སྤོ་སྒུལ་འཕྲིན་གཏོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤོ་སྒུལ་འཕྲིན་གཏོང་།
སྤོ་སྒུལ་འཕྲིན་གཏོང་ནི་སྤོ་སྒུལ་སྤྱོད་མཁན་དང་གཏན་འཇགས་གནས་ཀྱི་སྤྱོད་མཁན་བར་གྱི་འབྲེལ་འདྲིས་དང་ཡང་ན། སྤོ་སྒུལ་སྤྱོད་མཁན་བར་གྱི་འཕྲིན་གཏོང་བྱེད་ཐབས་ལ་ཟེར། འཕྲིན་གཏོང་ཕྱོགས་གཉིས་དེ་ཕྱོགས་གཅིག་དང་ཡང་ན་ཕྱོགས་གཉིས་འགུལ་སྐྱོད་ཁྲོད་ཀྱི་འཕྲིན་གཏོང་གི་རྣམ་པར་གནས་ཡོད། དེའི་ནང་དུ་སྐམ་ས་དང་རྒྱ་མཚོ། ནམ་མཁའ་དང་ཡང་ན་སྟོང་བའི་འཕྲིན་གཏོང་ཡོད་པ་དང་། ཟློས་དུམ་བཀོད་པ་དང་དེ་བཞིན་དམའ་ཟློས་དང་འབྲིང་ཟློས། མཐོ་ཟློས། ཆེས་མཐོའི་ཟློས་སོགས་བེད་སྤྱོད་བྱེད་ཀྱི་ཡོད། སྤོ་སྒུལ་འཕྲིན་གཏོང་རྒྱུད་ཁོངས་ནི་སྤོ་སྒུལ་ལས་སྟེགས་དང་གཞི་སྟེགས། སྤོ་སྒུལ་བརྗེ་རེས་ཅུའུ་ཡིས་གྲུབ་པ་རེད། གལ་ཏེ་སྤོ་སྒུལ་ལས་སྟེགས་ག་གེ་མོར་འཕྲིན་གཏོང་བྱེད་དགོས་ཚེ། སྤོ་སྒུལ་བརྗེ་རེས་ཅུའུ་ཡིས་གཞི་སྟེགས་སོ་སོར་བརྒྱུད་དེ་དྲ་རྒྱ་ཧྲིལ་པོར་འབོད་བརྡ་གཏོང་བ་དང་། འབོད་ཡུལ་གྱི་ལས་སྟེགས་ཀྱིས་བསྡུ་ལེན་བྱས་རྗེས་བརྡ་ལན་བརྡ་རྟགས་ཤིག་ཕྱིར་གཏོང་དགོས་པ་དང་། སྤོ་སྒུལ་བརྗེ་རེས་ཅུའུ་ལ་བརྡ་ལན་འབྱོར་རྗེས། ལས་སྟེགས་དེ་ལ་འཕྲིན་ལམ་ཞིག་བགོ་བཤའ་བྱེད་པ་མ་ཟད། དེ་ནས་ཁ་པར་སྐུད་ལམ་འཕྲིན་ལམ་འདིའི་ནང་དུ་བཀའ་བརྡ་ཞིག་བསྐུར་ཏེ་ཅོང་བརྡ་གཏོང་བར་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
移动通信
ཕྱི་ཡིག་གི་མིང་།
Mobile communications
མཚན་ཉིད།
སྤོ་སྒུལ་གཟུགས་བར་གྱི་འཕྲིན་གཏོང་།
སྤྱོད་སྒོ།
རླངས་འཁོར། མེ་འཁོར། གྲུ་གཟིངས།
1 གོ་དོན།

སྤོ་སྒུལ་འཕྲིན་གཏོང་ནི་སྤོ་སྒུལ་གཟུགས་བར་གྱི་འཕྲིན་གཏོང་དང་ཡང་ན། སྤོ་སྒུལ་གཟུགས་དང་གཏན་འཇགས་གཟུགས་བར་གྱི་འཕྲིན་གཏོང་ཡིན་ལ། སྤོ་སྒུལ་གཟུགས་ནི་མི་ཡིན་ཆོག་ལ། རླངས་འཁོར་དང་མེ་འཁོར། འཁོར་གྲུ་དང་སྒྲ་སྡུད་འཕྲུལ་འཁོར་སོགས་སྤོ་སྒུལ་རྣམ་པའི་ཁྲོད་ཀྱི་དངོས་གཟུགས་ཡིན་ཡང་ཆོག་པ་རེད།

2 ཁྱད་ཆོས།

1.སྤོ་སྒུལ་རང་བཞིན།

དེ་ནི་དངོས་གཟུགས་འགུལ་སྐྱོད་ཀྱི་རྣམ་པའི་ཁྲོད་ཀྱི་འཕྲིན་གཏོང་ལ་རྒྱུན་འཁྱོངས་བྱེད་པ་ཐུབ་དགོས་པ་དང་། དེའི་ཕྱིར། དེ་ངེས་པར་དུ་སྐུད་མེད་འཕྲིན་གཏོང་དང་ཡང་ན། སྐུད་མེད་འཕྲིན་གཏོང་དང་སྐུད་ལྡན་འཕྲིན་གཏོང་ཟུང་དུ་འབྲེལ་བ་ཞིག་ཡིན་དགོས།

2.གློག་རླབས་ཁྱབ་སྤེལ་གྱི་ཆ་རྐྱེན་རྙོག་འཛིང་ཆེ་བ།

སྤོ་སྒུལ་གཟུགས་དེ་ཁོར་ཡུག་སྣ་ཚོགས་ཁྲོད་དུ་འགུལ་སྐྱོད་བྱེད་སྲིད་པ་དང་། གློག་སྡུད་རླབས་ཁྱབ་སྤེལ་བྱེད་སྐབས་ལྡོག་འཕྲོ་དང་དཀྱོག་འཕྲོ། སྐོར་འཕྲོ། ཏུའོ་ཕུའུ་ལུ་ནུས་སྣང་སོགས་སྣང་ཚུལ་འབྱུང་སྲིད་ལ། ཚངས་མང་གནོད་རྐྱེན་དང་བརྡ་རྟགས་ཁྱབ་སྤེལ་ཕྱིར་འགྱངས་དང་འགྲེམ་ཞེང་སོགས་ཀྱི་ནུས་སྣང་འབྱུང་སྲིད་པ་རེད།

3.འཛེར་སྒྲ་དང་འགལ་རྐྱེན་ཚབས་ཆེན།

དེ་ནི་གྲོང་ཁྱེར་གྱི་ཁོར་ཡུག་ཁྲོད་ཀྱི་རླངས་འཁོར་མེ་སྟག་འཛེར་སྒྲ་དང་བཟོ་ལས་སྣ་ཚོགས་ཀྱི་འཛེར་སྒྲ། སྤོ་སྒུལ་སྤྱོད་མཁན་བར་གྱི་སྒྲིག་རེས་འགལ་རྐྱེན། ཁྱིམ་མཚེས་འཕྲིན་ལམ་འགན་རྐྱེན་དང་ཟློས་མཐུན་འགལ་རྐྱེན་སོགས་སོ།།

4.རྒྱུད་ཁོངས་དང་དྲ་རྒྱའི་གྲུབ་ཚུལ་རྙོག་འཛིན་ཅན།

དེ་ནི་སྤྱོད་མཁན་མང་པོའི་རྒྱུད་ཁོངས་ཤིག་དང་དྲ་རྒྱ་དེ་ངེས་པར་དུ་སྤྱོད་མཁན་ཕན་ཚུན་བར་འགན་རྐྱེན་མི་བྱེད་པར་མཐུན་སྦྱོར་གཅིག་གྱུར་སྒོས་ལས་བྱེད་ཐུབ་དགོས་ལ། དེ་ལས་གཞན། སྤོ་སྒུལ་འཕྲིན་གཏོང་རྒྱུད་ཁོངས་ད་དུང་ཁ་པར་དྲ་བ་དང་། སྲུང་སྐར་འཕྲིན་གཏོང་དྲ་རྒྱ། གཞི་གྲངས་དྲ་བ་སོགས་ཕན་ཚུན་འབྲེལ་མཐུད་བྱེད་དགོས་པ་དང་དྲ་རྒྱའི་སྒྲིག་གཞི་ཧྲིལ་པོའི་ནི་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན།

5.ཟློས་ཐགས་ཀྱི་བེད་སྤྱོད་ལས་ཕྱོད་མཐོ་དགོས་པ་དང་སྒྲིག་ཆས་ནུས་པ་བཟང་པ།

3 རིགས་དབྱེ།

1.ལས་སྒོའི་ངོ་བོ་ལྟར་དབྱེ་ན། ཁ་པར་ལས་སྒོ་དང་གཞི་གྲངས། བརྙན་སྐྱེལ་སོགས་སྐད་ཆ་མ་ཡིན་པའི་ལས་སྒོ།

2.ཞབས་ཞུ་བྱ་ཡུལ་ལྟར་དབྱེ་ཚེ། སྤྱི་སྤྱོད་སྤོ་འགུལ་འཕྲིན་གཏོང་དང་ཆེད་སྤྱོད་སྤོ་སྒུལ་འཕྲིན་གཏོང་།

3.སྤོ་སྒུལ་ལས་སྟེགས་བྱེད་སྒོའི་ཁྱབ་ཁོངས་ལྟར་དབྱེ་ན། སྐམ་སའི་སྤོ་སྒུལ་འཕྲིན་གཏོང་དང་མཚོ་ཐོག་སྤོ་སྒུལ་འཕྲིན་གཏོང། མཁའ་འགྲུལ་སྤོ་སྒུལ་འཕྲིན་གཏོང་།

3.བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལྟར་དབྱེ་ན། རྒྱུན་སྤྱོད་ཀྱི་སྤོ་སྒུལ་ཁ་པར་དང་སྐུད་མེད་འབོད་བརྡ། སྐུད་མེད་ཁ་པར། ལྟེ་གནས་མེད་པའི་ཡུལ་འདེམས་སྤོ་སྒུལ་འཕྲིན་གཏོང་རྒྱུད་ཁོངས། འཁོར་སྐར་སྤོ་སྒུལ་འཕྲིན་གཏོང་རྒྱུད་ཁོངས་དང་མི་སྒེར་འཕྲིན་གཏོང་སོགས་ཡོད་དོ།།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།