ལྟེ་བའི་སྒྲིག་གཅོད་ཆས(CPU)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྟེ་བའི་སྒྲིག་གཅོད་ཆས(CPU)
ལྟེ་བའི་སྒྲིག་གཅོད་ཆས་ནི་རྩིས་འཁོར་གྱི་སྒུལ་བསྐྱོད་དང་དེའི་བྱེད་ནུས། འགྲོས་ཤུགས། རྩོད་ལས་བཅས་ཀྱི་ཆེས་མཐོ་རིམ་གྱི་སྲོག་སྙིང་དེ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央处理器
ཕྱི་ཡིག་གི་མིང་།
Central Processing Unit
བསྡུས་མིང་།
CPU
འགྲེམས་སྤེལ་དུས་ཚོད།
1971ལོར།
བཟོ་གྲྭ།
IntelAMDVIA
1 གོ་དོན།

དེ་ཡངCPUཞེས་པ་ནི་རྩིས་འཁོར་གྱི་སྒུལ་བསྐྱོད་དང་དེའི་བྱེད་ནུས། འགྲོས་ཤུགས། རྩོད་ལས་བཅས་ཀྱི་ཆེས་མཐོ་རིམ་གྱི་སྲོག་སྙིང་དེར་གོ་སྟེ། གལ་སྲིད་རྩིས་འཁོར་གྱིས་ལས་ག་གེ་མོ་ཞིག་སྒྲུབ་ནCPUནི་དེའི་ཐོག་མའི་འགུལ་བསྐྱོད་ཀྱི་རྩོད་ལས་མཐོ་ཤོས་དེ་ཡིན། དེས་ནCPUགྱི་གོ་དོན་ལ་སྤྱིར་བཏང་དུ་ངེས་གཏན་གྱི་ཚད་གཞི་ཞིག་མེད་དེ་དོན་དངོས་སུCPUཞེས་པ་ནི(Central Processing Unit)ཀྱི་བསྡུས་མིང་དང་། དེས་ནCPUགྱི་བཟང་ངན་ལ་བལྟ་དུས་དང་ཐོག་དེའི་བཟོ་རྩལ་དང་ཚོང་རྟགས་ལ་བལྟ་བ་ནི་ཆེས་ཡང་དག་གི་ཚད་གཞི་ཞིག་ཡིན་ཏེ། མིག་སྔརCPUབཟོ་གྲྭ་ལ་ཆེས་ཡག་ཤོས་ཀྱི་ཀུང་སི་གཉིས་ཡོད། 

2 བཟོ་གྲྭ།

1. Intelཀུང་སི། Intelཀུང་སི་ནི་འཛམ་གླིང་ཐོག་ཆེས་སྐད་གྲགས་མཐོ་བའི་བཟོ་གྲྭ་ཞིག་ཡིན་ཏེ1968ལོར་དབུ་བརྙེས། 1.jpg.jpgདོན་དུ་བཟོ་གྲྭ་འདིས་བཟོས་པའི་གློག་རྫས་ལ་ཚན་རིག་རང་བཞིན་གྱི་ཁྱད་ཆོས་ལྡན་པས་ཚོང་རྭ་སོ་སོས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། 1971ལོར་འཛམ་གླིང་སྟེང་ཆེས་ཕྲ་བའིCPUགསར་གཏོད་བྱས་པ་དེས་ཀུང་སིའི་འབྱུང་འགྱུར་ལ་སྔ་ན་མེད་པའི་རྨང་གཞི་ཞིག་བསྐྲུན། དེར་བརྟེན1997ལོར། Intelཀུང་སིས་སླར་ཡངPentium MMX CPUགསར་གཏོད་བྱས་པས་དེའི་བཟོ་རྩལ་ནི་སྔར་ལས་ཁྱད་དུ་འཕགས་ལ། བྱེད་ནུས་སོགས་ལྡབ་འགྱུར་གྱིས་འཕེལ་རྒྱས་བྱུང་བས་ཀུན་གྱིས་གདེང་འཇོག་ཚད་མེད་བྱོས། དེ་བཞིན་ཕུལ་དུ་བྱུང་བའི་གྲུབ་འབྲས་ཁྲོད། Intelཀུང་སིས་སྔ་གཞུག་ཏུPentium 2དངPentium3 Pentium4 Pentium Dསོགས་མང་པོ་བཏོན་ལ། མིག་སྔར་ཆེས་བཟང་པའིCPUནི་སྲོག་གཉིས་རང་བཞིན་གྱིCore 2སྐོར་ཡིན།

2.AMDཀུང་སི། AMD ཀུང་སི་ནི1969ལོར་ཨ་མེ་རི་ཁར་དབུ་བརྙེས་པའི་གློག་རྫས་བཟོ་གྲྭ་ཞིག་ཡིན། 2.jpg.jpgསྔོན་ཆད་ལྟར་ན་བཟོ་གྲྭ་འདིའི་ལག་རྩལ་དེ་ཙམ་ཡག་པོ་མེད་པསIntelཀུང་སི་དང་བསྡུར་ན་ཧ་ཅང་རྗེས་ལུས་ཡིན། ཡིན་ནའང་ལོ་ངོ་དུ་མའི་བརྩོན་ལེན་དང་འཕེལ་རྒྱས་ཀྱི་དབང་གིས་ད་ལྟ་ཀུང་སི་གཉིས་ཀྱི་ལག་རྩལ་གཅིག་མཚུངས་ཡིན་ལ། ཁྱད་པར་དུAMDཀུང་སིའི་ཐོན་དངོས་དེIntelཀུང་སི་ལས་རིན་གོང་དམའ་ཞིང་བཀོལ་རྒྱ་ཆེ་བས་ཚང་མས་དགའ་བསུ་བྱེད། དེས་ནAMDཀུང་སིས་བཟོས་པའིCPUལ་གཙོ་བོAthlonདངDuronབཅས་རིགས་གཉིས་ཡོད་དེ། མིག་སྔར་ཆེས་དར་ཁྱབ་ཆེ་བ་ནི་སྲོག་གཉིས་རང་བཞིན་གྱིAthlon 64×2ཞེས་པ་དེ་ཡིན་ནོ།།

3 CPUམཐུད་ཁ།

CPUམཐུད་ཁ་ཞེས་པ་ནི་གཙོ་འཁོར་དངCPUསྦྲེལ་མཐུད་བྱེད་པའི་མཚམས་དེར་གོ་ཞིང་། གཙོ་འཁོར་གྱི་གློག་སྐུད་སྦྲེལ་མཚམས་མི་གཅིག་པའི་དབང་གིསCPUཡི་མཐུད་ཁའང་མི་གཅིག་སྟེ། དེའི་བཟོ་དབྱིབས་དང་རྣམ་པ། ཡང་ན་མཐུད་ཁའི་ཁབ་ཀྱི་མང་ཉུང་སོགས་རང་གི་ཁྱད་ཆོས་ལྟར་ཡོད་རྐྱེན་གཙོ་འཁོར་ཡོད་ཚད་དང་མི་འཚམ། འོ་ན་མིག་སྔར་ཚོང་རྭའི་ཐོག་རྒྱུགས་ཆེ་བའིCPU མཐུད་ཁ་ལ་གཙོ་བོ་རིགས་གང་དག་ཡོད་ཞེ་ན།

1.Socket 775མཐུད་ཁ། དེ་ནིIntelསྒྲོམ་ངོས་ཀྱི་ཚད་གཞིའི་མཐུད་ཁ་ཞིག་ཡིན་ཏེ། མིང་གཞན་ལSocket Tལ་ཟེར། ད་ལྟར་དར་ཁྱབ་ཆེ་བའིCPU(Pentium 4 Pentium 4 EE Celeron D)སོགས་ནིSocket 775ཀྱི་རིགས་གཏོགས་ཡིན་ལ། དེའི་ནང775མཚོན་དོན་ནི་མཐུད་ཁའི་སྟེང་གི་ཟངས་སྐུད་ཀྱི་གྲངས་ཀ་དེ་ཡིན། དེས་ནSocket 775མཐུད་ཁ་ནི་མིག་སྔར་འཛམ་གླིང་ཐོག་ཆེས་མཐོ་བའི་ལག་རྩལ་ཞིག་ཡིན་ཏེ། དེས་གཙོ་འཁོར་མཐུད་མཚམས་ཀྱི་ཟངས་སྐུད775སྟེང་དུ་ཐད་ཀར་བརྡ་འཕྲིན་སྐྱེལ་ཐུབ་པས་རྩིས་འཁོར་ཡོངས་ཀྱི་བྱེད་ནུས་དང་མགྱོགས་ཚད་ལ་སྔ་ན་མེད་པའི་ཁྱད་ཆོས་ལྡན། གཤམ་གྱི་རི་མོ་ཀ་པ་ནིSocket 775མཐུད་ཁའི་དཔེར་མཚོན་རི་མོའོ།

3.jpg.jpg

དཔེ་རིས1-1 Socket 775མཐུད་ཁ

2.Socket 478མཐུད་ཁ། དེ་ནི་ཐོན་སྔ་བའིPentium 4རིགས་ཀྱི་མཐུད་ཁ་སྒྲིག་ལྟར་བཟོས་པ་ཞིག་ཡིན་ཏེ། སྦྲེལ་མཚམས་སུ་ཟངས་སྐུད478གྲུབ་པ་མ་ཟད་ཟངས་སྐུད་སོ་སོའི་སྒྲིག་གཞིའི་བར་ཐག་ཉེ་ཤིང་ཕྱི་གཟུགས་ཆུང་ལ། སྔོན་གྱིIntelཀུང་སིས་བཟོས་པའི Pentiumརིགས་དངP4 Celeronརིགས་ཀྱིCPUསོགས་ཡོད་ཚདSocket 478མཐུད་ཁ་ཡིན། ཡིན་ནའང2006 ལོརIntelཀུང་སིསSocket 478གསར་པ་ཞིག་བཏོན་པ་དེ་ནི་མིག་སྔརIntelཀུང་སིས་སྤྱོད་པའིCoreགྱི་ཆེད་སྤྱོད་མཐུད་ཁ་ཞིག་ཡིན། དེ་བས་གསར་བྱུང CPUདེ་ནི་སྔོན་གྱིPentium 4སྐོར་གྱི་མཐུད་ཁ་དང་བསྡུར་ཚེ་གནམ་ས་ལྟ་བུའི་ཁྱད་པར་ཡོད་ལ། སྤྱིར་བཏང་དུ་དེ་གཉིས་ཀྱི་ཟངས་སྐུད478ཀྱིས་གྲུབ་ཀྱང་། གློག་གི་འགྲོ་ཚད་དང་ཁྱད་ནུས་སོགས་མི་གཅིག་པ་མ་ཟད་ཕན་ཚུན་བར་རྒྱབ་སྐྱོར་ཡང་བྱེད་ཀྱིན་མེད། རི་མོ་ཁ་པ་ནི་དེའི་དཔེར་མཚོན་རི་མོའོ།།

4.jpg.jpg

དཔེ་རིས1-2  Socket 478མཐུད་ཁ།

3.Socket AM2མཐུད་ཁ། Socket AM2མཐུད་ཁ་ནིAMDཀུང་སིས་བཏོན་པའི CPUམཐུད་ཁ་ཞིག་ཡིན ། དེ་ལ་མཐུད་མཚམས་ཟངས་སྐུད་རྐང་པ940ཡོད་པས་དར་ཁྱབ་ཤིན་ཏུ་ཆེ་ལ། མིག་སྔར་དེའི་སྐོར་གྱི་དམའ་རིམ་མཐུད་ཁའི་རིགས་ལSempron དང་། འབྲིང་རིམ་རིགས་ལAtholn 64 དང་། མཐོ་རིམ་རིགས་ལAtholn 64×2དང་ཡང་ནAtholn 64FXབཅས་ཡོད། གཤམ་གྱི་རི་མོ་ག་པ་ནི་དེའི་དཔེར་མཚོན་རི་མོའོ།།

5.jpg.jpg

དཔེ་རིས1-3 Socket AM2མཐུད་ཁ།

4.Socket 939མཐུད་ཁ། དེ་ནིAMDཀུང་སིས2004 ལོའི་ཟླ6པར་གསར་དུ་བཏོན་པའིCPUམཐུད་ཁ་ཞིག་ཡིན། མིག་སྔར་མཐུད་ཁ་འདིའི་རིགས་བཀོལ་སྤྱོད་བྱས་པའི CPUལ་གཙོ་བོAthlon 64དངathlon 64 FXབཅས་ཡོད་ལ། Sempronརིགས་ཀྱི CPUའགའ་ཤོས་ཤིག་ཀྱང་ཡོད་རབ་བཤད། ཡིན་ནའངSocket AM2དངSocket 940གཉིས་ཀྱི་མཐུད་ཁའི་སྒྲིག་གཞི་ཆ་མཐུན་མིན་པས་དེ་གཉིས་ཕན་ཚུན་རྒྱབ་སྐྱོར་དང་རོགས་འདེགས་མི་བྱེད་པ་ལོགས་སུ་ཤེས་པར་བྱ། དེ་ལ་དཔེར་མཚོན་རི་མོ་ཞིག་བཀོད་ན་གཤམ་གསལ་ལྟར་རོ།

6.jpg.jpg

7.jpg.jpg

དཔེ་རིས1-5


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-23

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།