ཀའོ་མིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀའོ་མིན།
ཀའོ་མིན་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཆུར་མཆོང་ལུས་རྩལ་པ་ཞིག་ཡིན་ཞིང་། འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་ཆུར་མཆོང་ལུས་རྩལ་པ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高敏
ཕྱི་ཡིག་གི་མིང་།
GaoMin
རྒྱལ་ཁབ།
ཁ་ན་ཏ།
སྐྱེས་ལོ།
སྤྱི་ལོ1970ལོའི་ཟླ9བའི་ཚེས28ཉིན།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་ཙི་ཀུང་།
ལུས་རྩལ་རྣམ་གྲངས།
ཆུར་མཆོང་།
གྲུབ་འབྲས།
སྤྱི་ལོ1988ལོ་དང་སྤྱི་ལོ1992ལོའི་སྐབས་གཉིས་ཀྱི་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་བླངས་བ་དང་རྒྱལ་སྤྱིའི་འགྲན་སྡུར་ཆེ་མ་ཆུང་གསུམ་ནས་གསེར་གྱི་རྟགས་མ70ལྷག་བླངས་བ་སོགས།
1 ངོ་སྤྲོད།

ཀའོ་མིན་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཆུར་མཆོང་ལུས་རྩལ་པ་ཞིག་ཡིན་ཞིང་།   འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་ཆུར་མཆོང་ལུས་རྩལ་པ་ཞིག་ཀྱང་ཡིན།  ཁོ་མོ་སྤྱི་ལོ1970ལོའི་ཟླ9བའི་ཚེས28ཉིན་སི་ཁྲོན་ཞིང་ཆེན་ཙི་ཀུང་དུ་སྐྱེས་ཤིང་།   ལོ་བཞིའི་སྟེང་ནས་ཆུར་རྐྱལ་སྦྱངས་འགོ་བརྩམས།   ལོ་དྲུག་གི་སྟེང་སི་ཁྲོན་ཙི་ཀུང་གྲོང་ཁྱེར་ན་ཆུང་ལས་ཞོར་ལུས་རྩལ་སློབ་གྲྭར་ཞུགས་ནས་ལུས་སྦྱོང་སྦྱངས།   ལོ་དགུའི་སྟེང་ཆུར་མཆོང་གི་སྦྱོང་བརྡར་བྱས་ཤིང་།   སྤྱི་ལོ1980ལོར་སི་ཁྲོན་ཞིང་ཆེན་གྱི་ཆུར་མཆོང་རུ་ཁག་ཏུ་བདམས་ལ།  སྤྱི་ལོ1985ལོར་རྒྱལ་ཁབ་རུ་ཁག་ཏུ་བདམས།   སྤྱི་ལོ1992ལོར་ལུས་རྩལ་གྱི་སྡེ་ལས་ཕྱིར་བུད་ཅིང་།   ཁོ་མོས་ངོ་ལོ་བདུན་རིང་གི་ལུས་རྩལ་མི་ཚེའི་ཁྲོད་འབྲས་བུ་གཡུར་དུ་ཟ་བ་བླངས་པ་ཡིན།

2 གྲུབ་འབྲས།

སྤྱི་ལོ1986ལོའི་འཛམ་གླིང་ཆུར་རྐྱལ་སྐྱེས་འབུལ་འགྲན་སྡུར་སྐབས་ལྔ་བའི་སྟེང་ལོ་ན་བཅོ་ལྔ་ལས་ལོན་མེད་པའི་ཁོ་མོས་སྐར་གྲངས582.42ཀྱི་སྐར་འབྲས་ཀྱིས་མཆོང་པང་ཆུར་མཆོང་གི་ཨང་དང་པོ་བླངས་ཤིང་།   འཛམ་གླིང་སྐྱེས་འབུལ་འགྲན་སྡུར་ལོ་རྒྱུས་ཐོག་གི་ཆེས་མཐོ་བའི་སྐར་གྲངས་སུ་གྱུར།  རོགས་པ་དང་མཉམ་འབྲེལ་བྱས་ཏེ་སྐྱེས་མའི་ཚོགས་པའི་ཨང་དང་པོའང་བླངས།   སྤྱི་ལོ1987ལོའི་འཛམ་གླིང་བུམ་པའི་ཆུར་མཆོང་འགྲན་སྡུར་སྐབས་ལྔ་བའི་སྟེང་མཆོང་པང་ཆུར་མཆོང་གི་གསེར་གྱི་རྟགས་མ་བླངས།   སྤྱི་ལོ1988ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞིའི་སྟེང་ཁོ་མོས་སྐར་གྲངས580.23གྱི་སྐར་འབྲས་ཀྱིས་མཆོང་པང་ཆུར་མཆོང་གི་གསེར་གྱི་རྟགས་མ་བླངས་ཤིང་།   རང་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་ཐོག་མཆོང་པང་ཆུར་མཆོང་གི་གསེར་གྱི་རྟགས་མ་འཐོབ་མཁན་དང་པོར་གྱུར།   སྤྱི་ལོ1989ལོའི་འཛམ་གླིང་བུམ་པའི་ཆུར་མཆོང་འགྲན་སྡུར་སྐབས་དྲུག་པའི་སྟེང་སྐྱེས་མའི་སྨི1ཅན་གྱི་མཆོང་པང་ཆུར་མཆོང་དང་སྨི3ཅན་གྱི་མཆོང་པང་ཆུར་མཆོང་གི་ཨང་དང་པོ་བླངས་པ་མ་ཟད།   སྐྱེས་མའི་ཚོགས་པའི་ཨང་དང་པོ་དང་མཉམ་བསྲེས་ཚོགས་པའི་ཨང་དང་པོའང་བླངས།   སྤྱི་ལོ1990ལོའི་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་ཆུར་མཆོང་འགྲན་སྡུར་སྟེང་སྨི1ཅན་གྱི་མཆོང་པང་ཆུར་མཆོང་དང་སྨི3ཅན་གྱི་མཆོང་པང་ཆུར་མཆོང་གི་ཨང་དང་པོ་བླངས་ཤིང་།   ལོ་དེར་ད་དུང་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་སྡུར་མང་པོ་ལས་གསེར་གྱི་རྟགས་མ་བླངས།   སྤྱི་ལོ1992ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་བའི་སྟེང་མཆོང་པང་ཆུར་མཆོང་གི་ཨང་དང་པོ་བླངས་ཤིང་།   ཁོ་མོ་ནི་འཛམ་གླིང་ཐོག་སྐར་འབྲས600ལོན་པའི་སྐྱེས་མའི་ཆུར་མཆོང་ལུས་རྩལ་པ་གཅིག་པུ་ཡིན་ལ།   རྒྱལ་སྤྱིའི་འགྲན་སྡུར་ཆེ་མ་ཆུང་གསུམ་ནས་གསེར་གྱི་རྟགས་མ70ལྷག་བླངས་པ་མ་ཟད།   རྩེ་ཕུད་ལུས་རྩལ་པ་བཅུའི་གྲས་སུ་ཐེངས་གང་མང་ལ་བདམས་པ་དང་།   ལུས་རྩལ་ཕྱོགས་ཀྱི་རྟགས་མ་གང་མང་ཞིག་ཀྱང་བླངས་མྱོང་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།