གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཡིག་ཡིག་གཟུགས་རྙིང་པ་རྣམས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་བརྗེ་བསྒྱུར་བྱ་ཚུལ་ནི་དུས་རྒྱུན་འཚོ་བའི་ཁྲོད་དུ་ང་ཚོ་རྒྱུན་དུ་འཕྲད་བཞིན་པའི་གནད་དོན་ཞིག་ཡིན་ལ་འདི་རུ་ཡིག་གཟུགས་རྣམས་ཇི་ལྟར་གཅིག་གྱུར་གསར་རྟགས་ཅན་དུ་བསྒྱུར་རྒྱུའི་སྐོར་ཞིབ་ཏུ་གླེང་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
统一密码型藏文
1 བརྗེ་བསྒྱུར་བྱེད་ཐབས།

གལ་སྲིད་ཁྱོད་ཀྱིས་གཤམ་གསལ་གྱི་ལམ་སྟོན་ཁག་ལག་ལེན་ཚུལ་བཞིན་བྱས་ན། གློག་ཀླད་ཐོག་ཡིག་གཟུགས་གསར་རྙིང་བརྗེ་བསྒྱུར་བྱེད་པ་ནི་ཁྱོད་རང་ཉིད་ཀྱིས་བྱེད་ཐུབ་པ་ཞིག་རེད། ཁྱོད་ལ་བོད་ཡིག་གི་ཡིག་གཟུགས་རྙིང་པ་སྟེ། དཔེར་ན་གཡུ་མཚོ་དང་སམ་བྷོ་ཊ། ཨེལ་ཊི་བེ་ཊན། ཊི་བེ་ཊན་མེ་ཤེན་ཝེབ་སོགས་ཀྱི་ནང་ཡིག་ཆ་ཡོད་པ་དེ་ཚོ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་བརྗེ་བསྒྱུར་བྱེད་ན། ཐོག་མར་ཁྱོད་ཀྱི་གློག་ཀླད་ཀྱི་མཉེན་ཆས་དེ་ནིwindowsགསར་པ(Vista) ཡིན་དགོས་ལ། དེའི་ནང་རང་གི་ཡིག་ཆ་རྙིང་པ་རྣམས་བྲིས་པའི་ཡིག་གཟུགས་རྙིང་པ་དེ་གསར་འཇུག་བྱེད་དགོས།

དེ་ནས་ཁྱོད་ཀྱིསgoogle(www.google.com) གྱི་ནང་ནསUDP Tibetanཞེས་འཚོལ་བའམ་ཡང་ན་ཟུར་གསལ་གྱི་དྲ་གནས་ཀྱི་ཁ་བྱང(http://udp.leighb.com/) བརྒྱུད་དེ། གཅིག་གྱུར་གསང་རྟགས་ཡིག་ཆ་བཟོ་ཐབས་ཟེར་བའི་མཉེན་ཆས (The Unicode Document Processor) དེ་ཕབ་ལེན་བྱེད་དགོས། དྲ་གནས་དེའི་ཐོག་སླེབས་དུས་ཁྱོད་ལ་དགོས་མཁོ་ཆེ་བའི་གནས་ཚུལ་མང་པོ་ཡོད་པ་དང༌། ལྷག་པར་ཟུར་གྱི་རེའུ་མིག་དམར་པོ་ཡོད་པའི་གནས་ཚུལ་དེ་ཚོ་ཀློག་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད།

1.jpg.jpg

པར་རིས1-1 གཅིག་གྱུར་གསང་རྟགས་ཡིག་ཆ་བཟོ་ཐབས་ཟེར་བའི་མཉེན་ཆས།

1.གྲ་སྒྲིག

གལ་ཆེ་ཤོས་ནིDownload UDPཟེར་བ་འདི་ཕབ་ལེན་བྱེད་དགོས་པ་ཡིན་ཞིང༌། དེར་བསྣུན་ཐེངས་གཅིག་གིས་ཤོག་ངོས་གསར་པ་ཞིག་གི་ཁ་འབྱེད་ལ། དེའི་ནང་མཉེན་ཆས་རིགས་ཁ་ཤས་ཕབ་ལེན་བྱེད་ཆོག་པ་ལས། ཡག་ཤོས་ནིDownload the complete UDP packageཟེར་བ་འདི་ཡིན། དེ་ལ་བསྣུན་ཐེངས་གཅིག་གིས་ཕབ་ལེན་གྱི་མགོ་འཛུགས་ལ། ཕབ་ལེན་མ་བྱས་གོང་དུ། སྔོན་བརྡ་བཏང་ནས་མཉེན་ཆས་འདི་ལེན་ངེས་ཅན་ཡིན་ནམ་ཟེར་བ་ལ། ཁྱོད་ཀྱིས་ཡིན་ཞེས་བདམས་ནས་ཕབ་ལེན་བྱེད་དགོས།

2.jpg.jpg

པར་རིས1-2 UDPཕབ་ལེན་བྱེད་སྟངས་སྣ་ཚོགས།

དེ་ནསVistaགསར་པའི་ནང་ཁྱོད་ཀྱིས་འདི་ཏན་ཏན་ལེན་གྱི་ཡིན་ནམ་ཞེས་རེའུ་མིག་བཏོན་ཡོང༌། དེར་ཁྱོད་ཀྱིས་ལེན་ཆུགས་ཞེས་པའི་དབྱིན་ཡིགAllowབདམས་ནས་ལེན་དགོས་པ་རེད།

དེ་རྗེསUDPམཉེན་ཆས་གསར་པའི་གན་རྒྱའི་ཡིག་ཆ་སྟོན་པའི་རེའུ་མིག་ཅིག་ཐོན་ཡོང་ལ། དེ་ལ་ངས་ངོས་ལེན་བྱེད་ཀྱི་ཡིན་ཟེར་བI Accept དེ་འདེམ་དགོས་པ་རེད།

3.jpg.jpg

པར་རིས1-3 མཉེན་ཆས་གསར་པའི་གན་རྒྱའི་ཡིག་ཆ་དང་འཇུག་ས་སྟོན་པའི་རེའུ་མིག

དེ་ནས་ཡང་རེའུ་མིག་ཅིག་བསྟན་ནས་མཉེན་ཆས་གསར་པ་འདིའི་མཚོན་རྟགས་གློག་ཀླད་ཀྱི་མདུན་དུ་འཇོག་རྒྱུ་ཡིན་ནམ་ཞེས་དྲི་བ་འདོན་པ་དེར་ཡང་ཡིན་ཞེས་ལན་བཏབ་ཆོག དེའི་རྗེས་སུ་རེའུ་མིག་ཅིག་སླེབས་པ་དེ་ལ་ཡང་འགྲིག་ཅེས་ལན་འདེབས་ཆོག ཡང་རེའུ་མིག་ཅིག་ཤར་བ་དེ་ལ་ཡང་འགྲིག་ཅེས་ལན་འདེབས་དགོས། དེ་རྗེས་རེའུ་མིག་ཅིག་ཤར་ནས་མཉེན་ཆས་གསར་པ་དེ་གློག་ཀླད་ནང་བཅུག་ཟིན་པ་དང་ཁྱོད་ཀྱིས་དེ་བེད་སྤྱོད་བྱེད་ཀྱི་ཡིན་ནམ་ཞེས་དྲི་བ་གཏོང༌། དེ་ལ་ཡང་འགྲིག(Runགནོན་པ)ཅེས་ལན་བཏབ་ནས་མཉེན་ཆས་གསར་པ་དེ་བེད་སྤྱོད་བྱེད་དགོས་པ་རེད། གལ་སྲིད་ཅི་ཡང་མ་ཐོན་ན་ཤེལ་སྒོའི་འདབས་ངོས་ཀྱི་མཐའ་བྱང་ཐོག་ང་ཀློག་དང་ཅེས་པའི་དབྱིན་ཡིག་“ReadMe.udp” ཡོད་མེད་ལ་གཟིགས་དང༌། དེ་འདྲ་ཡོད་ཚེ་དེ་ལ་བསྣུན་པ་བརྒྱུད་ཤོག་ངོས་དེ་མདུན་དུ་ལེན་དགོས་པ་རེད།

UDPམཉེན་ཆས་ཁ་ཕྱེ་དུས་སུ། ཐོག་མར་ཁྱོད་ཀྱིས་འདེམས་བྱང་ཁྲོད་དུ་ཡོད་པའི་འདམ་ཀOptionsཞེས་པ་བརྒྱུད་ནསFont… ཡིག་གཟུགས་འདེམ་དགོས་པ་རེད། Choose Unicodeཟེར་བ་དེ་ལ་བསྣུན་པ་བརྒྱུད་ནས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་དེ་འདེམས་ཐུབ།

4.jpg.jpg

པར་རིས1-4 UDPནང་གི་ཡིག་གཟུགས་འདམ་ཀའི་རེའུ་མིག

དེ་ཡང་ཧི་མ་ལ་ཡའི་ཡིག་གཟུགས་དེ་ཡོངས་གྲགས་དར་ཁྱབ་ཆེ་བརྟེན་དེ་བདམས་ན་ལེགས་སྙམ། ཡིག་གཟུགས་ཆེ་ཆུང་ཡང་ཨང་གྲངས20ལས་མ་ཉུང་བ་ཞིག་བདམས་ན་ཀློག་བདེ་པོ་ཡོད།

5.jpg.jpg

པར་རིས1-5 གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་འདེམས་པ།

དེ་རྗེསOKལ་བསྣུན་པ་དང་རེའུ་མིག་སྔོན་མ་དེར་སླེབས་ལ། དེའི་དཀྱིལ་དུ་ཁྱོད་ཀྱིས་ཡིག་གཟུགས་ཀྱི་མིང་དང་ཆེ་ཆུང་གསལ་ཡོད། གལ་ཆེ་ཤོས་དེའི་མདུན་གྱི་ཡི་གེ་ Unicodeཟེར་བའི་སྔོན་དེར་འདེམས་རྟགས་རྒྱག་རྒྱུ་བརྗེད་མི་རུང༌།

དེ་ནས་གཡོན་ཟུར་གྱིOKལ་བསྣུན་དགོས་ལ། འདི་ནས་ཁྱོད་ཀྱིUDPམཉེན་ཆས་དེ་བེད་སྤྱོད་བཏང་ཆོག་པ་བཟོས་པ་རེད།

6.jpg.jpg

པར་རིས1-6 Unicodeཟེར་བའི་སྔོན་དེར་འདེམས་རྟགས་རྒྱག་པ།

2.བོད་ཡིག་ཡིག་ཆ་བརྗེ་བསྒྱུར་བྱེད་པ། 

ད་ནི་ཁྱོད་ཀྱི་ཡིག་གཟུགས་རྙིང་པ་ཅན་གྱི་བོད་ཡིག་ཡིག་ཆ་དེ་ཁ་འབྱེད་དགོས།

7.jpg.jpg

པར་རིས1-7 ཡིག་གཟུགས་རྙིང་པ་ཅན་གྱི་བོད་ཡིག་ཡིག་ཆ།

དེ་ཡང་ཡིག་གཟུགས་རྙིང་པ་དེ་ཁྱོད་ཀྱི་གློག་ཀླད་དུ་ཡོད་དགོས་རྒྱུ་དེ་བརྗེད་མི་རུང༌། འདི་ནི་ཁྱོད་ཀྱིས(Microsoft Word)བེད་སྤྱོད་བྱེད་དགོས་པ་དང་། ཁྱོད་ཀྱིས Microsoft Wordནས་ཐད་ཀརUDPམཉེན་ཆས་ནང་བརྗེ་སྒྱུར་བྱེད་མི་ཐུབ། དེས་ན། ཁྱོད་ལ་མཉེན་ཆས་བར་མ་ཞིག་དགོས། དེ་ནི་ཡི་གེ་བྲི་བྱང་སྟེWordPadཟེར་བ་དེ་ཡིན། དེ་ནི་ཁྱོད་ཀྱི་གློག་ཀླད་ནང་ཡོད་པ་རེད།     ད་ནི་ཁྱོད་ཀྱིས་ཡིག་གཟུགས་གསར་རྙིང་བརྗེ་སྒྱུར་བྱེད་རྒྱུའི་གྲ་སྒྲིག་ཚང་མ་བྱས་ཚར་པ་རེད། ཐོག་མར་ཁྱོད་ཀྱིསMicrosoft Wordནང་དུ་ཡོད་པའི་ཡིག་ཆ་དེ་ངོ་བཤུས་བྱས་ཏེWordPadནང་དུ་འཇོག་དགོས།  

8.jpg.jpg

པར་རིས1-8 ཁྱོད་ཀྱི་ཡིག་ཆ་རྣམསWordPadནང་དུ་འཇོག་པ།

གལ་སྲིདWord Padནང་ཡོད་པའི་བོད་ཡིག་དེར་སྟོང་ཆ་འཕར་མ་ཡོད་པ་སོགས་འདུག་ན། དེ་ལ་ཐུགས་ཁྲལ་གནང་མི་དགོས། དེ་ཚོUDPམཉེན་ཆས་ནང་ཡོང་བ་མ་རེད། དེ་ནས་ཁྱོད་ཀྱིས་ཡིག་ཆ་དེ་ཚོ་སླརUDPམཉེན་ཆས་ནང་ཕབ་དགོས། དེ་དུས་ཁྱོད་ཀྱིས་རང་གི་ཡིག་ཆ་རྣམས་ཁྱོད་ཀྱིས་སྔོན་ལ་བདམས་ཟིན་པའི་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་རང་བཞིན་གྱིས་འགྱུར་འགྲོ་བ་རེད།  

9.jpg.jpg

པར་རིས1-9 གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་རང་བཞིན་གྱིས་འགྱུར་འགྲོ་བ།

དེ་ནས་དེ་ཚོ་བསྐྱར་དུ་ངོ་བཤུས་བྱས་ཏེMicrosoft Wordནང་ལ་འཇོག་དགོས་པ་དང་། ད་ནི་བདེ་ལེགས་ངང་ཁྱོད་ཀྱི་ཡིག་ཆ་རྣམས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་བརྗེ་བསྒྱུར་བྱས་པ་ལེགས་གྲུབ་བྱུང་སོང་བ་རེད།སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-12

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།