རྩོམ་འབྲིའི་ནུས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩོམ་འབྲིའི་ནུས་པ།
རྩོམ་འབྲི་ནི་དེང་རབས་སྤྱི་ཚོགས་ནང་མེད་དུ་མི་རུང་ཞིང་། ཆ་འཕྲིན་གཏོང་སྤྲོད་དང་། བསམ་བློ་བརྗེ་རེས་སྐབས་རྩོམ་འབྲི་དགོས་པ་མ་ཟད། སློབ་སྦྱོང་དང་ཚན་རིག་ཞིབ་འཇུག ཉམས་མྱོང་སྤེལ་རེས་དང་ཤེས་བྱ་བརྒྱུད་སྤྲོད་སྐབས་ཀྱང་རྩོམ་འབྲི་དགོས་པ་སོགས་གང་ལྟར་རྩོམ་འབྲི་ནི་མེད་དུ་མི་རུང་ཞིང་། རྩོམ་འབྲི་བ་ནི་དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
写作技能
ཁྱབ་ཁོངས།
སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་ཆེན་སློབ་མ།
དམིགས་ཡུལ།
སློབ་ཆེན་སྐད་ཡིག་ཆེད་ལས་སློབ་མའི་རྩོམ་འབྲིའི་སྦྱོང་བརྡར་དང་སློབ་ཐོན་དཔྱད་རྩོམ་འབྲི་བའི་ནུས་པ་མཐོར་འདེགས།
1 ངོ་སྤྲོད།

སྤྱིར་ང་ཚོས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བའི་ཐབས་ལམ་ལ། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་པ་དང་། རྩོམ་འབྲིའི་རིག་པའི་གཞུང་ལུགས་སློབ་སྦྱོང་བྱེད་དགོས་པ། དེ་བཞིན་རྩོམ་ཡིག་མང་ཙམ་འབྲི་དགོས་པ་དང་མང་ཙམ་ཀློག་དགོས་པ་ལ་སོགས་པའི་རིག་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་མི་ཉུང་བ་བྱེད་མོད། འོན་ཀྱང་། དེ་འདྲའི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི་རྩོམ་འབྲི་མཁན་ཀུན་གྱི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཏུ་གྲུབ་པ་བྱེད་དགོས་པས་དེ་བས་དོན་སྙིང་ཆེན་པོ་ལྡན། གཉིས་ནས་དེས་ལག་པ་འགུལ་བའི་གོམས་གཤིས་འཇགས་ནས་རྩོམ་འབྲིའི་མོས་པའང་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་ཉིན་ཐོ་ནི་རང་འགུལ་གྱིས་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་ཞིང་། ཉིན་ཐོའི་ནང་དོན་ལ་དགེ་རྒན་དང་འབྲེལ་ཡོད་མི་ཡིས་གང་བྱུང་དུ་ལྟ་སྐུལ་བྱེད་རྒྱུ་མེད། གལ་ཏེ་ང་ཚོས་སློབ་མས་ཉིན་ཐོ་བྲིས་མིན་ལ་བརྟག་དཔྱད་བྱེད་པ་དང་། དེའི་ནང་གི་སྐྱོན་ཡོན་སོགས་ལ་གདེང་འཇོག་བྱེད་པར་བརྩམས་ཚེ་དེས་སློབ་མའི་སེམས་ནང་གི་འདུན་པ་དང་བསམ་ཚུལ་དངོས་འབྲི་བ་སོགས་ལ་བཀག་འགོག་བྱུང་ནས་ཉིན་ཐོ་འབྲི་བའི་དམིགས་ཡུལ་མི་འགྲུབ་ལ་ཉིན་ཐོ་འབྲི་བ་དེའང་ཁྲལ་ལྟ་བུར་འགྱུར་འགྲོ་བས་དེ་ནི་གནས་ལུགས་བཤད་ནས་སྐུལ་སློང་བྱ་དགོས།

2 གཟའ་འཁོར་སྙན་ཞུ་འབྲི་བ།

དེ་ན་ཉིན་ཐོ་དང་མི་འདྲ་བར་འབྲེལ་ཡོད་མི་སྣས་ལྟ་སྐུལ་དང་དཔྱད་བརྗོད། ཐ་ན་ཐད་ཀར་སྣེ་ཁྲིད་ཀྱང་བྱེད་ཆོག་པ་ཡིན། གཟའ་འཁོར་རེའི་སློབ་སྦྱོང་གི་གནས་ཚུལ་སྙན་ཞུའི་ནང་དོན་ནི་ཤིན་ཏུ་ནས་རྒྱ་ཆེ་ལ་རང་དབང་ཤུགས་ཆེན་ལྡན་པའི་སྦྱོང་བརྡར་ཞིག་ཡིན། དཔེར་ན། སློབ་མས་རང་ཉིད་ཀྱི་སློབ་སྦྱོང་ལས་འགན་གྱི་ནང་ནས་མོས་པ་ཆེ་ཤོས་ཀྱི་སློབ་ཚན་གྱི་རིགས་གང་ཡིན་མིན་དང་། སློབ་ཁྲིད་ཀྱི་ཐབས་ཤེས་གང་ཞིག་རང་ཉིད་དང་ཆེས་འཚམས་པ། སློབ་ཚན་གང་གིས་རང་ཉིད་ལ་བག་ཆགས་ཆེ་ཤོས་སྦྱིན་པ། ཡང་ན། སྐད་ཆ་གང་ཞིག་དང་གནད་དོན་གང་ཞིག་གིས་རང་ཉིད་ལ་བློ་སྒོ་ཇི་ལྟར་ཕྱེ་བ་སོགས་ནང་དོན་ཆེ་ཕྲ་གང་རུང་བརྗོད་གཞིར་བྱས་ནས་འབྲི་ཆོག འོན་ཀྱང་ནང་དོན་དེ་དང་དེ་ལ་སོགས་པ་འབྲི་བར་དགེ་རྒན་གྱི་སྣེ་ཁྲིད་དགོས་ལ་སློབ་མས་ཀྱང་སྟབས་བདེའི་དྲི་ལན་ཙམ་མིན་པར་སེམས་གཏིང་གི་ཚོར་སྣང་དང་འདོད་ཚུལ་འབྲི་དགོས།

3 སློབ་ལོའི་དཔྱད་རྩོམ་འབྲི་རྒྱུ་བཀོད་སྒྲིག

སློབ་ལོའི་དཔྱད་རྩོམ་ནི་སློབ་ཆེན་སློབ་མ་སྒེར་གྱིས་ལེགས་གྲུབ་དགོས་པའི་སྦྱོང་ཚན་ཞིག་ཡིན། དེའང་མཐོ་རིམ་སློབ་གྲྭའི་སློབ་མས་ལོ་གཉིས་ནང་རྨང་གཞིའི་སློབ་ཚན་སྦྱངས་རྗེས། ཤེས་བྱ་གང་ཙམ་ཁོང་དུ་ཆུད་ནས་དགེ་རྒན་གྱི་ཁྲིད་སྟོན་འོག་སློབ་ལོའི་དཔྱད་རྩོམ་འབྲི་དགོས་པ་ཡིན། སློབ་ལོའི་དཔྱད་རྩོམ་བྲིས་ན་གཅིག་ནས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐུབ་པ་དང་། གཉིས་ནས་སློབ་ཐོན་དཔྱད་རྩོམ་འབྲི་བར་རྒྱུས་མངའ་དང་རྨང་གཞི་ལེགས་པོ་ཞིག་འདིང་ཐུབ་པས་དེ་ནི་ཤིན་ཏུ་གལ་ཆེ་བའི་སྦྱོང་བརྡར་ཞིག་ཡིན། དེས་ན་སློབ་ལོའི་དཔྱད་རྩོམ་འབྲི་བའི་སྣེ་ཁྲིད་དགེ་རྒན་ཁག་བགོས་བྱེད། ངས་ཀྱང་ངེས་པར་དུ་ཕྱོགས་ཡོངས་ནས་སློབ་ཐོན་དཔྱད་རྩོམ་བྲི་བའི་དགེ་རྒན་བཀོད་སྒྲིག་བྱེད་སྐབས་ཀྱི་རེ་བ་ལྟར་དོན་འཁྱོལ་བྱེད་དགོས་པ་ལས་སྤྱིར་བཏང་གི་དཔྱད་གླེང་སྦྱོང་ཚན་དང་མི་འདྲ་བའི་གནད་མཐོང་ཐུབ་པ་བྱེད་རྒྱུ་ནི་འབྲེལ་ཡོད་ཚན་པས་ཡིད་གཟབ་དགོས་པར་མཐོང་། དེའང་དོ་ཁུར་བྱེད་མཁན་གྱི་དགེ་རྒན་རྣམ་པས་མཁྱེན་གསལ་ལ། མིག་སྔའི་རང་རེའི་སློབ་མའི་སློབ་ཐོན་དཔྱད་རྩོམ་བཀོད་སྒྲིག་བྱས་འཕྲལ། སློབ་མ་མི་ཉུང་བ་ཞིག་གིས་དགེ་རྒན་གྱིས་མཁོ་འདོན་བྱས་པའི་དཔྱད་རྩོམ་གྱི་ཁ་བྱང་དག་ཁྱེར་ཡོང་ནས་དེ་དག་གི་ནང་ནས་ཁ་བྱང་གང་ཞིག་འདེམས་ན་ལེགས་མིན་དགེ་རྒན་ལ་དྲི་བའམ་ཡང་ན་རང་ཉིད་ཀྱི་ཚོར་སྣང་ཙམ་ལ་བརྟེན་ནས་ཁ་བྱང་གདམས་པ་ལས་ལོ་དེ་དག་ནང་ངེས་པར་དུ་བསྒྲུབས་དགོས་ངེས་ཀྱི་སློབ་ཐོན་དཔྱད་རྩོམ་འབྲི་བའི་གྲ་སྒྲིག་སྟེ། དཔྱད་རྩོམ་འབྲི་བའི་སྤྱིའི་བསམ་ཕྱོགས་དང་། མ་མཐའི་དཔྱད་གཞིའི་རྒྱུ་ཆ། རང་ཉིད་ལ་གདེང་ཚོད་ངེས་ཅན་ཡོད་དགོས་པའི་ཆེད་ལས་ཀྱི་ཁྱབ་ཁོངས་ལ་སོགས་ཅི་ཡང་མེད་ལ། ཐ་ན་སློབ་མ་ལ་ལས་དཔྱད་རྩོམ་ཞེས་པ་གང་ཞིག་འབྲི་བ་དང་ཇི་ལྟར་འབྲི་དགོས་མིན་ཡང་མི་ཤེས་པའི་དངོས་ཡོད་གནས་ཚུལ་དེ་འདྲ་མཐོང་མུས་ཡིན་ན། གནད་ལ་འཁེལ་བའི་སློབ་ལོའི་དཔྱད་རྩོམ་སྦྱོང་བརྡར་གྱི་བཀོད་སྒྲིག་དང་དེ་དག་དོན་འཁྱོལ་ལེགས་པོ་བྱུང་ཚེ་གོང་གསལ་གནད་དོན་རྣམས་སྔོན་འགོག་བྱེད་ཐུབ་སྙམ།

4 སློབ་ཕྱིའི་བྱེད་སྒོར་མཐོང་ཆེན།

སྐད་ཡིག་སྦྱོང་བརྡར་དང་འབྲེལ་བའི་སློབ་ཕྱིའི་བྱེད་སྒོ་སྤེལ་བ་ནི་ཕལ་ཆེར་སློབ་ཆུང་ནས་འགོ་བཙུགས་པ་ཞིག་ཡིན་མོད། འོན་ཀྱང་རྨང་གཞིའི་སློབ་གསོའི་དུས་སྐབས་ཀྱི་སྦྱོང་བརྡར་ནི་ནག་པང་ཚགས་པར་འབྲི་བ་དང་སློབ་ཕྱིའི་དཔེ་དེབ་ལྟ་བ་ལ་སོགས་པའི་རྨང་གཞིའི་ནུས་རྩལ་གྱི་སྦྱོང་བརྡར་ཙམ་ཡིན་ཞིང་། སློབ་གྲྭ་ཆེན་མོའི་སྐབས་སུ་ངེས་པར་དུ་ཆེད་ལས་ཀྱི་རང་བཞིན་དང་ཆེད་ལས་ཀྱི་ཁྱད་ཆོས་ལ་བསྟུན་ནས་སློབ་ཕྱིའི་བྱེད་སྒོ་སྤེལ་རྒྱུ་ནི་གལ་ཆེ་བ་ཡིན། སྐད་ཡིག་སྦྱོང་བརྡར་དང་འབྲེལ་བའི་སློབ་ཕྱིའི་བྱེད་སྒོའི་ནང་དོན་ནི་ཧ་ཅང་མང་པོ་ཡོད། དེའང་འབྲི་རྩལ་སྦྱོང་བརྡར་དང་འབྲེལ་བའི་དཔེ་ཙམ་བསྟན་ན། དཔེར་ན། འཁྲབ་ཚན་ཐུང་ངུ་དང་དགོད་བྲོའི་གཏམ་གླེང་འཁྲབ་གཞུང་གི་འབྲི་རྩལ་དང་འཁྲབ་རྩལ་གྱི་འགྲན་བསྡུར་སྦྱོང་བརྡར་སྤེལ་བ་ལྟ་བུར་མཚོན་ན་དེས་གཅིག་ནས་སྒྱུ་རྩལ་གྱི་བག་ཆགས་ཟབ་མོ་འཇགས་པར་ཕན་ཐོགས་པ་མ་ཟད། ཐད་ཀར་རྩོམ་འབྲིའི་ནུས་པའང་མཐོ་ཏུ་འགྲོ་བ་ལྟ་བུའོ།། དེ་བཞིན་སྙན་ངག་གྱེར་འདོན་དང་གཏམ་བཤད་ཀྱི་བྱེད་སྒོ། ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ། སློབ་མའི་ཚགས་པར་དང་དུས་དེབ་གཉེར་བའི་བྱེད་སྒོ། དེ་བཞིན་འབྲེལ་ཡོད་རྩོམ་རིག་གི་སློབ་ཁྲིད་ཟིན་རྗེས་གློག་བརྙན་དང་ཟློས་གར་གྲགས་ཅན་སོགས་ཀྱི་བརྙན་ཕབ་དུས་ཐོག་ཏུ་བཏོན་ཏེ་དེ་དག་ལ་དཔྱད་གཏམ་འབྲི་རུ་བཅུག་པའི་བྱེད་སྒོ་སྤེལ་བ་སོགས་ཤིན་ཏུ་མང་ངོ་།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-30

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།