ཀྲང་ཏེ་ཕེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་ཏེ་ཕེ།
ཀྲང་ཏེ་ཕེ་ནི་ཨ་རིའི་ཕྱིར་སྡོད་ཀྲུང་གོའི་རྒྱུད་པའི་དྲ་གྲུག་ལུས་རྩལ་པ་ཞིག་ཡིན་ཞིང་། ཕ་ཡུལ་ཀོང་ཏུང་ཅེ་དབྱང་གི་མི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张德培
ཕྱི་ཡིག་གི་མིང་།
Michael Chang
རྒྱལ་ཁབ།
ཨ་མེ་རི་ཁ།
སྐྱེས་ལོ།
སྤྱི་ལོ1972ལོའི་ཟླ2པའི་ཚེས22ཉིན།
སྐྱེས་ཡུལ།
ཨ་རིའི་ཞིན་ཙེ་ཞི།
ལུས་རྩལ་རྣམ་གྲངས།
དྲ་གྲུག
གྲུབ་འབྲས།
སྤྱི་ལོ1989ལོའི་ཧྥ་རན་སེའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་གྱི་ཨང་དང་པོ་དང་སྤྱི་ལོ1996ལོའི་ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་དང་ཨ་མེ་རི་ཁའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་གྱི་ཨང་གཉིས་པ་བླངས།
1 ངོ་སྤྲོད།

ཀྲང་ཏེ་ཕེ་ནི་ཨ་རིའི་ཕྱིར་སྡོད་ཀྲུང་གོའི་རྒྱུད་པའི་དྲ་གྲུག་ལུས་རྩལ་པ་ཞིག་ཡིན་ཞིང་།  ཕ་ཡུལ་ཀོང་ཏུང་ཅེ་དབྱང་གི་མི་ཡིན།  ཁོང་སྤྱི་ལོ1972ལོའི་ཟླ2པའི་ཚེས22ཉིན་ཨ་རིའི་ཞིན་ཙེ་ཞི་ནས་སྐྱེས་ཤིང་།  སྤྱི་ལོ1987ལོ་ནས་བཟུང་ཆེད་ལས་འགྲན་སྡུར་དུ་ཞུགས།  ཁོས་ལོ་ངོ་བཅུ་དྲུག་རིང་གི་ལུས་རྩལ་མི་ཚེའི་ཁྲོད་འབྲས་བུ་གཡུར་དུ་ཟ་བ་བླངས་ཤིང་།  སྤྱི་ལོ2003ལོར་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད།  སྤྱི་ལོ2005ལོར་ཨ་མེ་རི་ཁའི་དྲ་གྲུག་མཐུན་ཚོགས་ཀྱི་མཐོ་རིམ་ཨུ་ཡོན་ལྷན་ཚོགས་སུ་ཞུགས་པ་དང་ཨ་མེ་རི་ཁའི་ན་གཞོན་དྲ་གྲུག་ལུས་རྩལ་བའི་གསོ་སྐྱོང་དང་འཕེལ་རྒྱས་ཀྱི་བྱ་བའི་འགན་ཁུར་བ་རེད།

2 གྲུབ་འབྲས།

སྤྱི་ལོ1989ལོའི་ཧྥ་རན་སེའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་གྱི་ཨང་དང་པོ་བླངས་པས།  ཨ་རིའི་སྐྱེས་པའི་དྲ་གྲུག་གི་ལོ་ངོ་སུམ་ཅུ་སོ་བཞིའི་རིང་ཧྥ་རན་སེའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་གྱི་ཨང་དང་པོ་བླངས་པའི་ལུས་རྩལ་པར་གྱུར་བ་མ་ཟད།   སྐྱེས་པའི་རྐྱང་རྒྱག་གི་ཏཱ་མན་ཀོན་འགྲན་སྡུར་གྱི་ཨང་དང་པོ་ལེན་མཁན་གྱི་ལོ་ན་ཆེས་གཞོན་པའི་ཟིན་ཐོ་བསྐྲུན།  སྤྱི་ལོ1996ལོའི་ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་དང་ཨ་མེ་རི་ཁའི་དྲ་གྲུག་ཡོངས་བསྒྲགས་འགྲན་སྡུར་གྱི་ཨང་གཉིས་པ་བླངས་ལ།  ལོ་མཇུག་གི་འཛམ་གླིང་ཨང་རིམ་ཁྲོད་ཨང་གཉིས་པའི་གོ་གནས་བཟུང་བ་མ་ཟད།   བསྟུད་མར་ལོ་ལྔ་ལ་འཛམ་གླིང་གི་ཨང་རིམ་བཅུའི་གྲས་སུ་ཚུད།  ཁོས་ལུས་རྩལ་གྱི་མི་ཚེའི་ཁྲོདATPཡི་རྐྱང་འགྲན་གྱི་བྱ་དགའ་ཨང་དང་པོ་ཐེངས34བླངས་ཤིང་།  སྤྱི་ལོ2008ལོའི་ཟླ1པོའི་ནང་ཁོ་རྒྱལ་སྤྱིའི་དྲ་གྲུག་མི་གྲགས་གླིང་དུ་བདམས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།