གླིང་ཚ།
གླིང་ཚ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་ལེ8ཙམ་གྱི་མཚམས་ན་ཆགས་ཡོད་ཅིང་། འདིའི་ཁོངས་སུ་གླིང་ཚ་གོང་ཞོལ་གཉིས་དང་སྒང་མཐའ། སྨུག་ཚང་གོང་བ་བཅས་སྡེ་ཆུང་བཞི་ཡོད།
གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་།
浪查
ལ་ཏིང་གི་མིང་།
gling tsha
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ།
གནས་ཡུལ།
འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཆགས་ཡོད།
དཀར་ཆག
1
ངོ་སྤྲོད།
གླིང་ཚ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་ལེ8ཙམ་གྱི་མཚམས་ན་ཆགས་ཡོད་ཅིང་། འདིའི་ཁོངས་སུ་གླིང་ཚ་གོང་ཞོལ་གཉིས་དང་སྒང་མཐའ། སྨུག་ཚང་གོང་བ་བཅས་སྡེ་ཆུང་བཞི་ཡོད། ངག་རྒྱུན་ལ། སྡེ་བ་འདི་ནི་གླིང་གི་དཔའ་ཆེན་ཚ་ཞང་འདན་མ་བྱང་ཁྲའི་གདུང་རྒྱུད་ལས་མཆེད་པར་གྲགས་པས་ན་འདི་ལ་གླིང་ཚ་རུ་ཐོགས་ཟེར། སྡེ་བ་འདིར་རབ་བྱུང་བཅུ་གཅིག་པའི(སྤྱི་ལོ1627ནས1686ལོའི་བར)ནང་ཤངས་བླ་མ་ཞུ་བས་གསར་འདེབས་མཛད་པའི་རི་བོ་དགེ་ལྡན་པའི་དགོན་པ་གླིང་ཚ་དགོན་བསམ་གཏན་གླིང་དང་། གཞན་སྔ་འགྱུར་རྙིང་མ་བའི་སྒྲུབ་སྡེ་གླང་ཚའི་སྔགས་ཁང་དར་རྒྱས་གླིང་གཉིས་ཡོད།
དཔྱད་གཞིའི་ཡིག་ཆ།
བརྡ་འགྲེལ་གདོང་འཛར།
སྡུད་པ།
འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-06-20
གསར་སྤེལ་མཁན། :གཡུ་འབྲུག
བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།