རིག་ཚན་ནུས་པའི་རྒྱུགས་ལེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་ཚན་ནུས་པའི་རྒྱུགས་ལེན།
རིག་ཚན་གང་གི་རྒྱུགས་ལེན་ཡིན་རུང་སོ་སོའི་ནུས་པར་རྒྱུགས་ལེན་བྱ་རྒྱུར་མཐོང་ཆེན་བྱ་དགོས། སྐད་གཞན་དང་འདྲ་བར་བོད་སྐད་ཡིག་ནི་བཀོལ་སྤྱོད་ནུས་པ་གསོ་སྐྱོང་བྱ་རྒྱུར་དམིགས་པ་གང་ཞིག་བཀོལ་སྤྱོད་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་འདི་ཡང་ལག་ལེན་ལ་བརྟེན་དགོས་པས་ལག་ལེན་གྱི་རང་བཞིན་ནི་རིག་ཚན་དེའི་ཁྱད་ཆོས་གཙོ་བོ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
学科技能考试
རིག་ཚན།
སློབ་གསོ་རིག་པ།
ཁོངས།
རྒྱུགས་གཞི།
རིགས།
སྐད་ཡིག
ཚན་པ།
མཐོ་འབྲིང་།
1 གལ་ཆེའི་རང་བཞིན།

རྒྱུགས་ལེན་སྐབས་ཀྱང་གཙོ་བོར་ཤེས་བྱའི་རང་བཞིན་ལ་རྒྱུགས་ལེན་ཚད་འཇལ་བྱ་དགོས། རིག་སྟོབས་ཀྱི་ཆ་རྐྱེན་ཡང་གལ་ཆེ་བས་སློབ་མའི་རིགས་སྟོབས་འཕེལ་རྒྱས་གཏོང་རྒྱུར་དོ་གལ་ཆེན་པོ་བྱ་དགོས་ཁར་རྒྱུགས་ལེན་སྐབས་དབྱེ་ཞིབ་དང་དྲི་ལན་འདེབས་རྒྱུའི་ནུས་པ་གཙོ་གནད་དུ་འཇོག་དགོས། མདོར་ན་རིག་ཚན་དག་རྒྱུགས་ལེན་སྐབས་དོན་དངོས་ཀྱི་བཀོལ་སྤྱོད་ནུས་པར་རྒྱུགས་ལེན་བྱ་རྒྱུ་གཙོ་གནད་དུ་འཇོག་དགོས།

2 ཉན་བཤད་ནུས་པའི་རྒྱུགས་ལེན།

ཉན་བཤད་དང་འབྲི་ཀློག་ཚང་མས་སྐད་ཡིག་གི་ཆ་འཕྲིན་སྐྱེལ་འདྲེན་བྱེད་ཀྱི་ཡོད། འོན་ཀྱང་སྐད་ཆའི་སྒྲ་རླབས་དེ་མུར་ཡལ་བ་དང་ངག་ཐོག་ནས་འབྲེལ་གཏུགས་བྱེད་སྐབས་སྐད་ཆའི་ཁོར་ཡུག་གི་ཆ་རྐྱེན་གཞན་དག་ལ་གཞིགས་ནས་སྦྱོང་བརྡར་བྱེད་པའི་ནང་དོན་དང་སློབ་ཁྲིད་ཀྱི་རེ་འདུན། རྒྱུགས་ལེན་བྱ་ཐབས་སོགས་ཀྱི་ཐད་ཉན་བཤད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན།

2_1 ཉན་བཤད་ཀྱི་ཁྱད་ཆོས།

གཅིག སྒྲ་གདངས། དེ་ནི་སྤྱི་སྐད་ཉན་བཤད་ཐུབ་པར་ཟེར་ཞིང་། སྨྲ་བ་བོས་འཆད་བྱའི་ནང་དོན་དམ་མུར་མུར་སུབ་སུབ་མ་ཡིན་པར་སྒྲ་དག་པོས་གོ་བརྡ་སྤྲོད་ཐུབ་པ་བྱ་རྒྱུ་དང་། སྒྲ་ཤུགས་ཆེ་ཆུང་གི་ཚད་གཞིར་དོ་སྣང་དང་མྱུར་ཚད་ཐད་སྟངས་འཛིན། ནང་དོན་ལ་གཞིགས་ནས་སྒྲ་གདངས་མཐོ་དམའི་འདེགས་འཇོག་དང་འགྱུར་ཁུགས་ཡོད།

གཉིས། སྐད་ཆའི་རྩ་རྒྱུས། དེ་ནི་སྐད་ཆའི་ནང་ངོས་ཀྱི་གཏན་ཚིགས་འབྲེལ་བར་བརྗོད་པ་སྟེ་ངག་ཐོག་ནས་འབྲེལ་གཏུགས་བྱེད་སྐབས་ཡིག་ཐོག་ནས་འབྲེལ་གཏུགས་བྱེད་པ་ལྟ་བུའི་ཡང་བསྐོར་བསྐྱར་བསྐོར་དུ་བལྟ་ཀློག་དང་ཞིབ་བརྟག་བྱེད་པའི་ཆ་རྐྱེན་མེད་སྟབས་སྐད་ཡིག་སྒྲིག་འཛུགས་བྱེད་པའི་དཀའ་གནད་ཆེ་ཙམ་ཡིན། དེར་བརྟེན་ཉན་བཤད་ཀྱི་རྒྱུགས་ལེན་ཚད་གཞི་དེ་ཡང་འབྲི་ཀློག་ལས་འོས་འཚམས་ཀྱིས་དམའ་རུ་གཏོང་དགོས།

གསུམ། བརྡ་ཐབས་ཀྱིས་གྲོགས་བྱེད་པའི་སྐད་ཆ། དེ་ནི་རྣམ་འགྱུར་དང་ལག་བརྡ། ལུས་ཀྱི་སྟངས་སྟབས་ཀྱིས་སྐད་ཆའི་ནང་དོན་མཚོན་པར་གྲོགས་བྱེད་པའི་བྱ་ཐབས་ལ་བརྗོད་པ་སྟེ། འཆད་པ་པོས་ཐབས་ལམ་འདི་རིགས་སྤྱད་ནས་རང་གི་སྐད་ཆའི་མཚོན་ཤུགས་ཆེ་རུ་གཏོང་བ་མ་ཟད་བརྡ་ཐབས་དང་སྒྲ་ལྡན་སྐད་ཆ་གཉིས་རང་བཞིན་དུ་གཞོགས་འདེགས་ཐུབ་པ་བྱ་རྒྱུ་དེ་ཡིན།

བཞི། སྐད་ཆའི་རྒྱབ་ལྗོངས། ངག་ཐོག་ནས་འབྲེལ་གཏུགས་བྱེད་པར་སྐད་ཆའི་རྒྱབ་ལྗོངས་ཀྱི་རྒྱུ་རྐྱེན་དེ་གལ་ཆེན་པོ་ཡིན་པ་སྟེ། འཆད་པ་པོས་བཤད་སའི་ཁོར་ཡུག་དང་། འཆད་ཡུལ་ལ་དོ་སྣང་བྱ་དགོས་པ་དང་རང་གི་གནས་བབས་ལ་གཞིགས་ནས་སྐད་ཆ་བཤད་པའི་ཐབས་ལམ་འོས་འཚམས་ཤིག་འདེམས་དགོས་པ་མ་ཟད། ཉན་པ་པོ་ནས་ཀྱང་ཕྱོགས་འདི་དག་ལ་འོས་འཚམས་ཀྱི་གདེངས་འཇོག་བྱ་དགོས།

2_2 ​ཉན་བཤད་རྒྱུགས་ལེན་བྱ་ཐབས།

ཆ་རྐྱེན་གྱིས་རྐྱེན་པས་ཉན་བཤད་ཀྱི་རྒྱུགས་ལེན་འདི་གཞི་ཁྱོན་ཆེ་ཙམ་གྱི་རྒྱུགས་ལེན་ཁག་ནང་ལག་བསྟར་བྱེད་ཐུབ་མེད། འོན་ཀྱང་གཞི་ཁྱོན་ཆུང་བའི་རྒྱུགས་ལེན་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁག་ནང་ལག་བསྟར་བྱེད་མུས་ཡིན་ལ་དེས་སློབ་མའི་ཉན་བཤད་ཀྱི་ནུས་པ་གསོ་སྐྱོང་དང་། འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་ཐོན་ཡོད། བྱ་ཐབས་ལ་ཡང་། ༡ གཞན་བརྒྱུད་རྒྱུགས་ལེན། ཁྱད་ཆོས་ནི་རྒྱུགས་སྤྲོད་མཁན་གྱིས་ཐད་ཀར་ལན་འདེབས་མི་དགོས་པར་རྣམ་པ་གཞན་ལ་བརྟེན་ནས་ཉན་བཤད་ཀྱི་ནུས་པར་རྒྱུགས་ལེན་བྱ་ཐུབ་པ་ཞིག་ཡིན། རྣམ་པ་འདི་རིགས་མང་ཆེ་བ་སློབ་མའི་ཉན་པའི་ནུས་པ་དང་། ཤེས་རྟོགས་ཀྱི་ནུས་པར་རྒྱུགས་ལེན་བྱ་བར་སྤྱོད་དགོས། ཐབས་ལམ་དེ་ཚོགས་པའི་རྒྱུགས་ལེན་ལ་སྤྱད་ན་སྟབས་བདེ་ཙམ་ཡོད། འོན་ཀྱང་གཞི་ཁྱོན་ཆེ་བའི་རྒྱུགས་ལེན་ནང་སྐད་བརྡ་གསལ་བོར་སྤྲོད་ཐུབ་པའི་འགན་ལེན་བྱ་དགོས། དེ་ལྟར་མ་བྱུང་ཚེ་རྒྱུགས་ལེན་གྱི་འབྲས་བུར་ཐད་ཀར་ཤུགས་རྐྱེན་ཐེབས་ངེས་རེད། ༢ ཕྱེད་ཐད་ཀའི་རྒྱུགས་ལེན། རྒྱུན་དུ་སྒྲ་ཕབ་སྦྱིན་ཤོག་དང་བརྙན་ཕབ། རི་མོ་སོགས་རྒྱུགས་ལེན་བྱ་ཐབས་སུ་སྤྱད་ནས་བྱ་དངོས་འདི་དག་གིས་ཤུགས་རྐྱེན་ནམ་ཕོག་ཐུག་འོག་རྒྱུགས་སྤྲོད་པས་ལན་འདེབས་བྱར་བཅུག་དགོས། རྒྱུགས་ལེན་འདི་རིགས་ལ་རྒྱུགས་སྤྲོད་པས་ངག་ཐོག་ནས་ཐད་ཀར་ལན་འདེབས་ཆོག་ཀྱང་རྒྱུགས་ལེན་པ་དང་རྒྱུགས་སྤྲོད་པ་གཉིས་དབར་ལ་མཚམས་སྦྱོར་གྱི་དངོས་པོ་གཞན་ཞིག་ཡོད་པས་ཕྱེད་ཀའི་རྒྱུགས་ལེན་ཞེས་བརྗོད། ༣ ཐད་ཀའི་རྒྱུགས་ལེན། རྒྱུགས་ལེན་མཁན་དང་རྒྱུགས་སྤྲོད་མཁན་གཉིས་ཐད་ཀར་གཏམ་གླེང་བྱ་དགོས་པ་ཡིན། རྒྱུགས་ལེན་འདི་རིགས་ལ་སློབ་མའི་ཕྱོགས་བསྡུས་རང་བཞིན་གྱི་སྐད་ཆའི་ནུས་པ་དང་། འབྲེལ་གཏུགས་ཀྱི་ནུས་པའི་ཐད་ཚད་འཇལ་རྒྱུགས་ལེན་བྱ་ཐུབ་པའི་དགེ་མཚན་ཡོད། འོན་ཀྱང་དུས་ཚོད་མང་ཙམ་འཕྲོ་བརླག་འགྲོ་བ་དང་། བརྗོད་གཞིར་སྟབས་བསྟུན་གྱི་རང་བཞིན་ཤུགས་ཆེ་ཙམ་ལྡན་པ། སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞིར་ཚོད་འཛིན་དཀའ་བ་སོགས་ཀྱི་ཞན་ཆ་ལྡན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-20

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།