ཅོག་ཙེ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཅོག་ཙེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

ཅོག་ཙེ།
ཐོག་ལ་ཟས་སྣོད་འཇོག་བྱེད་ཀྱི་རྒྱུན་བཀོལ་ཡོ་བྱད་ཅིག
1 ལོ་ཙཱ།

རྒྱ་ཡིག 桌子

དབྱིན་ཡིག table

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཐོག་ལ་ཟས་སྣོད་འཇོག་བྱེད་ཀྱི་རྒྱུན་བཀོལ་ཡོ་བྱད་ཅིག་སྟེ། ཅོག་ཙེ་གྲུ་བཞི་མ། ཅོག་ཙེ་ཚོན་རིས་མ་ཞེས་པ་ལྟ་བུ། མིང་བསྡུས་ན་ཅོག་ཅེས་འབྲི་ཆོག་སྟེ། མདུན་ཅོག ཅོག་རིང་། ཟུར་ཅོག་ཅེས་པ་སོགས་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ﹝汉﹞ལྕོག་ཙེའམ་རྒྱ་ཅོག་ལྟ་བུ། 桌子,亦作 ལྕོག་ཙེ།  རྒྱ་ཅོག

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  [རྒྱ]ཕོར་པ་སོགས་འཇོག་སྟེགས་རིང་པོའམ་གྲུ་བཞི།  长桌,方桌:རྒྱ་ཅོག 矮方桌。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ཟུར་ཆག སྟེང་དུ་ཟས་སྣོད་འཇོག་སའི་རྒྱུན་བཀོལ་ཡོ་བྱད་ཅིག་སྟེ། རྒྱ་སྐད་ཀྲོ་ཙི་ཟུར་ཉམས་པ་ལས་བྱུང་བཤད། མིང་བསྡུས་ན་ཅོག་ཅེས་འབྲི་ཆོག


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-02

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།