ངེས་སྦྱོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ངེས་སྦྱོང་།
བསླབ་ཚན་གསར་བའི་བཅོས་སྒྱུར་ཁྲོད་ཀྱི་མིང་ཚིག་གསར་བ་ཞིག་ཡིན་ལ། བསླབ་ཚན་སྒྲིག་གཞིའི་ཁྲོད་ཀྱི་བསླབ་ཚན་རིགས་གཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
必修
ཕྱི་ཡིག་གི་མིང་།
compulsory
འགྲེལ་བ།
རང་ཉིད་ཀྱིས་ངེས་པར་དུ་སྦྱངས་དགོས་པའི་བསླབ་ཚན།
1 ​ངོ་སྤྲོད།

སྤྱི་ལོ2004ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་མཐོ་འབྲིང་དཀྱུས་མའི་བསླབ་ཚན་ཚད་གཞི་གཏན་འཁེལ་ཁྱབ་བསྒྲགས་བྱས་ལ། གཏན་འཁེལ་ལྟར་ངེས་པར་དུ་སྦྱངས་དགོས་པ་དང་ལྷག་པར་བསླབ་གནས་ལེན་པ་དང་མཐར་ཕྱིན་རྟགས་ཚད་དུ་ཐོན་དགོས་ན་ངེས་པར་དུ་སྦྱངས་དགོས་པ་རེད། ངེས་སྦྱོང་དང་འདེམ་སྦྱོང་ནི་བསླབ་ཚན་འཆར་གཞི་ཁྲོད་རེ་བ་བཏོན་པའི་རིགས་གཉིས་ཡིན་ལ། དེའི་རིན་ཐང་གཙོ་བོ་ནི་སློབ་མའི་གསོ་སྐྱོང་དང་འཕེལ་རྒྱས་ཀྱི་ཐུན་མོང་གི་རང་བཞིན་རེད། འདེམ་སྦྱོང་གིས་རིན་ཐང་གཙོ་བོ་ནི་སློབ་མའི་དགའ་ཕྱོགས་དང་སྤྲོ་སྣང་ཀྱི་འདོད་བློ་ཚིམ་པར་བྱེད་པ་དང་སློབ་མའི་སྒེར་གཤིས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན།  ངེས་སྦྱོང་བསླབ་ཚན་དུ་བསླབ་ཚན་གྱི་རྨང་གཞིའི་རང་བཞིན་དང་ཆ་སྙོམས་རང་བཞིན་འབུར་དུ་ཐོན་དགོས། སློབ་མས་ངེས་སྦྱོང་བསླབ་ཚན་བསླབས་ནས། བསམ་བློ་རིག་གནས་ཀྱི་ཆུ་ཚད་ལེགས་པོ་ཞིག་དང་། རིག་གནས་བཀོལ་སྤྱོད་ཀྱི་ནུས་པ་ཅུང་ལེགས་པོ་ཞིག་ལྡན་པར་བྱེད་དགོས་ལ། སློབ་དུས་གཅིག་གི་དུས་ཚོད་སུམ་ཆའི་གཉིས་ངེས་སྦྱོང་བསླབ་ཚན་དུ་སྤྱོད་དགོས་པ་དང་། འཆར་འགོད་དེ་ལྟ་བུ་ནི་སློབ་གྲྭས་བབ་བསྟུན་གྱིས་བསླབ་ཚན་བཀོད་སྒྲིག་བྱེད་པར་ཕན་ལ། སློབ་མའི་སློབ་སྦྱོང་གི་དགོས་མཁོ་སྣ་ཚོགས་སྐོང་བར་ཡང་ཕན་པར་མ་ཟད། སློབ་མས་རང་ཉིད་ཀྱི་གནས་ཚུལ་དངོས་གཞིར་བཟུང་ནས། དུམ་ཆ་རེའི་ནང་དོན་བདམས་ནས་སློབ་པ་དང་བསྐྱར་དུ་སློབ་པར་ཡང་སྟབས་བདེ་བཟོས་ཡོད། ངེས་སྦྱོང་བསླབ་ཚན་གྱི་དུམ་ཆ་སློབ་སྦྱོང་དེ་སློབ་དུས་ལྔའི་ནང་རིམ་གྱིས་ཡོངས་འགྲུབ་བྱས་ཆོག་ལ། དགོས་མཁོར་གཞིགས་ནས་བབ་བསྟུན་གྱིས་བཀོད་སྒྲིག་བྱས་ཀྱང་ཆོག སློབ་མས་ངེས་སྦྱོང་བསླབ་ཚན་གྱི་སྦྱངས་འབྲས་ནང་དོན་བསླབས་ཚར་རྗེས། བསླབ་ཚན་འདི་ཉིད་ཀྱི་སློབ་སྦྱོང་གི་རྩ་བའི་ལས་འགན་ཡོངས་འགྲུབ་བྱས་ཟིན་ལ། མཐོ་འབྲིང་དུས་རིམ་གྱི་ཚད་གཞི་ཆེས་དམའ་ཤོས་སུ་སླེབས་པ་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-04

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།