པེ་ཅིང་ནས་ཐོག་དང་པོར་གར་རྩེད་ཆུར་རྐྱལ་གྱི་སྐྱེས་འབུལ་འགྲན་སྡུར་སྤེལ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།