འདེམ་སྦྱོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདེམ་སྦྱོང་།
བསླབ་ཚན་གསར་བའི་བཅོས་སྒྱུར་ཁྲོད་ཀྱི་མིང་ཚིག་གསར་བ་ཞིག་ཡིན་ལ། བསླབ་ཚན་སྒྲིག་གཞིའི་ཁྲོད་ཀྱི་བསླབ་ཚན་རིགས་གཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
选修
ཕྱི་ཡིག་གི་མིང་།
take as an elective course
འགྲེལ་བ།
རང་ཉིད་ཀྱིས་འདེམ་ནས་སྦྱངས་ཆོག་པ།
1 ​ངོ་སྤྲོད།

སློབ་མས་ངེས་སྦྱོང་བསླབ་ཚན་གྱི་ནང་དོན་བསླབས་ཚར་རྗེས། འདེམ་སྦྱོང་བསླབ་ཚན་ལའང་རྨང་གཞིའི་རང་བཞིན་ལྡན་དགོས་མོད། སློབ་མར་གདམ་ག་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་པ་དང་། རང་གཤིས་ལྡན་པའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ནི་དེ་བས་ཀྱང་གལ་ཆེའོ།། འདེམ་སྦྱོང་ལ་སློབ་དུས་གཅིག་གི་དུས་ཚོད་སུམ་ཆའི་གཅིག་སྤྱོད་དགོས།

འདེམ་སྦྱོང་བསླབ་ཚན་གྱི་ནང་དོན་དེ་དག་ཀྱང་དུས་མ་འགའ་རུ་བགོས་ནས་འཆར་འགོད་བྱས་ཆོག སློབ་གྲྭས་དེབ་རེའི་བསླབ་ཚན་གྱི་དམིགས་ཚད་ལྟར། སློབ་གྲྭ་རང་གི་བསླབ་ཚན་གྱི་ཐོན་ཁུངས་དང་། སློབ་མའི་དགོས་མཁོ། སློབ་གྲྭ་རང་གི་གནས་ཚུལ་དངོས་བཅས་གཞིར་བཟུང་སྟེ། གདམ་ག་ཡོད་པའི་སྒོ་ནས་དུམ་ཆ་འཆར་འགོད་བྱས་ཏེ་འདེམ་སྦྱོང་བསླབ་ཚན་བཀོད་སྒྲིག་དང་ལག་བསྟར་བྱེད་དགོས། འཚོ་བ་དངོས་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་སྣང་བྱས་ཏེ། སྤྲོ་སྣང་ཡོད་པའི་གནད་དོན་ལ་བསམ་གཞིག་བྱེད་པ་དང་། འབྲེལ་ཡོད་ཀྱི་བསྟན་བཅོས་ལ་ཟུར་ལྟ་བྱས་ནས། དེང་རབས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གནད་དོན་དང་། རང་གཞན་ཕྱི་ནང་གི་རིག་གནས་སྣང་ཚུལ་ལ་དབྱེ་ཞིབ་དང་འགྲེལ་བཤད་བྱེད་པར་སློབ་སྦྱོང་བྱེད་དགོས་ལ། སྔོན་ཐོན་རིག་གནས་ཁྱབ་སྤེལ་དང་བརྗེ་རེས་བྱེད་པར་ཞུགས་ཅི་ཐུབ་བྱས་ནས། རང་ཉིད་ཀྱི་བསམ་གཞིག་དང་། བརྗེ་རེས་ཀྱི་ནུས་པ། ངོས་འཛིན་གྱི་ཆུ་ཚད་བཅས་ཇེ་མཐོར་གཏོང་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-03

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།