སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་དེ་འཐུས་ཚང་དུ་ཕྱིན་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ངོས་ཐད་ནས་བརྗོད་པ་ཡིན་ཏེ། མི་རབས་རྗེས་མར་སྔོ་ལྗང་ལྗང་གི་ཁོར་ཡུག་ཅིག་བསྐྲུན་ཆེད་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་གཞུག་ནས། ཁོང་ཚོར་སྐྱེ་ཁམས་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་ཞིག་ལོངས་སུ་སྤྱོད་དུ་འཇུག་པ་དེ་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ནང་དོན་གལ་ཆེན་ཞིག་ཡིན་ཏེ། མི་དམངས་ཀྱི་བདེ་སྐྱིད་དང་མི་དམངས་ཀྱི་མ་འོངས་བར་འབྲེལ་ཞིང་། “བགྲང་བྱ་བརྒྱ་ཟུང”གི་ཧུར་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་འདུན་མ་མངོན་འགྱུར་འབྱུར་བར་འབྲེལ་བ་དམ་པོ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཙིགས་ཆེན་དུ་བཟུང་སྟེ། སྔ་རྗེས་སུ་ཐབས་ཇུས་དང་བཀོད་འདོམས་གལ་ཆེན་རབ་དང་རིམ་པ་བཏོན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྐུལ་སྤེལ་ཐད་འཕེལ་རྒྱས་ཆེན་པོ་དང་འབྲས་བུ་གནད་དུ་སྨིན་པ་ཐོན། 2012ལོའི་ཟླ11པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ཞིག་གི་སྣེ་བཟུང་ནས“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱ་ཆེན་པོར་སྐུལ་སྤེལ”གྱི་འཐབ་ཇུས་བཏོན་པ་རེད། 2015ལོའི་ཟླ5པར། 《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྐུལ་སྤེལ་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས། 2015ལོའི་ཟླ10པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་ཐེངས་དང་པོར་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ཁྲོད་བཀོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生态文明建设
ཀྲུང་གོའི་འདུན་མ།
མཛེས་པའི་ཀྲུང་གོ།
ཕྱི་ཡིག་གི་མིང་།
The construction of ecological civilization
རིག་གནས་བསྐྱར་དར།
འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ། སྲོལ་ལུགས་ལྟ་ཚུལ། འཕེལ་རྒྱས་ལྟ་ཚུལ།
འགོ་ཚུགས་དུས།
2012ལོའི་ཟླ11པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ།
དགོངས་དོན།
འཆམ་མཐུན་སྒོས་མཉམ་འཚོ་དང་། ཚུལ་མཐུན་གྱི་འཁོར་རྒྱུག ཁྱོན་ཡོངས་ཀྱི་འཕེལ་རྒྱས།
ཕུགས་ཀྱི་དམིགས་འབེན།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར།
འཕེལ་རྒྱས་ཁ་ཕྱོགས།
མི་གཤིས་ཀྱི་དཔལ་ཡོན་དང་། སྐྱེ་ཁམས་ཀྱི་དཔལ་ཡོན། ཐོན་ལས་ཀྱི་དཔལ་ཡོན།
འཕེལ་རྒྱས་དཔེ་དབྱིབས།
ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འཕེལ་རྒྱས་དཔེ་དབྱིབས།
འཕེལ་རྒྱས་དགོངས་སྙིང་།
སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ།
1 སྙན་ཞུའི་མ་ཕྱི།

གཅིག  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་མ་ཕྱི།

སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཤུགས་ཆེར་སྒོས་སྤེལ་བ།

སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ནི་མི་དམངས་ཀྱི་བདེ་སྐྱིད་ལ་འབྲེལ་བ་དང་། མི་རིགས་ཀྱི་མ་འོངས་པ་དང་འབྲེལ་བའི་ཕུགས་ཀྱི་བྱུས་ཆེན་ཞིག་ཡིན།  ཐོན་ཁུངས་ཀྱི་ཚོད་འཛིན་ཇེ་དམ་དུ་འགྲོ་བ་དང་། ཁོར་ཡུག་གི་བཙོག་འགྱུར་ཚབས་ཆེན་ཡིན་པ། སྐྱེ་ཁམས་མ་ལག་ཇེ་ཞན་དུ་འགྲོ་བའི་གནས་བབ་ཚབས་ཆེན་བཅས་ལ་དམིགས་ནས། ངེས་པར་དུ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འཛིན་དགོས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འབུར་དུ་ཐོན་པའི་གནས་སུ་བཞག་སྟེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་འཁྱོལ་བར་བྱས་ནས། མཛེས་པའི་ཀྲུང་གོ་ཧུར་ཐག་གིས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཡུན་ནས་ཡུན་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་དུ་འགྱུར་དགོས།

ཐོན་ཁུངས་ལ་བསྲི་ཚགས་དང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཐོག བསྲི་ཚགས་དམིགས་སུ་འཛིན་པ་དང་། སྲུང་སྐྱོབ་དམིགས་སུ་འཛིན་པ། རང་བྱུང་བསྐྱར་གསོ་བཅས་གཙོས་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ལྗང་མདོག་འཕེལ་རྒྱས་དང་། འཁོར་སྤྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་སུ་ཤུགས་ཆེར་སྒོས་སྐུལ་སྤེལ་བྱས་ཏེ་ཐོན་ཁུངས་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་བཀོད་པ་དང་། ཐོན་ལས་སྒྲིག་གཞི། ཐོན་སྐྱེད་བྱེད་ཐབས། འཚོ་བ་རོལ་ཐབས་བཅས་གྲུབ་ཏུ་འཇུག་དགོས་ཤིང་། སྐྱེ་ཁམས་ཞན་འགྱུར་གྱི་འཕེལ་ཕྱོགས་མགོ་ཁུངས་ནས་བསྒྱུར་ཏེ་མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་། གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་ལ་མཛད་རྗེས་འཇོག་དགོས།

(གཅིག)རྒྱལ་ཁབ་ཀྱི་ཡུལ་ཁོངས་བར་སྟོང་འདོན་སྤེལ་བྱེད་པའི་བཀོད་པ་ཇེ་ལེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་ཡུལ་ཁོངས་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བར་སྟོང་གི་རྟེན་བྱེད་ཡིན་པས། ངེས་པར་དུ་རྒྱལ་ཁབ་ཀྱི་ས་ལག་མཐིལ་ཙམ་ལའང་གཅེས་སྤྲས་བྱེད་དགོས། རྒྱ་མཚོའི་དཔལ་འབྱོར་གོང་སྤེལ་དང་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྒོ་ནས་རྒྱ་མཚོའི་ཐད་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་བསྐྲུན་དགོས།

(གཉིས)ཐོན་ཁུངས་ཀྱི་བསྲི་ཚགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་དགོས། ཐོན་ཁུངས་ཀྱི་བསྲི་ཚགས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་བའི་ཐབས་ཇུས་ཡིན། ཐོན་ཁུངས་ཀྱི་བེད་སྤྱོད་ལ་བསྲི་ཚགས་དང་ལེགས་བསྡུས་བྱས་ནས་ནུས་ཁུངས་ཟད་གྲོན་གྱི་སྤྱིའི་གྲངས་ཚད་ཚོད་འཛིན་བྱེད་དགོས་ཤིང་། ནུས་སྲི་འཛད་ཆུང་ལ་ཤུགས་སྣོན་དང་། ཆུའི་སྐོར་སྤྱོད་ལ་སྐུལ་སྤེལ་བྱེད་དགོས།

(གསུམ) རང་བྱུང་སྐྱེ་ཁམས་མ་ལག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་ཚད་ཆེ་རུ་བསྐྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་མི་དང་སྤྱི་ཚོགས་རྒྱུན་མཐུད་ཀྱིས་འཕེལ་རྒྱས་འབྱུང་བའི་རྩ་བའི་རྨང་གཞི་ཡིན། ནགས་ཚལ་དང་མཚེའུ། བརླན་ས་བཅས་ཀྱི་རྒྱ་ཁྱོན་རྒྱ་བསྐྱེད་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས། ཆུ་བེད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཞང་གྲོང་གི་ཐན་སྐྱོན་དང་ཞོད་སྐྱོན་སྔོན་འགོག་གི་ནུས་པ་མཐོར་འདེགས་གཏོང་དགོས། གནོད་འགོག་གནོད་སེལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གནམ་གཤིས་དང་ས་གཤིས། ས་འགུལ་གྱི་གནོད་འཚེ་སྔོན་འགོག་གི་ནུས་པ་ཇེ་མཐོར་གཏོང་དགོས།

(བཞི)སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ནུས་ཁུངས་སྲི་ཚད་དང་། ཐཱན་གྱི་གཏོང་དབང་། བཙོག་དངོས་གྱི་གཏོང་དབང་། ཆུ་དབང་བཅས་ཀྱི་ཉོ་འཚོང་ཚོད་ལྟའི་གནས་ཧུར་ཐག་གིས་སྤེལ་དགོས།

ང་ཚོས་ངེས་པར་དུ་རང་བྱུང་ལ་རང་རྟོགས་སྒོས་གཅེས་སྤྲས་གང་ལེགས་དང་། ཧུར་ཐག་གིས་སྐྱེ་ཁམས་ལ་སྲུང་སྐྱོབ་གང་ལེགས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་དགོས།

གཉིས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ན་ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་དང་མ་ལག་འཐུས་ཚང་ཞིག་བསྐྲུན་དགོས་ཤིང་། ལམ་ལུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་སྤྱོད་སྒོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་སྲུང་ཐིག་དགར་བ་དང་། རིན་དོད་ཡོད་པའི་ཐོན་ཁུངས་བེད་སྤྱོད་ལམ་ལུགས་དང་སྐྱེ་ཁམས་ཁན་སྤྲོད་ལམ་ལུགས་ལག་ཏུ་བསྟར་ཐོག  སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་དོ་དམ་ནང་རྐྱེན་ལ་བཅོས་སྒྱུར་བྱེད་དགོས།

2 རྒྱལ་ཁབ་ཀྱི་དོན་སྙིང་།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་དེ་འཐུས་ཚང་དུ་ཕྱིན་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ངོས་ཐད་ནས་བརྗོད་པ་ཡིན་ཏེ། མི་རབས་རྗེས་མར་སྔོ་ལྗང་ལྗང་གི་ཁོར་ཡུག་ཅིག་བསྐྲུན་ཆེད་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་གཞུག་ནས། ཁོང་ཚོར་སྐྱེ་ཁམས་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་ཞིག་ལོངས་སུ་སྤྱོད་དུ་འཇུག་པ་དེ་ཡིན། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བཅས་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་ཁྱོན་ཡོངས་ལ་ཁ་ཕྱོགས་པའི་ངོས་ཐད་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རིགས་ལམ་གསར་བ་དང་ཐག་གཅོད་གསར་བ། བླངས་བྱ་གསར་བ་བཅས་རབ་དང་རིམ་པ་བཏོན་ཏེ། མཛེས་པའི་ཀྲུང་གོ་ཧུར་ཐག་གི་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཡུན་ནས་ཡུན་དུ་འཕེལ་རྒྱས་འབྱུང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་མངོན་འགྱུར་གྱི་ཐབས་ལམ་གསལ་བོར་བསྟན་པ་རེད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་མི་དང་རང་བྱུང་འཆམ་མཐུན་སྒོས་འཚོ་བ་དེ་མཚོན་པ་དང་། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ལ་རྩ་བའི་འགྱུར་ལྡོག་བྱུང་བ་མཚོན་ཐུབ། དེ་ནི་མི་དམངས་ཀྱི་བདེ་སྐྱིད་ལ་འབྲེལ་བ་དང་། མི་རིགས་ཀྱི་མ་འོངས་བར་འབྲེལ་བའི་ཕུགས་ཀྱི་བྱུས་ཆེན་ཞིག་ཡིན་པར་མ་ཟད། ཏང་དང་རྒྱལ་ཁབ་ཡོངས་ཀྱི་འཐབ་ཇུས་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

2015ལོའི་ཟླ9པའི་ཚེས11ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང《སྐྱེ་ཁམས་དཔལ་ཡོན་གྱི་ནང་རྐྱེན་བཅོས་སྒྱུར་གྱི་སྤྱིའི་འཆར་བཀོད》ལ་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་པས། སྐྱེ་ཁམས་ཁོར་ཡུག་བཅོས་སྒྱུར་གྱི་བྱ་བར་ཁྱོན་ཡོངས་ནས་བཀོད་འདོམས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་ནང་རྐྱེན་བཅོས་སྒྱུར་མགྱོགས་མྱུར་སྒོས་སྤེལ་བར་བརྩི་སྲུང་དང་ལག་ལེན་གྱི་མཛུབ་སྟོན་གལ་ཆེན་ཞིག་འདོན་སྤྲོད་བྱས།

2015ལོའི་ཟླ10པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་ཐེངས་དང་པོར་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ཁྲོད་བཀོད་པ་རེད།

3 རྩ་བའི་བླངས་བྱ།

བློ་མཐུན་ཞི་ཅིན་ཕིང་གིས་ལག་ལེན་གསར་བའི་དགོས་མཁོ་དང་ཟུང་དུ་སྦྲེལ་ནས། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་སྤེལ་བར་སྔར་ལས་ཕུན་སུམ་ཚོགས་པ་དང་། སྔར་ལས་འཐུས་ཚང་། སྔར་ལས་གསལ་བོ་ཡིན་པའི་མཛུབ་སྟོན་དགོངས་པ་དང་སྤྱིའི་བླངས་བྱ་བཏོན་ཐོག  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་འགའ་ཞིག་ལ་གཏིང་ཟབ་སྒོས་ལན་བཏབ་པ་རེད།

གཅིག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་འདོམས་གཏན་ལ་ཕབ་པ། གཉིས། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཡང་དག་སྒོས་ཐག་གཅོད་པ། གསུམ། སྐྱེ་ཁམས་ཀྱི་སྲུང་ཐིག་འདུ་ཤེས་བརྟན་པོར་འཛིན་པ། བཞི། ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་བུ་གསར་བ་འཚོལ་སྙེག་བྱེད་པ། ལྔ། མང་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་ཁོར་ཡུག་གི་གནད་དོན་འབུར་ཐོན་ཤུགས་ཆེར་ཐག་གཅོད་པ། དྲུག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་དང་མ་ལག་འཐུས་ཚང་དུ་གཏོང་བ།

4  རྩ་བའི་ཁྱད་ཆོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྩ་བའི་ཁྱད་ཆོས་སྐོར་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང།་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འབུར་དུ་ཐོན་པའི་གནས་སུ་བཞག་སྟེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། དེ་ལས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་དང་མཉམ་པོར་འཛུགས་སྐྲུན་ཆེན་པོ་ལྔ་རུ་གྲུབ་ཡོད་པ་མཚོན་ཡོད་པར་མ་ཟད། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ཁྲོད་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་། ལྟ་བ། ཐབས་ལམ་སྤྱོད་དགོས་པ་བསྟན་ཡོད།

4_1 སྲིད་ཇུས་བྱེད་ཕྱོགས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྲིད་ཇུས་བྱེད་ཕྱོགས་ཐད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། ཐོན་ཁུངས་ལ་བསྲི་ཚགས་དང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཐོག བསྲི་ཚགས་དམིགས་སུ་འཛིན་པ་དང་། སྲུང་སྐྱོབ་དམིགས་སུ་འཛིན་པ། རང་བྱུང་བསྐྱར་གསོ་བཅས་གཙོས་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་བླངས་བྱ་བཏོན།

4_2 ཐབས་ལམ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་ལམ་ཐད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། ལྗང་མདོག་འཕེལ་རྒྱས་དང་། འཁོར་སྤྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

5 འཐབ་ཇུས་འགན་འཁྲི།

སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་འཐབ་ཇུས་འགན་འཁྲིའི་ཐད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཚན་པ་བཞི་པར་བཏོན་པ་ལྟར་ན། ལེགས། བསྲི། སྲུང་། བསྐྲུན་བཅས་ཁག་བཞི་ཡོད་པ་རེད།

གཅིག  ལེགས་ཞེས་པ་སྟེ་རྒྱལ་ཁབ་ཀྱི་ཡུལ་ཁོངས་བར་སྟོང་འདོན་སྤེལ་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ།

གཉིས། བསྲི་ཞེས་པ་སྟེ་ཐོན་ཁུངས་ཀྱི་བསྲི་ཚགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པ།

གསུམ། སྲུང་ཞེས་པ་སྟེ་རང་བྱུང་སྐྱེ་ཁམས་མ་ལག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་ཚད་ཆེ་རུ་བསྐྱེད་པ།

བཞི། བསྐྲུན་ཞེས་པ་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ།

6 རྩ་བའི་དམིགས་འབེན།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྩ་བའི་དམིགས་འབེན་ཐད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། མཛེས་པའི་ཀྲུང་གོ་ཧུར་ཐག་གིས་འཛུགས་སྐྲུན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཡུན་ནས་ཡུན་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་དུ་འགྱུར་དགོས་ཞེས་པ་དང་། སྐྱེ་ཁམས་ཞན་འགྱུར་གྱི་འཕེལ་ཕྱོགས་མགོ་ཁུངས་ནས་བསྒྱུར་ཏེ་མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་། གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་ལ་མཛད་རྗེས་འཇོག་དགོས་ཞེས་པ། ངེས་པར་དུ་རང་བྱུང་ལ་རང་རྟོགས་སྒོས་གཅེས་སྤྲས་གང་ལེགས་དང་། ཧུར་ཐག་གིས་སྐྱེ་ཁམས་ལ་སྲུང་སྐྱོབ་གང་ལེགས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་དགོས་ཞེས་པ་བཅས་ནན་གྱིས་བསྟན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-27

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།