འོད་སྡེར་སྐུལ་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འོད་སྡེར་སྐུལ་ཆས།
འོད་སྡེར་སྐུལ་ཆས་ནི་གློག་ཀླད་ཀྱིས་འོད་སྡེར་ནང་དོན་འབྲི་ཀློག་བྱེད་པར་སྤྱོད་པའི་འཕྲུལ་ཆས་ཡིན་ལ། སྟེགས་འཇོག་གློག་ཀླད་དང་ཟིན་བྲིས་འཁྱེར་བདེའི་གློག་ཀླད་ནང་རྒྱུན་མཐོང་གི་ལྷུ་ལག་ཅིག་ཡིན། སྨྱན་མང་གཟུགས་ཀྱི་བེད་སྤྱོད་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས། འོད་སྡེར་སྐུལ་ཆས་དེ་རྩིས་འཁོར་གྱི་ལྷུ་ལག་མང་པོའི་ཁྲོད་དུ་ཚད་ལྡན་གྱི་སྒྲིག་ཆས་ཤིག་ཏུ་གྱུར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
光驱
ཕྱི་ཡིག་གི་མིང་།
Optical Disk Driver
ནུས་པ།
གློག་ཀླད་འོད་སྡེར་ནང་དོན་འབྲི་ཀློག་བྱེད་པ།
དུས་ཚོད།
1991ལོར།
1 ངོ་སྤྲོད་མདོར་བསྡུས།

འོད་སྡེར་སྐུལ་ཆས་ནི་འོད་སྡེར་གྱི་སྐུལ་ཆས་ཡིན་ཏེ། གཞི་གྲངས་ཆ་འཕྲིན་བསྡུ་ཉར་བྱེད་པའི་ཐེག་གཟུགས་ལ་འོད་སྡེར་ཟེར། འོད་སྡེར་ལ་གཞི་གྲངས་ཀློག་འབྲི་བྱེད་པ་ལ་འོད་སྡེར་སྐུལ་ཆས་ཟེར།

འོད་སྡེར་གྱི་ཁྱད་ཆོས་ནི་ཤོང་ཚད་ཆེ་བ། མ་གནས་དམའ་བ། གཏན་འཇགས་རང་བཞིན་བཟང་བ། སྤྱོད་ཡུན་རིང་བ། འཁྱེར་བདེ་བ་བཅས་སོ།།

2 ནང་ཁུལ་གྱི་གྲུབ་ཚུལ།

1.སྐུད་འོད་མགོའི་སྒྲིག་ལྷུ། དེའི་ནང་དུ་འོད་གློག་སྦུ་གུ་དང་གཅིག་བསྡུས་སྒྲིབ་མེད་མཐོང་ཤེལ་སོགས་ཀྱི་གྲུབ་ཆ་དང་སོ་འཁོར་སྒྲིག་གཞི་འཁོར་སྐྱོད་ལ་རམ་འདེགས་བྱེད་པ་དང་འདྲེན་ལམ་སོགས་འཕྲུལ་ཆས་ཀྱི་གྲུབ་ཆ། གློག་རྒྱུ་བའི་རྣམ་པའི་འོག་ཏུ་རྒྱུད་ཁོངས་བརྡ་རྟགས་ལ་གཞིགས་ནས་གཏན་འཁེལ་བྱེད་པ་དང་། འོད་སྡེར་གྱི་གཞི་གྲངས་ཀློག་འདོན་བྱེད་པ། དེ་འབྲེལ་གཞི་གྲངས་ཐགས་པར་བརྟེན་ནས་གཞི་གྲངས་རྒྱུད་ཁུངས་སུ་བརྒྱུད་གཏོང་བྱེད་པ་ཡིན།

2.གཙོ་མདའ་གློག་འཕྲུལ།

འོད་སྡེར་འཁོར་སྐྱོད་ཀྱི་སྐུལ་ཤུགས། འོད་སྡེར་ཀློག་འདོན་བརྒྱུད་རིམ་ཁྲོད་བརྗོད་པའི་འཁོར་སྐྱོད་ནང་དུ། མགྱོགས་མྱུར་ངང་གཞི་གྲངས་གནས་གཏན་འཁེལ་བྱེད་པའི་ནུས་པ་མཁོ་སྤྲོད་བྱེད་པ།

3.འོད་སྡེར་བཅོལ་སྒྲོམ། ཁ་ཕྱེ་བ་དང་སྒོ་རྒྱག་རྣམ་པའི་འོག་གི་འོད་སྡེར་གྱི་ཐེག་གཟུགས།

3 རིགས་དབྱེ།

འོད་སྡེར་སྐུལ་ཆས་ནི་སྟེགས་འཇོག་རྩིས་འཁོར་ནང་རྒྱུན་དུ་མཐོང་བའི་སྒྲིག་ཆས་ཤིག་ཡིན། སྨྱན་མང་གཟུགས་ཀྱི་བེད་སྤྱོད་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས། འོད་སྡེར་སྐུལ་ཆས་དེ་རྩིས་འཁོར་གྱི་ལྷུ་ལག་མང་པོའི་ཁྲོད་དུ་ཚད་ལྡན་གྱི་སྒྲིག་ཆས་ཤིག་ཏུ་གྱུར་ཡོད་པ་རེད། མིག་སྔར་འོད་སྡེར་སྐུལ་ཆས་ལ་དབྱེ་ན། CD-ROMའོད་སྡེར་སྐུལ་ཆས། DVDའོད་སྡེར་སྐུལ་ཆ། འོད་སྡེར་སྐུལ་ཆས(DVD-ROM) ཁང་པའོ(COMBO)དང་ཕབ་འཁོར་སོགས་ཡོད།

4 འོད་སྡེར་ཁེ་ལས།

ཞན་ཧྥེང(Pioneer) སུའོ་ཉི(Sony) སན་ཞིང(SAMSUNG) ཧྥེ་ལི་ཕུའུ(PHILIPS) ཅན་ཞིང(LiteOn) ཧྭ་ཧྲུའོ(ASUS) མིང་ཅི(BenQ) ཧུའེ་པུའུ(HP) ཝེ་ཞིང(MSI)དང་ལེན་ཞང(Lenovo)བཅས་སོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-23

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།