གཞུང་ལས་མཉེན་ཆས་ཀྱི་གསང་རྒྱ་གྲོལ་སྟངས(MicrosoftOffice2010)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Microsoft Office 2010ནི་མིག་སྔར་གསར་དུ་ཐོན་པའི་མཉེན་ཆས་ཤིག་ཡིན་ཏེ། བཀོལ་སྤྱོད་ཀྱི་བྱེད་ནུས་དེ་སྔར་ལས་ལྷག་པའི་ཕུན་སུམ་ཚོགས་པར་འགྱུར་ཡོད་པ་གདེང་ཚོད་ཐུབ། ཡིན་ནའང་ཝའེ་རོན་ཀུང་སིས་འདི་ཡོད་ཚད་རིན་མེད་སྒོས་གནང་བ་དཔེ་མི་སྲིད་དེ། དེ་ནི་ངེས་པར་དུ་ཤོག་སྒོར་བཏོན་ཏེ་ཉོ་དགོས་པ་ཞིག་ཡིན་པས། ད་ལྟ་དྲ་ཐོག་ཏུ་ཕབ་ལེན་བྱུང་བའི་མཉེན་ཆས་དེ་ཟླ་བ་གཅིག་ལས་བཀོལ་སྤྱོད་བྱེད་མི་ཐུབ་ལ། དུས་ཚོད་ཚང་རྗེས་ངེས་པར་དུ་བསྐྱར་འཇུག་བྱེད་དགོས་པ་ཡིན་པས་ཧ་ཅང་འུ་ཐུག་གི་ལས་ཀ་ཅིག་ཡིན་པས་འདིར་དེ་ཇི་ལྟར་གསང་རྒྱ་འགྲོལ་སྟངས་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
办公软件的破解方法
1 ​ངོ་སྤྲོད།

ཚང་མས་ཤེས་གསལ་ལྟརMicrosoft Office 2010ནི་མིག་སྔར་གསར་དུ་ཐོན་པའི་མཉེན་ཆས་ཤིག་ཡིན་ཏེ། བཀོལ་སྤྱོད་ཀྱི་བྱེད་ནུས་དེ་སྔར་ལས་ལྷག་པའི་ཕུན་སུམ་ཚོགས་པར་འགྱུར་ཡོད་པ་གདེང་ཚོད་ཐུབ། ཡིན་ནའང་ཝའེ་རོན་ཚང་གིས་འདི་ཡོད་ཚད་རིན་མེད་སྒོས་གནང་བ་དཔེ་མི་སྲིད་དེ། དེ་ནི་ངེས་པར་དུ་ཤོག་སྒོར་བཏོན་ཏེ་ཉོ་དགོས་པ་ཞིག་ཡིན་པས། ད་ལྟ་དྲ་ཐོག་ཏུ་ཕབ་ལེན་བྱུང་བའི་མཉེན་ཆས་དེ་ཟླ་བ་གཅིག་ལས་བཀོལ་སྤྱོད་བྱེད་མི་ཐུབ་ལ། དུས་ཚོད་ཚང་རྗེས་ངེས་པར་དུ་བསྐྱར་འཇུག་བྱེད་དགོས་པ་ཡིན་པས་ཧ་ཅང་འུ་ཐུག་གི་ལས་ཀ་ཅིག་ཡིན། དེས་ན་གཤམ་དུMicrosoft Office 2010མཉེན་ཆས་ཀྱི་གསང་རྒྱ་གྲོལ་སྟངས་ཤིག་རི་མོ་དང་སྦྱར་ནས་ངོ་སྤྲོད་བྱེད། སྤྱིར་མཉེན་ཆས་འདིའི་གསང་རྒྱ་གྲོལ་བ་ལ་ལག་ཆ་མང་པོ་ཞིག་ཡོད་མོད་ཕལ་ཆེ་བ་ཅུང་རྙོག་དྲ་ལྡན་པས་རྩིས་འཁོར་ལ་བྱང་ཆ་དེ་ཙམ་མེད་པའི་གྲོགས་པོ་ཚོས་ཧ་ཅང་གོ་དཀའ་བ་རེད། དེའི་རྐྱེན་གྱིས་གཤམ་གྱི་མཉེན་ཆས་འདི་ནི་ཧ་ཅང་བཀོལ་བདེ་བ་ཞིག་ཡིན་ཏེ། འདིར་བཤད་པའི་གོ་རིམ་ལྟར་སྒྲུབ་ཚེ་ལེགས་འགྲུབ་བྱུང་སྲིད་དོ།།

2 གསང་གྲོལ་གྱི་གོ་རིམ། 

གཅིག ཁྱོད་ཀྱི་ཕབ་ལེན་བྱས་ཟིན་པའིMicrosoft Office 2010དེ་རྩིས་འཁོར་དུ་སྒྲིག་འཇུག་བྱས་རྗེསOffice 2010 Toolkitམཉེན་ཆས་འདིའི་ཁ་འབྱེད་དགོས། མཉེན་ཆས་འདི་པའེ་ཏུའུ(百度)ནང་བཙལ་ན་རྙེད་ཐུབ། གཤམ་གསལ་ནིOffice 2010 Toolkitཐོག་མར་ཁ་འབྱེད་རྗེས་ཀྱི་རྣམ་པ་ཡིན།

1.jpg.jpg

གཉིས། Office 2010 Toolkitཞེས་པའི་མཉེན་ཆས་དེའི་ཁ་འབྱེད་རྗེས་ཐོག་མར་གོང་གིMainཞེས་པའི་དབྱིན་ཡིག་སྟེང་གནོན་པ་དང་དེ་དང་ཆབས་ཅིགez-activatorཞེས་པ་ནས་མནན་རྗེས་སྒུག་པས་ཆོག མཉེན་ཆས་འདི་སྒྲིག་འཇུག་བྱེད་དུས་རབ་ཡིན་ན་དུག་སེལ་མཉེན་ཆས་ཀྱི་སྐོར་ཁ་རྒྱག་དགོས་ལ། དེ་མིན་ནང་འཇུག་ཐད་བར་ཆད་བཟོ་ངེས་ཡིན།

2.jpg.jpg

གསུམ། གོང་གི་གོ་རིམ་དེ་དག་བརྒྱུད་རྗེས་གཤམ་གསལ་ལྟར་མཐོང་ལ། དབྱིན་ཡིག་ལྗང་ཁུ་འགའ་བཏོན་པ་དེ་ནི་མཉེན་ཆས་རང་འགུལ་ནས་གསང་རྒྱ་གྲོལ་བཞིན་པའི་སྐབས་ཡིན་ལ། ཁྱོད་ཀྱིས་སྒུག་བསྡད་པས་ཆོག

3.jpg.jpg

བཞི། ཅུང་ཙམ་སྒུག་རྗེས་མཉེན་ཆས་ཀྱི་ཡི་གེ་ལྗང་ཁུ་བཏོན་པའི་གནས་དེའི་མཇུག་མཐརoffice 2010 Was successfully activatedཞེས་དབྱིན་ཡིག་ཅིག་བྱུང་སྲིད་དེ། དེ་དུས་གསང་རྒྱ་གྲོལ་ཟིན་པ་ཡིན་པས་ཐད་ཀར་སྒོ་གཏད་པས་ཆོག

4.jpg.jpg

ལྔ། Office 2010 Toolkitམཉེན་ཆས་ཀྱི་སྒོ་གཏད་རྗེསoffice 2010མཉེན་ཆས་འགོ་སློང་བྱས་ཏེ་གཡས་ངོས་ཀྱི་ཡིག་ཆ་ཞེས་པའི་སྟེང་གནོན་དགོས།

5.jpg.jpg

དྲུག དེ་ནས་གཡས་ངོས་ཀྱི་སྒེའུ་ཁུང་རེའུ་མིག་སྟེང་གི་ཡི་གེ་རོགས་སྐྱོར་ཞེས་པ་ནས་མནན་ཏེ་གསང་རྒྱ་གྲོལ་ཡོད་མེད་ལ་བལྟ་ཆོག གཡོན་ངོས་ཀྱི་རྒྱའི་ཡིག་འབྲུ་དེ(激活的产品)ཞེས་པར་འགྱུར་ཡོད་ཚེ་གསང་རྒྱ་གྲོལ་ཟིན་པ་ཡིན་ནོ།།

6.jpg.jpg



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-14

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།