རབ་རྟོག་གི་རྒྱན།

རབ་རྟོག་གི་རྒྱན།
དོན་རྒྱན་སོ་ལྔའི་ནང་གསེས་བཅུ་གཉིས་པ་རབ་རྟོག་གི་རྒྱན་ནི་སེམས་ལྡན་ནམ། སེམས་མེད་ཀྱི་དངོས་པོའི་གནས་ལུགས་རང་བཞིན་ཇི་ལྟར་གནས་པ་དེ་ཉིད་དགོས་དབང་གི་འདོད་པས་རྣམ་པ་གཞན་ཞིག་ཏུ་སྒྲོ་བཏགས་ནས་བརྗོད་པའི་རྒྱན་ཞིག
གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་།
浪漫修饰法
རྣམ་གྲངས།
སེམས་ལྡན་རབ་རྟོག་སོགས་ནང་གསེས་ཀྱི་དབྱེ་བ་གསུམ་ཡོད།
དཀར་ཆག
1
ངོ་བོ།
སེམས་དང་ལྡན་པའམ་སེམས་མེད་ཀྱི།།
ཁྱད་ཆོས་ཇི་ལྟར་གནས་པ་ལས།།
རྣམ་པ་གཞན་དུ་སྒྲོ་བཏགས་པའི།།
རབ་རྟོག་སྒྲ་ལྡན་རབ་རྟོག་རྒྱན།།
སེམས་དང་ལྡན་པའམ་སེམས་མེད་ཀྱི་ཁྱད་ཆོས་དངོས་ཡོད་ཇི་ལྟར་གནས་པ་དེ་ལས་རྣམ་པ་གཞན་དུ་སྒྲོ་བཏགས་པའི་རབ་རྟོག་གསལ་བྱེད་ཀྱི་སྒྲ་དང་ལྡན་པ་ཞིག་ལ་རབ་རྟོག་གི་རྒྱན་ཞེས་བརྗོད་པ་ཡིན་ནོ།།
2
རྣམ་གྲངས།
དབྱེ་ན་སེམས་ལྡན་སེམས་མེད་དང་།།
ཏིང་འཛིན་རབ་རྟོག་རྣམ་པ་གསུམ།།
རབ་རྟོག་གི་རྒྱན་དེ་ལ་དབྱེ་ན། སེམས་ལྡན་རབ་རྟོག་དང་། སེམས་མེད་རྟོག ཏིང་འཛིན་རབ་རྟོག་བཅས་རྣམ་པ་གསུམ་དུ་ཡོད་དོ།།
དཔྱད་གཞིའི་ཡིག་ཆ།
བརྡ་འགྲེལ་གདོང་འཛར།
སྡུད་པ།
འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-05-14
གསར་སྤེལ་མཁན། :བདེ་ཆེན་མཚོ།
བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།