འཇམ་འབྲས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

འཇམ་འབྲས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

འཇམ་འབྲས།
ལོ་གཅིག་སྐྱེ་བའི་རྩྭ་ལྡུམ་ལོ་མ་དང་སྡོང་བུ་ཐམས་ཅད་ལ་ཚེར་མས་ཁྱབ་པ། མེ་ཏོག་སྨུག་པོ་བཞད་ཅིང་འབྲས་བུའི་ཤུན་པ་ལ་ཚེར་མ་ཡོད་པ། ནང་གི་ས་བོན་ལ་འཇམ་འབྲས་ཟེར་ཞིང་སྨན་དུ་བྱེད་ཆོག་ལ་ཟོས་ནའང་ཆོག འདི་ཆུ་ལས་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།
1 ལོ་ཙཱ།

རྒྱ་ཡིག 大托叶云实

དབྱིན་ཡིག gorgon fruit

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ལོ་གཅིག་སྐྱེ་བའི་རྩྭ་ལྡུམ་ལོ་མ་དང་སྡོང་བུ་ཐམས་ཅད་ལ་ཚེར་མས་ཁྱབ་པ། མེ་ཏོག་སྨུག་པོ་བཞད་ཅིང་འབྲས་བུའི་ཤུན་པ་ལ་ཚེར་མ་ཡོད་པ། ནང་གི་ས་བོན་ལ་འཇམ་འབྲས་ཟེར་ཞིང་སྨན་དུ་བྱེད་ཆོག་ལ་ཟོས་ནའང་ཆོག འདི་ཆུ་ལས་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།

2.བརྡ་དག་མིང་ཚིག་གསལ་བ་ལས།  (源注缺)软果(药名)。【增】 药果名,据称医肾病有效。﹝达﹞茨实。﹝四﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  འདི་ཉིད་རྒྱ་མཚོའི་འགྲམ་གྱི་ཚ་བ་ཆེ་བའི་ས་ཁུལ། རྒྱ་ནག་ཀོང་ཏུང་གི་ཀྲེང་ཅང་དང་། ཀོང་ཤིས་ཀྱི་ཆན་ཀྲོའུ། ཧའེ་ནན་གླིང་ཕྲན། ཐའེ་ཝང་། ཡུན་ནན་གྱི་ཤིས་ཧྲང་པན་ན་བཅས་ཀྱི་ཤིང་གསེབ་དང་། མཚོ་འགྲམ། བདེ་ཐང་དེའུ་འབུར་བཅས་སུ་སྐྱེ་ཞིང་། འདེབས་འཛུགས་ཀྱང་བྱེད་པའི་ཤིང་དབྱིབས་དང་བོང་ཚད་གནམ་སྟར་ཙམ། ལོ་མ་སྲད་རིགས་ཀྱི་ལོ་མ་ལྟ་བུ་སིབ་སིབ་ཅན། ལོ་མ་སྐྱེ་སའི་ཡལ་ཕྲན་གྱི་རྩེར་ཚེར་མ་ཡིན་པ་དང་ཡལ་གའི་ངོས་སུའང་ཚེར་མ་སྐྱེས་ཤིང་། མེ་ཏོག་སེར་པོ་འདབ་མ་བཞི་ཅན་ཞིབ་པ། གང་བུ་ནར་མོ་འགྲང་ལ་སྲ་བ་ཕྱི་ངོས་སུ་ཚེར་ཞིབ་ཡོད་པ། ནང་དུ་འབྲས་བུ་ཕལ་ཆེར་གསུམ་བཞི་ཙམ་དང་མང་ཤོས་བརྒྱད་དགུ་ཙམ་ཡོད་པ་ཞིག་ཡིན། སྨན་དུ་སྦྱར་བ་ནི་འདིའི་འབྲས་བུ་སྟེ། དབྱིབས་རིལ་མོ་མདོག་ཐལ་སྐྱ་འགའ་ཤས་ལ་ལྗང་ཞད་ཡོད། ཕྱི་ལྐོག་སྲ་ཞིང་འཇམ་ལ་ནང་དུ་ཚིལ་གུ་དཀར་པོ་ཅན། མིང་གཞན་མཉྫ་ཕ་ལ། འབྲས་སྔོན། གཡུལ་སྒོང་། སྦྲུལ་སྒོང་སོགས་ཟེར། རོ་ཚ་ལ་བསྐ་ཞིང་ཁ་བ། ཞུ་རྗེས་དྲོད། ནུས་པས་མཁལ་མའི་གྲང་བ་སེལ།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཤིང་སྨན་གྱི་རིགས་ཤིག་སྟེ། རོ་ཚ་ལ་བསྐ་ཞིང་ཁ་བ། ཞུ་རྗེས་དྲོད།  ནུས་པས་མཁལ་མའི་གྲང་བ་སེལ། 大托叶云实。药用木本植物名,味辛涩而苦,性温,功能治肾寒。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག སྡོང་པོ་ཐུང་བའི་ཤིང་རིགས་སྐྱེ་དངོས་ཤིག་སྟེ། སྡོང་པོ་ནག་ཅིང་འདྲོང་པོ་མེད་ལ་ཡལ་ག་མང་བ་དང༌། ཡལ་སྡོང་གཉིས་ཀར་ཚེར་རྣོན་ལེབ་ཅན་རིམ་བཞིན་སྐྱེ་བ། ལོ་མ་ལྗང་ལ་བྱང་སྒྲོའི་དབྱིབས་ཅན་མང་པོ་ཆ་དང་ཆར་བྱས་ནས་ཕན་ཚུན་ཁ་གཏད་པའི་ཚུལ་དུ་སྐྱེ་ཞིང༌། མེ་ཏོག་སེར་པོ་སྲན་མའི་མེ་ཏོག་གི་དབྱིབས་ལྟར་འཆར་བ། ཟེའུ་འབྲུ་སེར་སྐྱ་མང་ལ་རིང་བའི་རྩེ་འབུར་བ། གང་བུ་འཇོང་མཐུག་ལེབ་ཅིང་རིང་ཐུང་མཐེ་བོང་ཙམ་གྱི་ནང་འབྲས་བུ་སྔོ་སྐྱ་འཇམ་ལ་རིལ་བ་གསུམ་བཞི་ཙམ་ཡོད་པ་སྟེ། རྒྱ་ནག་གི་ས་ཁུལ་མང་པོ་དང་། བལ་ཡུལ། རྒྱ་གར་སོགས་ཀྱི་རི་ལྡེབས་དང༌། ལམ་གྱི་གཡས་གཡོན། ནགས་གསེབ་སོགས་སུ་སྐྱེ་བ་མང་བ་དང༌། བོད་ཟླ་དགུ་པ་ཙམ་སྟེ་འབྲས་བུ་སྨིན་མཚམས་གང་བུ་བཏུས་ཏེ་འབྲས་བུ་བླངས་ནས་སྐམ་དགོས་ཐོག འབྲས་བུ་བྱེ་མ་ཚ་པོའི་ནང་རྗེས་ཐོན་ཙམ་བརྔོས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་བ། ཕན་ནུས་མཁལ་མའི་ནད་དང༌། མཁལ་དྲོད་ཉམས་པ་སོགས་ལ་ཕན་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-29

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།