མཇུག་བསྡུ་བའི་ནུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཇུག་བསྡུ་བའི་ནུས་རྩལ།
སློབ་ཐུན་གཅིག་མཇུག་སྒྲིལ་ལ་ཉེ་བའི་སྐབས་དགེ་རྒན་གྱིས་སློབ་མ་ཚང་མ་སྒྲིག་འཛུགས་བྱས་ནས་སློབ་ཐུན་འདིའི་ནང་འཆད་ཟིན་པའི་སློབ་ཚན་དེའི་སྒྲིག་གཞིའམ་གཙོ་གནད་ནང་དོན་ཁག་ལ་ཐོག་མའི་ཕྱོགས་བསྡོམས་བྱེད་པའམ། སློབ་ཚན་དེའི་སྒྲིག་གཞི་དང་། གཙོ་དོན། རྩོམ་རྩལ་གྱི་ཁྱད་ཆོས་སོགས་ལ་ཕྱོགས་བསྡོམས་རགས་པ་བྱས་ཏེ། སྦྱངས་ཟིན་པའི་ཤེས་བྱ་ཁག་སྲ་བརྟན་དང་བེད་སྤྱོད་གཏོང་རྒྱུར་རམ་འདེགས་དང་། ནུས་པ་གསོ་སྐྱོང་བྱས་ནས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་སེམས་ཤུགས་འདོན་སྤེལ་བྱེད་ཐུབ་པའི་ཆེད་དུ་ཡིན་པས་ན་དེ་ལྟ་བུའི་ནུས་རྩལ་ལ་མཇུག་བསྡུ་བའི་ནུས་རྩལ་ཞེས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
回顾
རིག་ཚན།
སློབ་གསོ་རིག་པ།
ཁོངས།
སློབ་ཁྲིད།
རིགས།
སྐད་ཡིག
ཚན་པ།
སློབ་འབྲིང་།
1 རྣམ་གྲངས།

གཅིག ལེགས་སྒྲིག་དང་ཕྱོགས་བསྡུས་ཐོག་ནས་ཤེས་བྱ་སེམས་སུ་འཇོག་ཚད་མཐོ་པོ་ཡོང་ཕྱིར་ཕྱོགས་བསྡོམས་རགས་པ་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་མཇུག་བསྡུ་བ།

གཉིས། བསམ་བློའི་ལྟ་ཚུལ་ལམ་ཐབས་ཤེས་ཐད་ཀྱི་སློབ་གསོ་ཐེབས་ཕྱིར་བརྩམས་ཆོས་ལ་གདེང་འཇོག་བྱ་རྒྱུ་གཙོ་བོར་བཟུང་ནས་མཇུག་བསྡུ་བ།

གསུམ། སློབ་ཁྲིད་ཀྱི་གཙོ་གནད་གསལ་རྟོགས་དང་། སྐད་ཡིག་གི་ནུས་པ་གསོ་སྐྱོང་བྱ་ཕྱིར་བསྐྱར་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་མཇུག་བསྡུ་བ།

2 སྒྲིག་གཞི།

སློབ་ཚན་མཇུག་བསྡུ་བའི་བརྒྱུད་རིམ་དེར་སྤྱིའི་ཆ་ནས་སྤྱི་འགྲོས་ལྟ་བུའི་སྒྲིག་གཞི་ཡོད་པ་སྟེ། ཕྱོགས་བསྡུས་དང་ཕྱོགས་བསྡོམས---བལྟ་རོལ་དང་གདེང་འཇོག---སློབ་ཐུན་ནང་གི་བསྐྱར་སྦྱོང---སློབ་ཕྱིའི་སྦྱང་གཞི་བཀོད་སྒྲིག་བཅས་སོ།།

འོན་ཀྱང་།  སློབ་ཁྲིད་ཀྱི་བྱ་འགུལ་དངོས་ནང་དགེ་རྒན་གྱིས་དངོས་ཡོད་གནས་ཚུལ་གཞིགས་ནས་གོང་གསལ་ལྷུ་ཚུགས་བཞི་པོར་འདོར་ལེན་བྱས་ཆོག་ལ། ལྷུ་ཚིགས་བཞི་ཀ་སྤྱད་ནས་མཇུག་བསྡུས་ཀྱང་ཆོག སློབ་གཞིའི་ནང་དོན་དང་གཙོ་གནད། སློབ་མའི་དངོས་ཡོད་ཆུ་ཚད་སོགས་ལ་གཞིགས་ནས་གཙོ་ཕལ་དབྱེ་འབྱེད་ཡོད་དགོས།

3 ​གནད་དོན།

གཅིག ཤེས་བྱ་ལེགས་སྒྲིག་དང་ཕྱོགས་བསྡུས་བྱ་རྒྱུར་མཐོང་ཆེན་བྱ་དགོས།

གཉིས། སློབ་མའི་བྱེད་སྒོ་བཀོད་སྒྲིག་བྱ་རྒྱུར་དོ་སྣང་བྱ་དགོས།

གསུམ། མཇུག་བསྡུ་བའི་དུས་ཚོད་ཚོད་འཛིན་གང་ལེགས་བྱ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-20

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།