ཐོག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཐོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

༡ གློག་རྫས་རིགས་མི་མཐུན་པ་ཡོད་པའི་སྤྲིན་ཕུང་གཉིས་ཐུག་ནས་གློག་འཁྱུགས་པ་ལས་བྱུང་བའི་སྒྲ་ཆེན་པོ། ༢ འོག་གི་ལྡོག་ཟླ། ༣ ཕྱི་ངོས་ཀྱི་མིང་། ༤ དུས་སམ་དེ་མ་ཐག་གི་དོན། ༥ གནས་ཀྱི་དོན། ༦ འབྲས་བུའི་མིང་། ༧ ཐོག་མ་ཞེས་པའི་མིང་མཐའ་བསྡུས་པ།
1 ལོ་ཙཱ།

རྒྱ་ཡིག 霹雳,屋顶,头上,果实

དབྱིན་ཡིག  1.on, on top of  2.through, by means of, 3.inside of 4.in addition 5.at the time of 6.concerning 7.roof  8.lightning

2 རྒྱས་འགྲེལ།   

1.དག་ཡིག་གསར་བསྒྲིགས་ལས།  ①གློག་རྫས་རིགས་མི་མཐུན་པ་ཡོད་པའི་སྤྲིན་ཕུང་གཉིས་ཐུག་ནས་གློག་འཁྱུགས་པ་ལས་བྱུང་བའི་སྒྲ་ཆེན་པོའི་མིང་སྟེ། ཆར་ཤ་འོངས་ནས་ཐོག་བརྒྱབ་ལྟ་བུ། ཡོངས་གྲགས་ལ་འབྲུག་གྲགས་ཟེར། ②འོག་གི་ལྡོག་ཟླའི་མིང་། དཔེར་ན། ཁང་ཐོག སྟེགས་ཐོག ཐོག་ཁེབས་ཞེས་པ་སོགས་ལྟ་བུ། ③ཕྱི་ངོས་ཀྱི་མིང་སྟེ། རྟའི་བརླ་ཐོག་གི་ཆུ། རྔ་ཐོག་གི་སྲན་མ། རྨ་ཐོག་གི་མེ་བཙའ་ཞེས་པ་ལྟ་བུ། ④དུས་སམ་དེ་མ་ཐག་གི་དོན་ཏེ། བཞོས་ཐོག་འོ་མ་དྲོད་མོ། ཁོལ་མ་ཁོལ་ཐོག ལོ་ལྔ་བཅུའི་ཐོག དབྱར་ཐོག དགུན་ཐོག་ཅེས་པ་ལྟ་བུ། ⑤གནས་ཀྱི་དོན་ཏེ། སྟོན་མོའི་སྟོན་ཐོག་ལ་སོང་། ཚོགས་འདུའི་ཚོགས་ཐོག་ནས་གཏམ་བཤད་ལྟ་བུ། ⑥འབྲས་བུའི་མིང་སྟེ། སྟོན་ཐོག ཤིང་ཐོག་ཅེས་པ་ལྟ་བུ། ⑦ཐོག་མ་ཞེས་པའི་མིང་མཐའ་བསྡུས་པ།

2.བརྡ་དག་མིང་ཚིག་གསལ་བ་ལས།   བརྒྱ་སྦྱིན་རྡོ་རྗེ་དང་གནམ་ལྕགས།  1.帝释( 天神名)之金刚杵。2.雷电,霹雳。【增】1.屋顶,盖。2.头,顶点。3.果实,产品。4.财物。5.一种植物与其果实名。﹝达﹞楼。﹝高﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ①དབྱར་དུས་ནམ་མཁའི་ཀློང་དུ་ཆར་སྤྲིན་འཁྲིགས་ནས་འབྱུང་བ་ཚ་གྲང་འཐབ་པའི་ཚེ།  སྐབས་འགར་གློག་འཁྱུགས་ཤང་གློག་གི་ཆ་ཤས་ས་ཐོག་ཏུ་ཟག་པའི་ཁྲོ་་ཆུ།   མིང་གི་རྣམ་གྲངས་ལ་ལྕེ་སྙིང་མེད་དང་། ལྕེ་འབབ་པ།ལྕེ་འབར་བ། ཆད་ཉམས།  ཆུ་འཛིན་སྐྱེས།    ཆུ་ལས་འབར།  ཆུས་མི་ཉམས། རྡོ་རྗེའི་ཆར་པ། རྡོ་རྗེའི་ཟེགས་མ། ནམ་མཁའི་ཐོ་བ།    གནམ་ལྕགས། སྤྲིན་གྱི་མེ་བོ་ཆེ། སྤྲིན་གྱི་ཟེར་འཕྲོ་བ།  སྤྲིན་གྱི་འོད་ཟེར། འཕྲོ་འཇོམས།    འབིགས་བྱེད།  མེ་ཆར།  རི་འཇོམས་བཅས་སོ།། ②ཁང་པའི་ཐོག་ཀའམ།  སྟེང་།  ཁང་པའི་ཐོག་འགེབས་རན་པ།   ③ཤིང་ཐོག  ལོ་ཐོག

4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག  ①ཕྱོགས་གཉིས་ནས་རླུང་ཤིན་ཏུ་ཚབ་དག་ལྡང་སྟེ།  དེ་དག་ཕན་ཚུན་ཐུག་པ་གློག་འབྱུང་།  དེ་ཉིད་དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་འགྱུར།  མེ་ལྕགས་རྡོ་ལ་བརྡབས་པ་ན་བར་ནས་མེ་ལྕེ་དང་འོད་ཟེར་འབྱུང་བ་ལྟར་ཡིན།  ཨོ་རྒྱན་གླིང་པའི་གཏེར་བྱོན་རྒྱལ་པོ་བཀའ་ཐང་ལས་ཀྱང་།  མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས། ། དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས། །  འབྱུང་བ་ཚ་གྲང་འཕྲད་པས་གློག་ཏུ་འཁྱུག །  དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་བབས། །   དཔེར་ན།  མེ་ལྕགས་རྡོ་ལ་བརྡབས་པ་བཞིན། །  བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ། །  །ཞེས་གསུངས།  མིང་གི་རྣམ་གྲངས་ལ།   སྒྲ་ཅན།  ལྕེ་སྙིང་མེད།  ལྕེ་འབབ། ཆུ་འཛིན་སྐྱེས།  ཆུས་མི་ཉམས།  ཆུ་ལས་འབར།  ཐོག་མདའ།  རྡོ་རྗེ་ཟེར་འཕྲོ།  རྡོ་རྗེའི་ཟེགས་མ།  ནམ་མཁའི་ཐོ་བ།  གནམ་གྲུམ་པ།  གནམ་ལྕགས།  སྤྲིན་གྱི་མདའ།  སྤྲིན་གྱི་མེ་བོ་ཆེ།  སྤྲིན་གྱི་མེ།  སྤྲིན་གྱི་ཟེར་འཕྲོ།  སྤྲིན་གྱི་འོད་ཟེར།  འཕྲོ་འཇོམས།  འབིགས་བྱེད།  མེ་ཆར།  རི་འགེམས།  རི་འཇོམས།  ②སྟེང་ཕྱོགས་ཀྱི་དོན་ཏེ།  དཔེར་ན།  ཕོ་བྲང་ཐོག་ནས་དུང་བུས་ལྟ་བུ།  ལྡོག་ཚིག  འོག  ③ གོས་དང་པགས་པ་སོགས་ཕྱི་ངོས་ཀྱི་མིང་སྟེ།  ལྭ་བ་ཐོག་གི་ལྷན་པ།  བྲང་ཐོག་གི་གའུ།  བརླ་ཐོག་གི་ཆུ་བུར་ལྟ་བུ།  ④ དུས་ཀྱི་དེ་མ་ཐག་པའི་དོན་ཏེ།  དཔེར་ན།  མཛོ་མོ་བཞོས་ཐོག་གི་འོ་མ་དྲོན་མོ།  ལྕགས་ཚམ་ཐོག་ལ་བརྡུང་དགོས་ལྟ་བུ།  ⑤གནས་ཀྱི་དོན་ཏེ།  དཔེར་ན།  མི་མང་འདུ་འཛོམས་ཀྱི་ཐོག་ནས་སྐད་ཆ་འདི་བྱུང་།  དེ་རིང་དམིགས་བསལ་དུས་དྲན་ཐོག་ཏུ་སོང་ལྟ་བུ།  ⑥འབྲས་བུའི་མིང་སྟེ།  དཔེར་ན།  ད་ལོ་ཆར་ཆུ་ལེགས་པའི་ཐོག་ཡག་པོ་བྱུང་ལྟ་བུ།  ⑦ཐོག་མ་ཡི་ཚིག་བསྡུས་པ།  ལྡོག་ཚིག  མཐའ།  ཕྲད་ཚིག   ཚིག་སྔ་མའི་བྱ་ཚིག་གི་རྗེས་སུ་ཐོག་སྒྲ་སྦྱར་བ་དེས་སྦྱར་གཞིའི་ཚིག་དོན་དེ་ཉིད་གཙོར་བཟུང་ངམ་སྔོན་འགྲོའི་ཆ་རྐྱེན་གྱི་ཚོད་དུ་བཏང་ནས་དེའི་མོད་ལ་གཞི་མཐུན་པའི་ཚིག་ཕྱི་མ་འདྲེན་པའི་དོན་སྟོན་ཏེ།   དཔེར་ན།  ནོར་བཟང་གི་རྣམ་ཐར་ལས།  ཉིན་གཅིག་ཚོམས་ཆེན་དུ་གསོལ་སྟོན་རྒྱས་པར་བཤམས།  ལྗོན་པའི་ཡབ་ཡུམ་གཉིས་ཀྱིས་མཚོན་རྗེ་འབངས་ཀུན་འཛོམས་ཐོག  ནོར་བཟང་ཡིད་འཕྲོག་གཉིས་ཀྱང་སྤྱན་དྲངས།  ཞེས་འབྱུང་བ་ལྟ་བུ། 

5. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   名词。[1]ནམ་མཁའི་ཐོག། 霹雳,暴雷,留霆:ནམ་མཁར་སྤྲིན་བྱ་རོ་ཙམ། ས་གཞིར་ཐོག་གཡག་རོ་ཙམ། 天上乌云小如鸟,地面醉解大似牛。喻小题大做。གནམ་ལྕགས་ཐོག་འབེབས། 晴天霹雳。ཐོག་བབས་པ། 降霹雳,落雷。མིང་གི་རྣམ་གྲངས་ལ་ལྕེ་སྙིང་མེད་དང༌། ལྕེ་འབབ་པ། ལྕེ་འབར་བ། ཆད་ཉམས། ཆུ་འཛིན་སྐྱེས། ཆུ་ལས་འབར། ཆུས་མི་ཉམས། རྡོ་རྗེའི་ཆར་པ། རྡོ་རྗེའི་ཟེགས་མ། ནམ་མཁའི་ཐོ་བ། གནམ་ལྕགས། སྤྲིན་གྱི་མེ་བོ་ཆེ། སྤྲིན་གྱི་ཟེར་འཕྲོ་བ། སྤྲིན་གྱི་འོད་ཟེར། འཕྲོ་འཇོམས། འབིགས་བྱེད། མེ་ཆར། རི་འཇོམས་བཅས་སོ། [2]ཁང་པའི་ཐོག་ཀའམ། སྟེང༌། 屋顶,头上:ཁང་པའི་ཐོག་འགེབས་རན་པ། 房子可以盖顶了。[3]ཏོག结果:ཤིང་ཐོག果类。ལོ་ཐོག收成,庄稼的收获物。


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-27

གསར་སྤེལ་མཁན། :གཡུ་སྒྲོན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།