ཀྲེང་ཧའེ་ཞ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲེང་ཧའེ་ཞ།
ཀྲེང་ཧའེ་ཞ་ནི་ཀྲུང་གོའི་སྐྱེས་མའི་གཟེབ་གྲུག་མཁན་པོ་ཞིག་ཡིན་ལ། རྒྱལ་ཁབ་རུ་ཁག་གི་གཟེབ་གྲུག་གི་གདོང་ལེན་བར་མ་ཕུལ་དུ་བྱུང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郑海霞
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1967ལོ།
སྐྱེས་ཡུལ།
ཧུ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར།
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
གྲུབ་འབྲས།
སྤྱི་ལོ1984ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་སྟེང་སྐྱེས་མའི་གཟེབ་གྲུག་གི་ཟངས་ཀྱི་རྟགས་མ་དང་སྤྱི་ལོ1992ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔའི་སྟེང་སྐྱེས་མའི་གཟེབ་གྲུག་གི་དངུལ་གྱི་རྟགས་མ་ཐོབ།
1 ​ངོ་སྤྲོད།

ཀྲེང་ཧའེ་ཞ་ནི་ཀྲུང་གོའི་སྐྱེས་མའི་གཟེབ་གྲུག་མཁན་པོ་ཞིག་ཡིན་ལ།   རྒྱལ་ཁབ་རུ་ཁག་གི་གཟེབ་གྲུག་གི་གདོང་ལེན་བར་མ་ཕུལ་དུ་བྱུང་བ་ཞིག་ཡིན།  ཁོ་མོ་སྤྱི་ལོ1967ལོར་ཧུ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ནས་སྐྱེས།   ཁོ་མོའི་ལུས་པའི་མཐོ་ཚད་ལ་སྨི2.06ཡོད་ཅིང་།   ལོ་ན17ནས་ཝུའུ་ཧན་གྱི་དཔུང་ཁག་གི་སྐྱེས་མའི་རུ་མིར་བསྐོས།  ཁོ་མོའི་འགུལ་སྟངས་ལ་ལྡེམ་མྱུར་ལྡན་ལ་འགོག་སྲུང་ལ་མཁས་པས་རྒྱལ་ཁབ་རུ་ཁག་གི་སྐར་མ་བརྩོན་ལེན་བྱེད་མཁན་གཙོ་བོར་གྱུར།  སྤྱི་ལོ1997ལོར་ཁོ་མོ་ཨ་རིའི་ལུའོ་ཧྲན་ཅིའི་མེ་རྟགས་རུ་ཁག་ཏུ་ཞུགས་ཤིང་།   ཨེ་ཤ་ཡ་གླིང་གི་ཨ་རིའི་མནའ་འབྲེལ་སྐྱེས་མའི་ཆེད་ལས་གཟེབ་གྲུག་འགྲན་རྩེད་ཀྱི་ལུས་རྩལ་བ་དང་པོར་གྱུར།  སྤྱི་ལོ1998ལོ་ནས་བཟུང་བརྒྱད་གཅིག་སྐྱེས་མའི་རུ་ཁག་ཏུ་ཞུགས་ཤིང་།   ད་ལྟ་བརྒྱད་གཅིག་སྐྱེས་མའི་རུ་ཁག་གི་སྣེ་ཁྲིད་པའི་འགན་བཞེས་ཡོད།

2 གྲུབ་འབྲས། 

སྤྱི་ལོ1982ལོ་དང་སྤྱི་ལོ1984ལོར་ཀྲུང་གོའི་ན་གཞོན་སྐྱེས་མའི་གཟེབ་གྲུག་རུ་ཁག་ཏུ་ཞུགས་ནས་ཨེ་ཤ་ཡའི་ན་གཞོན་སྐྱེས་མའི་གཟེབ་གྲུག་སྐྱེས་འབུལ་འགྲན་སྡུར་གྱི་ཨང་དང་པོ་ཐེངས་གཉིས་ཐོབ་པ་དང་།   སྤྱི་ལོ1983ལོར་བཅིངས་འགྲོལ་དམག་རུ་ཁག་ཏུ་ཞུགས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བའི་ཨང་དང་པོ་ཐོབ།   ལོ་དེར་རྒྱལ་ཁབ་ཀྱི་སྐྱེས་མའི་གཟེབ་གྲུག་རུ་ཁག་ཏུ་ཞུགས་ནས་འཛམ་གླིང་སྐྱེས་མའི་གཟེབ་གྲུག་སྐྱེས་འབུལ་འགྲན་སྡུར་གྱི་ཨང་གསུམ་པ་བླངས་བ་དང་།   སྤྱི་ལོ1984ལོར་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་གྱི་ཟངས་ཀྱི་རྟགས་མ་ཐོབ།   ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བའི་སྟེང་ཨང་དང་པོ་ཐོབ་ཅིང་།  སྤྱི་ལོ1985ལོའི“པོ་ལུའོ་ཏེ་ཧའེ་བུམ་པ”སྐབས་དྲུག་པའི་སྟེང“རྩེ་ཕུད་སྐར་མ་ལེན་མཁན་གྱི་རྟགས་མ”དང“རྩེ་ཕུད་པང་ལེབ་སྤོ་ལོའི་རྟགས་མ”ཐོབ།  སྤྱི་ལོ1986ལོའི་འཛམ་གླིང་སྐྱེས་མའི་གཟེབ་གྲུག་སྐྱེས་འབུལ་འགྲན་སྡུར་གྱི་གྲ་སྒྲིག་འགྲན་སྡུར་ཁྲོད“རྩེ་ཕུད་གདོང་ལེན་བར་མའི་རྟགས་མ”ཐོབ་པ་དང་།   རྟིང་རྩོད་འགྲན་སྡུར་ཁྲོད“རྩེ་ཕུད་སྐར་མ་ལེན་མཁན་གྱི་རྟགས་མ”ཐོབ།   སྤྱི་ལོ1992ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔའི་སྟེང་སྐྱེས་མའི་གཟེབ་གྲུག་གི་དངུལ་གྱི་རྟགས་མ་ཐོབ་པ་དང་སྤྱི་ལོ1999ལོར་ཀྲུང་གོའི་གཟེབ་གྲུག་མཁན་པོ་ལྔ་བཅུའི་གྲས་སུ་བདམས་པ་རེད།   ཁོ་མོ་སྔ་གཞུག་ཏུ་ཨོ་རྩལ་འགྲན་ཚོགས་སུ་ཐེངས་བཞི་དང་འཛམ་གླིང་སྐྱེས་མའི་གཟེབ་གྲུག་སྐྱེས་འབུལ་འགྲན་སྡུར་དུ་ཐེངས་བཞི།   ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སུ་ཐེངས་བཞི་ལ་ཞུགས་མྱོང་བ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།