སློབ་གཉེར་ཀུན་སློང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་གཉེར་ཀུན་སློང་།
ཐད་ཀར་སློབ་མས་སློབ་གཉེར་བྱེད་པར་སྐུལ་བའི་ནང་གི་བསམ་པའི་ནུས་ཤུགས་སམ་སྒུལ་ཤུགས་ལ་ཟེར། ཀུན་སློང་སྐྱེས་པ་དང་དགོས་མཁོ་ལ་འབྲེལ་བ་ཟབ་མོ་ཡོད། སེམས་ཁམས་རིག་པ་ལས་སྤྱི་ཚོགས་དང་མི་གཞན་པའི་བཏོན་པའི་སློབ་གཉེར་དགོས་མཁོ་དང་དམིགས་ཡུལ། རེ་བ་སོགས་སློབ་མའི་ཀླད་པར་ཚུར་སྣང་བ་ལ་ཚད་ལྡན་གྱི་དགོས་མཁོ་ཟེར། སློབ་མའི་རང་སྟེང་གི་སློབ་གཉེར་རེ་འདུན་དང་དམིགས་ཡུལ་ལ་བསམ་པའི་དགོས་མཁོ་ཟེར། སློབ་མས་ཚད་ལྡན་གྱི་དགོས་མཁོ་ཁོ་ན་བླངས་པ་མ་ཟད་དེ་བསམ་པའི་དགོས་མཁོར་བསྒྱུར་བ་ན་ད་གཟོད་སློབ་མའི་ཀུན་སློང་འདྲེན་ཐུབ་ལ་སློབ་གཉེར་བྱེད་པར་སྐུལ་བའི་ནང་གི་སྒུལ་ཤུགས་སུ་འགྱུར་ངེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
学习动机
རིག་ཚན།
སེམས་ཁམས་རིག་པ།
1 ​འབྲེལ་བ།

རྩོད་སྒྲུབ་དངོས་གཙོ་རིང་ལུགས་པའི་ཀུན་སློང་དང་འབྲས་བུ་གཅིག་གྱུར་ཡིན་པའི་ལྟ་བར་དོགས་པ་མེད་པ་ཡིན་ལ་སློབ་གཉེར་འགུལ་སྐྱོད་ཁྲོད་དུ་མཚོན་པ་ཡིན་ཞིང་སློབ་གཉེར་ཀུན་སློང་ཅི་ཙམ་དྲག་ན་སློབ་གཉེར་གྱི་ཧུར་བརྩོན་རང་བཞིན་དེ་ཙམ་མཐོ། སློབ་གཉེར་གྱི་བག་ཉལ་ནུས་པ་ཅི་ཙམ་འདོན་ཐུབ་པ་དེ་ཙམ་གྱི་སློབ་གཉེར་འབྲས་བུའང་ཇེ་བཟང་ཡིན། དེ་ལས་ལྡོག་ཏེ་སློབ་གཉེར་སྒུལ་ཤུགས་ཞན་ན་སློབ་གཉེར་འབྲས་བུའང་མི་བཟང་བ་ཡིན། 

སློབ་མས་སློབ་གཉེར་བྱེད་དུས་རྒྱུན་དུ་ཀུན་སློང་དང་འབྲས་བུ་མི་མཚུངས་པའི་སྣང་ཚུལ་འབྱུང་སྲིད་ལ་འདི་ལྟ་བུའི་སྣང་ཚུལ་ནི་ཀུན་སློང་གི་ནུས་པ་མཚམས་སྦྱོར་གྱི་རྒྱུ་རྐྱེན་མང་པོ་བརྒྱུད་ནས་མངོན་དུ་འགྱུར་ལ་དཔེར་ན། ཤེས་ཡོན་ནི་རྨང་གཞི་དང་རིག་པའི་རྩལ། སློབ་གཉེར་བྱེད་ཐབས་སོགས་ཀྱི་རྒྱུ་རྐྱེན་གྱིས་ཐད་ཀར་རམ་གཞན་རྒྱུད་ནས་སློབ་གཉེར་འབྲས་བུར་ཤུགས་རྐྱེན་ཐེབས་ཤིང་ཀུན་སློང་དང་འབྲས་བུའི་བར་གྱི་རྙོག་འཛིང་དང་མི་གཅིག་པའི་འབྲེལ་བ་ལྡན་པའི་རྐྱེན་གྱིས་བྱུང་བ་རེད།

2 དབྱེ་བ།

གཅིག  ཀུན་སློང་གི་ནང་དོན་དང་རང་བཞིན་ལྟར་དབྱེ་ན།

ལུགས་མཐུན་གྱི་ཀུན་སློང་། གཞན་ཕན་གྱི་བསམ་པ་ལྡན་ལ་ད་ལྟའི་སློབ་གཉེར་བྱེད་པ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཁེ་ཕན་དང་འབྲེལ་ཐུབ་པ།

ནོར་འཁྲུལ་གྱི་ཀུན་སློང་། རང་གཙོ་བོར་བྱེད་ཅིང་སློབ་གཉེར་དང་རང་གི་གུ་དོག་པའི་ཁེ་ཕན་དང་གཅིག་ཏུ་སྦྲེལ་བ།

གཉིས། ཀུན་སློང་གི་ནུས་པ་དང་སློབ་གཉེར་འགུལ་སྐྱོད་ཀྱི་འབྲེལ་བ་ལྟར་དབྱེ་ན།

གཞན་བརྒྱུད་ཀྱི་ཀུན་སློང་། སློབ་གཉེར་དང་སྤྱི་ཚོགས་དོན་སྙིང་། མ་འོངས་པའི་མདུན་ལམ་དང་ལས་རིགས་གཅིག་ཏུ་སྦྲེལ་བ།

ཐད་ཀའི་ཀུན་སློང་། སློབ་གཉེར་དང་སློབ་གཉེར་འགུལ་སྐྱོད་ཀྱི་ཐད་ཀའི་མོས་པ་དང་འབྲས་བུ་གཅིག་ཏུ་སྦྲེལ་བ།

གསུམ། ཀུན་སློང་དེ་སློབ་གཉེར་བྱེད་སྐབས་ཀྱི་གཙོ་ཕལ་ནུས་པ་ལྟར་དབྱེ་ན།

གཙོ་ཁྲིད་རང་བཞིན་གྱི་ཀུན་སློང་། ཀུན་སློང་སྣ་ཚོགས་ཀྱི་ཁྲོད་གཙོ་ཁྲིད་ནུས་པ་ཐོན་པ།

རམ་འདེགས་རང་བཞིན་གྱི་ཀུན་སློང་། ཀུན་སློང་སྣ་ཚོགས་ཁྲོད་དུ་ཕལ་བའི་རམ་འདེགས་ནུས་པ་ཐོན་པ།

བཞི། ཀུན་སློང་གི་ནུས་པའི་སློབ་གསོའི་དོན་སྙིང་ལྟར་དབྱེ་ན།

ནང་གི་ཀུན་སློང་གི་ནུས་པ། སྒུལ་ཤུགས་ཀྱི་འབྱུང་ཁུངས་ནི་སློབ་གཉེར་འགུལ་སྐྱོད་དམ་སློབ་མཁན་རང་ཉིད་ཡིན་པ།

ཕྱིའི་ཀུན་སློང་གི་ནུས་པ། སྒུལ་ཤུགས་ཀྱི་འབྱུང་ཁུངས་ནི་སློབ་མཁན་ནམ་སློབ་གཉེར་འགུལ་སྐྱོད་ལས་གཞན་པའི་ཕྱིའི་རྒྱུ་རྐྱེན་ཡིན་པ།

3 དམིགས་ཡུལ།

སློབ་གཉེར་ཀུན་སློང་ལ་རིགས་དགར་བའི་དམིགས་ཡུལ་ནི། སློབ་གསོ་གཏོང་མཁན་གྱི་སློབ་མའི་ཀུན་སློང་མི་འདྲ་བའི་ཁྱད་ཆོས་ལ་ཁ་གཏད་ནས་སློབ་གསོ་བཏང་ཏེ་སློབ་གཉེར་གྱི་ཧུར་བརྩོན་རང་བཞིན་འདྲེན་ཆེད་ཡིན། ཚད་མཐུན་གྱི་གནས་ཚུལ་འོག་སློབ་མའི་སློབ་གཉེར་ཀུན་སློང་ནི་སྣ་གཅིག་མིན་པར་ཀུན་སློང་རིགས་མང་པོ་ཕན་ཚུན་འབྲེལ་ཞིང་ཕན་ཚུན་ཁ་གསབ་པ་དང་ཕན་ཚུན་སྣོལ་བའི་ནུས་པ་ཐོན་ཡོད། དགེ་རྒན་གྱིས་ནན་འགོག་དགོས་པ་ནི་སླ་མོ་དང་ཕྱོགས་རེའི་སློབ་མའི་ཀུན་སློང་ཡང་དག་གམ་ནོར་བ། གཞན་ཕན་ནམ་རང་ཕན། གཙོ་ཁྲིད་དམ་ཟུར་ཁྲིད་སོགས་ཀྱི་རིགས་སུ་ཁ་ཚོན་གཅོད་མི་རུང་།

4 སྐུལ་སྤེལ།

གཅིག སློབ་མར་སློབ་གཉེར་དམིགས་ཡུལ་མངོན་གསལ་ཡིན་པ་དང་དངོས་དོན་དང་མཐུན་པའི་བླང་བྱ་འདོན་པ། དགེ་རྒན་གྱིས་སློབ་མར་རོགས་བྱས་ནས་ཅིའི་ཕྱིར་སློབ་གཉེར་བྱེད་པ་དང་ཅི་ཞིག་སློབ་པ། སློབ་པའི་ཚད་ག་འདྲར་ཐོན་དགོས་པ་སོགས་སྤྱིའི་སློབ་གཉེར་དམིགས་ཡུལ་ཤེས་སུ་འཇུག་དགོས། བསླབ་གཞི་རིགས་ཤིག་དང་ཁྲིད་ཚན་གསར་བ་ཞིག་མ་ཁྲིད་གོང་ལ་སློབ་མར་དམིགས་ཡུལ་དང་ལས་འགན། བླང་བྱ། ལག་ལེན་དུ་སྤྱོད་པའི་རིན་ཐང་། ཤེས་བྱའི་མ་ལག་ཁྲོད་ཀྱི་གོ་གནས་སོགས་གསལ་བོ་ཤེས་སུ་འཇུག་དགོས།

གཉིས། གནད་དོན་གྱི་གནས་ཚུལ་གསར་འཛུགས་བྱས་ཏེ་ཧུར་བརྩོན་གྱི་བསམ་གཞིགས་གཏོང་བར་བློ་སྒོ་འབྱེད་པ།

གསུམ། སློབ་གཉེར་འབྲས་བུར་སྤྱི་སྡོམ་གྱི་ནུས་པ་སྤྱོད་པ།

བཞི། འགྲན་སྡུར་གྱི་བྱ་འགུལ་འོས་འཚམས་རྩ་འཛུགས་བྱེད་པ།

ལྔ། དགེ་རྒན་གྱི་གདེང་འཇོག་དང་གཟེངས་བསྟོད། སྐྱོན་བརྗོད་ཀྱི་ནུས་པ། སྤྱིར་བཏང་དུ་དགེ་རྒན་གྱི་སློབ་མར་གདེང་འཇོག་ནན་མོ་བྱེད་པར་ཧུར་བརྩོན་དང་ཇེ་བཟང་དུ་འགྲོ་བར་ནུས་པ་ཡོད་པས་གཟེངས་བསྟོད་དང་བྱ་དགའ་སྟེར་བ་དེ་སྐྱོན་བརྗོད་དང་ཆད་པ་གཅོད་པ་ལས་སྔར་བས་སློབ་གཉེར་ཀུན་སློང་སྐུལ་སྤེལ་བྱེད་ཐུབ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-23

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།