བརྗེད་ངས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བརྗེད་ངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སེམས་ཁམས་རིག་པ། )

བརྗེད་ངས།
ངོས་ཟིན་པའི་ཡིག་ཆ་དེ་ཡང་བསྐྱར་ངོས་འཛིན་དང་བསྐྱར་ཤར་མི་ཐུབ་པའམ་ཡང་ན་ཡང་བསྐྱར་ངོས་འཛིན་དང་བསྐྱར་ཤར་ལ་ནོར་འཁྲུལ་བྱུང་བའི་སྣང་ཚུལ་ཚང་མ་བརྗེད་ངས་སུ་གཏོགས། སླ་མོར་བཤད་ན་དྲན་པ་ཉམས་པ་ནི་བརྗེད་ངས་ཡིན། དེ་ལ་གཏན་དུ་བརྗེད་ངས་དང་གནས་སྐབས་བརྗེད་ངས་གཉིས་ཡོད། གཏན་བརྗེད་ནི་ངོས་འཛིན་ཡང་དག་ཡིན་ལ་ཡིད་འཛིན་མི་དམ་པས་བརྗེད་པར་གྱུར་ནས་ཡང་བསྐྱར་ངོས་འཛིན་དང་བསྐྱར་ཤར་མི་ཐུབ་པ། དཔེར་ན། སྦྱངས་ཟིན་པའི་ཤེས་བྱ་བསྐྱར་སྦྱོངས་སོགས་མ་བྱས་པར་གཏན་དུ་བརྗེད་པ་ལྟ་བུ། གནས་སྐབས་བརྗེད་ངས་ནི་ངོས་འཛིན་ཡང་དག་ཡིན་ལ་ཡིད་འཛིན་དམ་མོད་འོན་ཀྱང་ཡང་བསྐྱར་ངོས་འཛིན་དང་བསྐྱར་ཤར་མི་ཐུབ་པ། དཔེར་ན། མི་ངོ་ཤེས་ཡིན་ཀྱང་གནས་སྐབས་སུ་མིང་ནས་འབོད་མ་ཐུབ་པ་ལྟ་བུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
遗忘
ཕྱི་ཡིག་གི་མིང་།
forgetting
རྐྱེན།
ཀླད་པ།
1 བྱུང་རྐྱེན།

སྐྱེ་ལུགས་ཕྱོགས་ཀྱི་རྒྱུ་མཚན་དང་སེམས་ཁམས་ཕྱོགས་ཀྱི་རྒྱུ་མཚན་གཉིས་ཡོད་དེ། སེམས་ཁམས་ཕྱོགས་ནས་གཙོ་བོ་གཉིས་ཡོད་ལ། གཅིག་ནི་ཡལ་སྨྲ་བ་ནི་ཆ་བཞག་རིགས་འདིའི་འདོད་པར་བརྗེད་ངས་ནི་དྲན་པའི་རྗེས་ཤུལ་ཤུགས་ཇེ་དྲག་ཏུ་མ་སོང་བས་རིམ་གྱིས་ཉམས་ནས་ཐ་ན་ཆེས་མཇུག་ཏུ་ཡལ་བའི་འབྲས་བུ་བྱུང་བ་ལ་ཟེར་ཏེ་ཆ་བཞག་འདིའི་སྤྱིར་བཏང་དུ་གཏན་དུ་བརྗེད་པའི་རྒྱུ་མཚན་འགྲེལ་བཤད་བྱེད་པ་ཡིན། གཉིས་པ་ནི་འགལ་རྐྱེན་སྨྲ་བ་ནི་ཆ་བཞག་རིགས་འདིའི་འདོད་པར་བརྗེད་ངས་ནི་ཕྱི་ནང་གི་གནོད་པའི་རྒྱུ་རྐྱེན་ནམ་འགལ་རྐྱེན་ཐེབས་ནས་དྲན་པའི་རྗེས་ཤུལ་བཟོད་གཅུན་གྱི་འབྲས་བུ་བྱུང་བ་ལ་ཟེར་ཏེ་གལ་ཏེ་འགལ་རྐྱེན་སེལ་ཞིང་བཟོད་གཅུན་གྲོལ་ན་དྲན་པ་སླར་གསོ་བྱ་ཐུབ།

2 ​འཕེལ་རིམ།

ཨའེ་པིན་ཧའོ་སི་ཡིས་ཐོག་མར་བརྗེད་ངས་སྣང་ཚུལ་ལ་མ་ལག་ལྡན་པའི་ཞིབ་འཇུག་བྱས། ཁོའི་བརྗེད་ངས་འཁྱོག་ཐིག་གིས་ར་སྤྲོད་པར་ངོན་ཟིན་རྗེས་ཀྱི་དུས་ཐུང་ངུའི་ནང་བརྗེད་ངས་མགོ་བརྩམས་པ་ཡིན་ལ་དེའི་འཕེལ་རིམ་ནི་སྙོམ་པ་ཞིག་མིན་པར་སྔ་མགྱོགས་རྗེས་དལ་ཡིན། དེ་འབྱུང་བའི་ཤུགས་རྐྱེན་ཡོད་དེ། གཅིག ངོས་འཛིན་པའི་ཡིག་ཆའི་དོན་སྙིང་དང་ནུས་པ།1111.jpg.jpg ཞིབ་འཇུག་ལས་བྱུང་བར་མིའི་ཐོག་མར་བརྗེད་པ་ནི་རང་ཉིད་ལ་དོན་སྙིང་གལ་ཆེན་མེད་པ་དང་དགོས་མཁོར་མི་མཐུན་པ། འདུན་པ་མེད་པའི་བྱ་བ་དང་སློབ་གཉེར་ཐོག་ཏུ་གོ་གནས་གལ་ཆེན་མེད་པའི་ཡིག་ཆ་ཡིན། གཉིས་ནི་ངོས་འཛིན་ཡིག་ཆའི་རང་བཞིན། བྱང་བའི་འགུལ་སྟངས་དང་སྣང་བརྙན་ཅན་གྱི་ཡིག་ཆ་བརྗེད་པ་ཅུང་དལ། དོན་སྙིང་མེད་པའི་ཡིག་ཆ་དེ་དོན་སྙིང་ཡོད་པའི་ཡིག་ཆ་ལས་བརྗེད་པ་མགྱོགས། གསུམ་ནི་ངོས་འཛིན་ཡིག་ཆའི་གྲངས་ཚད། སྤྱིར་བཤད་ན་འདྲ་མཚུངས་ཀྱི་ངོས་འཛིན་ཆུ་ཚད་ལ་ཐོན་ན་ཡིག་ཆ་ཅི་ཙམ་མང་ན་ཆ་མཉམ་དུ་སྤྱོད་པའི་དུས་ཚོད་དམ་གྱེར་འདོན་བྱེད་ཇེ་མང་ཡིན། བཞི་ནི་ཡིག་ཆའི་སྒྲིག་རིམ་གྱི་གོ་གནས། སྤྱིར་བཏང་གི་གནས་ཚུལ་འོག་ཡིག་ཆའི་མགོ་མཇུག་ཡིད་ལ་འཛིན་སླ་ལ་བར་གྱི་ཁག་དེ་སྔོན་མཇུག་གི་ཡིག་ཆའི་འགལ་རྐྱེན་ཐེབས་པས་བརྗེད་སླ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-16

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།