ཚེ་རིང་བསོད་ནམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚེ་རིང་བསོད་ནམས།
སྒྲུང་པ་ཚེ་རིང་བསོད་ནམས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་འབྲོག་ཁྱིམ་ཞིག་གི་མི་ཡིན་ཞིང་། ཁོས་རྒྱ་ཚ་དང་འདན་མ་ལ་སོགས་ཁྲ་མོ་གླིང་གི་དཔའ་རྟུལ་རྣམས་ཀྱི་ལོ་རྒྱུས་རེ་རེ་བཞིན་ཆ་ཚང་ཞིང་མགོ་རྔ་ཡོད་པ་ཞིག་བཤད་ཤེས་པར་མ་ཟད། ད་དུང་ཁོས་བཤད་པའི་གླིང་སྒྲུང་ཕལ་ཆེར་དེང་གི་དུས་འདིར་རྒྱུན་ཆད་ཟིན་པ་དང་ཡང་ན་འགྲོ་བ་མིས་གོ་ཐོས་མ་བྱུང་བའི་སྒྲུང་གསར་པ་ཞེ་གཅིག་ཡིན་པ་རེད། 《ལྡོང་རབས་སྲིད་པ་ཆགས་རྫོང》དང་། 《ལྷ་གླིང་གབ་ཙེ་དགུ་སྐོར》 《འཁྲུངས་གླིང་སྐྱེས་བུའི་བྱོན་ཚུལ》སོགས་སྒྲུང་ཁག186བཤད་ཤེས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
才仁索南
མི་རིགས།
བོད་རིགས།
རྒྱལ་ཁབ།
ཀྲུང་གོ།
སྒྲུང་པའི་རིགས།
བབས་སྒྲུང་སྒྲུང་པ།
སྐྱེས་ཡུལ།
མཚོ་སྔོན་འབྲི་སྟོད་རྫོང་།
1 མི་སྣའི་ངོ་སྤྲོད།

སྒྲུང་པ་ཚེ་རིང་བསོད་ནམས་ནི།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་འབྲོག་ཁྱིམ་ཞིག་གི་མི་ཡིན།  ཁོས་ཆུང་དུས་ནས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་ཕྱུགས་རིགས་རྟ་ནོར་ལུག་གསུམ་འཚོ་སྐྱོང་གི་ལས་ལ་བརྩོན་པ་ལས་སློབ་གྲྭར་འགྲོ་མ་མྱོང་།  ཁོ་རང་ཕོ་ལོ་ཉི་ཤུ་ལ་སོན་པའི་ལོ་དེའི་ཉིན་ཞིག་ཅི་ཡིན་འདི་ཡིན་མ་ཤེས་པར་འཆར་སྣང་ཡ་མཚན་ཅན་ཞིག་དང་བཤད་མི་ཤེས་པའི་གསང་བ་ལྐོག་གྱུར་གྱི་གསང་འཕྲིན་ཞིག་གློག་རྒྱུགས་པ་ལྟར་དུས་རྒྱུན་པར་ཁོའི་ཀླད་པའི་ནང་དུ་འཆར་ཡོང་སྟེ།  རིམ་བཞིན་ཡིག་འབྲུ་གཅིག་ཀྱང་འབྲི་ཀློག་མི་ཤེས་པ་ཁོས་འདྲེན་བྱེད་མིག་གཉིས་བཙུམས་མ་ཐག  རང་ཤུགས་སུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཆུ་བཞུར་བ་ལྟར་བཤད་ཤེས་པ་དང་།  རྒྱ་ཚ་དང་འདན་མ་ལ་སོགས་ཁྲ་མོ་གླིང་གི་དཔའ་རྟུལ་རྣམས་ཀྱི་ལོ་རྒྱུས་རེ་རེ་བཞིན་ཆ་ཚང་ཞིང་མགོ་རྔ་ཡོད་པ་ཞིག་བཤད་ཤེས་པར་མ་ཟད།  ད་དུང་ཁོས་བཤད་པའི་གླིང་སྒྲུང་ཕལ་ཆེར་དེང་གི་དུས་འདིར་རྒྱུན་ཆད་ཟིན་པ་དང་ཡང་ན་འགྲོ་བ་མིས་གོ་ཐོས་མ་བྱུང་བའི་སྒྲུང་གསར་པ་ཞེ་གཅིག་ཡིན་པ་རེད།  ཁོ་པ་རང་ཉིད་ཀྱིས་བཤད་པ་ལྟར་ན་གླིང་གེ་སར་རྒྱལ་པོའི་སྒྲུང་ཁག186བཤད་ཤེས་ཟེར། ཚེ་རིང་བསོད་ནམས་ཀྱིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཆུ་བཞུར་བཞུར་བཤད་ཤེས་པའི་གནས་ཚུལ་དེ་འབྲི་སྟོད་ས་ཆ་སོ་སོ་རུ་རླུང་ལྟར་གྲགས་བཞིན་ཡོད་ལ།  སྐབས་དེར་སྐད་གྲགས་ཅན་གྱི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དག་སྒྲིག་བྱེད་མཁན་བུ་ཐུབ་དགའ་ཞེས་པས་གོང་གསལ་གྱི་གནས་ཚུལ་འདི་སྒྲ་འཛིན་རྣ་བས་ཐོས་རྗེས།  ཁོ་སྐུ་དངོས་སུ་འབྲི་སྟོད་ས་ཆར་ཕེབས་ཏེ་གནས་ཚུལ་འདིར་རྩད་གཅོད་དང་རྒྱུས་ལོན་ལེགས་པོ་ཞིག་མཛད་རྗེས་འདི་སྐད་དུ།  འདི་ནི་ཆེས་ཡ་མཚན་པ་ཞིག་དང་།  ཆེས་ཐུན་མོང་མ་ཡིན་པ་ཞིག  ཆེས་གསང་བ་ལྐོག་གྱུར་གྱི་གནས་ཚུལ་ཁྱད་པར་ཅན་ཞིག་ཡིན་པས།  ངས་ད་ནས་བཟུང་གསར་དུ་རྒྱུས་ལོན་བྱུང་བའི་སྒྲུང་པ་ཚེ་རིང་བསོད་ནམས་ལ་འབྲེལ་འདྲིས་བཟང་པོ་བཙུགས་ཏེ། ཧ་ཅང་ཡ་མཚན་ཅན་གྱི་གནས་ཚུལ་འདི་ལ་རྒྱུས་ལོན་གཏིང་ཟབ་པ་ཞིག་དང་ཞིབ་འཇུག་ལེགས་པོ་ཞིག་བྱེད་ཞོར་དུ།  ཚེ་རིང་བསོད་ནམས་ཀྱིས་བཤད་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡོད་ཚད་རིམ་བཞིན་ཡི་གེ་རི་མོའི་གཟུགས་སུ་བཀོད་དེ་དག་སྒྲིག་དང་པར་སྐྲུན་གྱི་བགྱི་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་།  དངོས་གནས་ཀྱང་བུ་ཐུབ་དགས་དུས་ད་ལྟའི་བར་ཚེ་རིང་བསོད་ནམས་ཀྱིས་བཤད་པའི་གླིང་སྒྲུང་གི་སྒྲ་ཕབ་སྤྱིན་ཤོག་ཉི་ཤུ་ལྷག་ཅིག་ཡི་གེར་བཀོད་ཚར་ཡོད།

2 སྒྲུང་ཁག་གི་དཀར་ཆག

གཤམ་དུ་ཚེ་རིང་བསོད་ནམས་ཀྱིས་བཤད་ཤེས་པའི་གླིང་སྒྲུང་གི་དཀར་ཆག་རྣམས་རེ་རེ་བཞིན་འགོད་པར་བྱ་སྟེ།

1. 《ལྡོང་རབས་སྲིད་པ་ཆགས་རྫོང》 2.《ལྷ་གླིང་གབ་ཙེ་དགུ་སྐོར》 3.《འཁྲུངས་གླིང་སྐྱེས་བུའི་བྱོན་ཚུལ》 4.《རྟ་རྒྱུག་སྐྱེས་བུ་ཁྲི་འདོན》 5.《སྐྱ་ལོའི་སྟོན་འཇོག》 6.《ཀླུ་གླིང》 7.《འཛམ་གླིང་སྤྱི་བསང》 8.《བདུད་གླིང་གཡུལ་འགྱེད》 9.《ཧོར་གླིང་གཡུལ་འགྱེད》 10.《འཇང་གླིང་གཡུལ་འགྱེད》 11.《མོན་གླིང་གཡུལ་འགྱེད》 12.《སྟག་གཟིག་ནོར་རྫོང》 13.《སྦ་ནག་ར་རྫོང》 14.《བལ་པོའི་ལུག་རྫོང》 15.《བྲག་དཀར་ཁྲོ་རྫོང》 16.《བྱེ་རི་བྱུར་རྫོང》17.《ཞང་ཞུང་མུ་ཏིག་རྫོང》 18.《མི་ནུབ་དར་རྫོང》 19.《གངས་རི་ཤེལ་རྫོང》 20.《གྲུ་གུ་གོ་རྫོང》 21.《རྒྱ་ནག་ཇ་རྫོང》 22.《 ཙ་རི་སྨན་རྫོང》 23.《 རྒྱ་གར་ཆོས་རྫོང》 24.《ཨ་གྲོ་རོང་གི་ནས་རྫོང》 25.《བྲག་དཀར་ཁྲོ་རྫོང》26.《གེ་སར་གསེར་རྫོང》 27.《ཁྲོ་ནག་ལྕགས་རྫོང》 28.《 མངའ་རུ་ཁྲབ་རྫོང》29.《མེ་རུ་ཐོག་རྫོང》 30.《ཤར་རིའི་འབྲུ་རྫོང》  31.《ཐོག་རི་གཟི་རྫོང》 32.《མི་ཉག་ཤེལ་རྫོང》 33.《མེ་ལིང་གསེར་རྫོང》 34.《 མཚོ་གླིང་ནོར་བུའི་རྫོང》 35.《རི་བོ་གཡུ་རྫོང》 36.《སྨུག་གུ་དྲེལ་རྫོང》 37.《རྩྭ་རི་སྨྱུག་རྫོང》 38.《རྒྱ་ནག་ཤིང་རྫོང》 39.《 གའུ་གསེར་རྫོང》 40.《 མུ་སྟེགས་སྨན་རྫོང》 41.《སུམ་པ་མཛོ་རྫོང》 42.《ཐང་ནག་གྲི་རྫོང》 43.《གནམ་ཐེལ་ར་རྫོང》 44.《ཉ་དཔྲལ་བ་ཁ་ཡི་དར་རྫོང》 45.《 མངའ་རུ་གསེར་རྫོང》 46.《རྡོ་རིའི་གཡུ་རྫོང》 47.《ས་ནག་བུམ་རྫོང》48.《རྨ་རིའི་ནོར་རྫོང》 49.《གངས་དཀར་ལུག་རྫོང》 50.《ཁ་བའི་དར་རྫོང》 51.《མེ་ལིང་གཟི་རྫོང》 52.《 ཧོར་བའི་རྟ་རྫོང》 53.《འབེ་བའི་ར་རྫོང》 54.《གནམ་ཀ་ཁྲོ་རྫོང》 55.《རུ་ནུབ་རྡོ་དར་རྫོང》56.《རི་ཤུའི་ཤ་རྫོང》 57.《ལྷོ་བའི་ཚྭ་རྫོང》 58.《གདོལ་བ་ཀླུ་ཡི་ཆུ་རྫོང》 59.《གནས་ཆེན་ཤིང་རྫོང》 60.《ལྷོ་ཁྲི་སྡེའི་ཁྱུང་རྫོང》 61.《ཁྲི་སྡེ་ཤེལ་རྫོང》 62.《གངས་རི་ཉ་རྫོང》 63.《ལུ་ཤུ་སྨན་རྫོང》 64.《 གནམ་ཀག་མདའ་རྫོང》 65.《ཤར་རིའི་དུང་རྫོང》 66.《རི་ཁྲོད་གཡུ་རྫོང》 67.《སྟག་མོ་ཤེལ་རྫོང》68.《ཕྱི་གླིང་དར་རྫོང》69.《མེ་མོང་ཤེལ་རྫོང》70.《བདུད་མོ་བྱ་རྫོང》 71.《དམུ་སྲིན་ཡུལ་གྱི་འབྲུ་རྫོང》 72.《མི་ནག་ཁྲོ་རྫོང》 73.《སྲིན་མོའི་མཚལ་རྫོང》 74.《སྦྲུལ་ནག་དུག་རྫོང》 75.《བྱང་རིའི་དངུལ་རྫོང》 76.《རྨུ་ཁྲའི་མཚལ་རྫོང》 77.《རི་ནག་ལྕགས་རྫོང》 78.《ཐོག་ཁྲི་གོ་རྫོང》 79.《སྤྲིན་ནག་ཁྱུང་རྫོང》 80 .《སོག་པོ་ལུག་རྫོང》 81.《ས་སྲིན་ནོར་བུའི་གསེར་རྫོང》 82.《སྙུག་ཁའི་གཕྲ རྫོང》 83.《རྒྱ་ནག་ཕག་རྫོང》 84.《གྲུ་གུའི་གནམ་ལྕགས་གཟི་རྫོང》 85.《ལྷོ་པའི་ནས་རྫོང》 86.《སོག་པོའི་ཁྱི་རྫོང》 87.《རྒྱ་གར་དར་རྫོང》 88.《ཤར་རྟ་དམར་རྒྱལ་པོའི་ཟངས་རྫོང》 89.《རྒྱ་དར་ལྕི་ཡུལ་གྱི་ལྕགས་རྫོང》 90.《ནུབ་གནམ་ཁྲིའི་ར་རྫོང》 91.《སྦ་ནག་གཡུ་རྫོང》 92.《སྨར་ཁམས བྱུར་རྫོང》 93.《སྡེ་དགེ་ཆོས་རྫོང》 94.《གཡུ་རི་ཁྲབ་རྫོང》 95.《གནམ་ཀ་བང་མཛོད》 96.《གངས་དཀར་མཛོ་རྫོང》 97.《ཤེལ་དཀར་ལུག་རྫོང》 98.《ཤར་ཁྲི་གསེར་རྫོང》 99.《རི་རབ་ཁྱུང་རྫོང》 100.《རྒྱ་གར་རྨ་བྱའི་སྒྲོ་རྫོང》 101.《དིར་དམར་གཟི་རྫོང》 102.《དཔལ་རི་ཁྲབ་རྫོང》 103.《བྱང་ཆུབ་ཤེལ་མཁར་ཚྭ་རྫོང》 104.《ར་དམར་སྨན་རྫོང》 105.《སྟོད་ཡུལ་འབྲུ་རྫོང》 106.《ལྷོ་མོན་རོང་གི་འབྲས་རྫོང》 107.《ཐང་ལའི་བ་གླང་རྫོང》 108.《བྱི་དཀར་ལུག་རྫོང》 109. 《ཀོང་པོ་གྲི་རྫོང》110.《ཕྱི་རི་པདྨ་རཱ་གའི་རྫོང》 111.《ཞལ་མོ་རོང་གི་གསེར་རྫོང》 112.《རི་ནགས་སྨན་རྫོང》 113.《ཤར་རི་རྫ་དཀར་ནོར་འགྱེད》 114.《སྤེན་དཀར་མདའ་རྫོང》 115.《ཐང་དཀར་སེལ་རྫོང》 116.《འབྱོར་རུ་གཡུ་རྫོང》 117.《མྱེ་མོ་ར་རྫོང》 118.《མཚོ་ནག་ཚྭ་རྫོང》 119.《འབྲི་སིང་གཟི་རྫོང》 120.《ཁྱུང་ཡུལ་གཟི་རྫོང》 121.《བྱང་ཤིང་དཀར་ཡུལ་གྱི་སྤོས་རྫོང》 122.《ཐང་སྨུག་ལུག་རྫོང》 123.《གུར་ནག་ཁྲོ་རྫོང》 124.《སྦ་དཀར་བྱུར་རྫོང》 125.《 སྨན་འཕྲུ་དར་རྫོང》 126.《བྱང་མེ་དུང་རྫོང》 127.《འབྲུ་བདུད་ཁྱུང་རྫོང》 128.《ཤེལ་དཀར་མདའ་རྫོང》 129.《དར་ནག་གཡུ་རྫོང》 130.《མཁར་ཤུལ་ལུག་རྫོང》 131.《བྱང་བྱེར་ཁྲི་ཡུལ་གྱི་དར་རྫོང》 132.《རི་ཤང་ཤང་སྨན་རྫོང》 133.《འབྲི་དཀར་དར་རྫོང》 134.《ལྕགས་ནག་འབྲུ་རྫོང》 135.《བྱུར་འཕྲུ་མཚལ་རྫོང》 136.《དར་གླིང་གཡུལ་འགྱེད》 137.《ཕྱི་གླིང་གཡུལ་འགྱེད》 138.《རི་གླིང་གཡུལ་འགྱེད》 139.《ཐལ་གླིང་གཡུལ་འགྱེད》 140.《མུ་གླིང་གཡུལ་འགྱེད》 141.《སྟག་གླིང་གཡུལ་འགྱེད》 142.《འབྲི་གླིང་གཡུལ་འགྱེད》 143.《ཐོག་གླིང་གཡུལ་འགྱེད》 144.《ཁྲོ་གླིང་གཡུལ་འགྱེད》 145.《ཞང་གླིང་གཡུལ་འགྱེད》 146.《ཁ་གླིང་གཡུལ་འགྱེད》 147.《འགོག་གླིང་གཡུལ་འགྱེད》 148.《མི་ཆུང་གླུ་རྫོང》 149.《ཤན་འདན་སྟག་སེང་ཁ་སྤྲོད》 150.《ཞུ་གླིང》 151.《མཐིང་གླིང》 152.《 རོང་གླིང》 153.《ཙ་རི་གནས་སྐོར་སྨོན་ལམ》 154.《རྟ་མཆོག་ལྷ་ཡི་བདེན་པ》 155.《ལྷ་གླིང་སྦྲང་མའི་འཕྲུལ་འཁོར》 156.《བྱེ་རིའི་མེ་རྫོང》 157.《མེ་ཏོག་ར་བའི་མཆོད་རྫས》 158.《གུ་ར་རྫ་ཡི་མཆོད་རྫས》 159.《སྦ་ཡུལ་ཁྱུང་དཀར་མཛོ་རྫོང》 160.《ཁ་ཆེ་ར་རྫོང》 161.《རྒྱ་ཤིང་རོང་ཡུལ་གྱི་འབྲུ་རྫོང》 162.《ཚ་གླིང་གཡུལ་འགྱེད》 163.《ཕྱི་མེའི་སྨན་རྫོང》 164.《རྫ་ཆུ་ཤིང་ཡུལ་གྱི་དངུལ་རྫོང》 165.《བྱང་བ་མོའི་ཡུལ་གྱི་དངུལ་རྫོང》 166.《 མེ་ཏོག་ལྷ་ཡི་སྤོས་རྫོང》 167.《ས་སྟེང་དཔོན་པོའི་ཤེལ་རྫོང》 168.《ཉི་ཤར་ཐང་གི་གསེར་རྫོང》 169.《རྒྱ་ཆོས་ཁྲི་ཁ་ཡི་ལི་རྫོང》 170.《བཙན་ཤར་གླིང་གཡུལ་འགྱེད》 171.《ནུབ་སྟག་ཁྲི་གཡུལ་འགྱེད》 172.《གངས་རི་སྨན་རྫོང》173.《རྒྱ་ནག་སྡེ་མང་ཁྲིམས་རྫོང》 174.《གཙང་བསམ་ཡས་གསེར་རྫོང》 175.《 འཇའ་ཕྱི་གླིང་གཡུལ་འགྱེད》 176.《 འཇའ་ནང་གླིང་གཡུལ་འགྱེད》 177.《བྱང་ཤུལ་བྲག་དམར་མཚལ་རྫོང》 178.《མདའ་རོང་ཡུལ་གྱི་རྟ་རྫོང》 179.《ལོ་རུལ་གྱི་འབྲས་ལྗོངས》 180.《འདམ་གླིང་གཡུལ་འགྱེད》 181.《བ་ཡན་བཙན་རིའི་མཚལ་རྫོང》 182.《བྱ་རི་རྟ་དཀར་དངུལ་རྫོང》 183.《དམྱལ་གླིང་དམ་པའི་ཆོས་ར》 184.《གནས་གླིང་དམ་པའི་ཆོས་ར》 185.《སྟོད་གླིང་གཡུལ་འཁྲུག》 187.《ཞིང་ཁམས་སྐྱེས་བུ་བྱོན་འགྲིམ》བཅས་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-02

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།